དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-12 08:33:09   |   406

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཚེས10ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་དུ་རྟོག་ཞིབ་གནང་།

  • མིག་སྔར། དཔྱིད་རྨོད་ཐོན་སྐྱེད་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་རྒྱལ་ཡོངས་སུ་འབྲུ་རིགས་མུའུ་དུང་ཕྱུར1.2བཏབ་ཡོད།

  • ཀྲུང་དབྱང་དངུལ་ཁང་གིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་དམངས་སྒོར་གྱི་གསར་སྣོན་བྱུང་བའི་དངུལ་བུན་སྒོར་དུང་ཕྱུར་ཁྲི10.6རེད། དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི2.27འཕར་ཡོད།

  • རྒྱལ་ཁབ་བསྡོམས་རྩིས་ཅུ་ཡིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་གི་སྟོན་གྲངས་ཆ་སྙོམས་བྱས་ན་ལོ་གོང་མའི་དུས་མཚུངས་ལས1.3%འཕར་ཡོད།

  • རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གིས།《རང་གྲུབ་རྣམ་པའི་མི་ཐབས་རིག་ནུས་ཞབས་ཞུའི(生成式人工智能服务)དོ་དམ་བྱེད་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས།

2.jpg

  • ཟླ3པར། ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་གྱིས་དངོས་ཟོག་ཚད་ལྡན་སྒམ་ཁྲི16.2སྐྱེལ་འདྲེན་བྱས། དུས་མཚུངས་ལས་52%འཕར་ཡོད།

  • ཕྱོགས་གཉིས་པོས་གྲོས་ཐག་བཅད་པ་བརྒྱུད། པར་ཙིར(巴西)རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལ་ཚེས12ནས་ཚེས15ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • ཚེས11ཉིན། ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་གྲ་སྒྲིག་ཁག་ཡག་པོ་བྱས་ནས་མྱུར་ཚད་མགྱོགས་ཤོས་ཀྱི་ཐོག་ནས་དོམ་ཁྲ“ཡ་ཡ”བདེ་འཇགས་ངང་རང་རྒྱལ་དུ་དབོར་རྒྱུ་ཡིན་ཞེས་བཤད་པ་རེད།

  • ཚེས10ཉིན། འཛམ་གླིང་དངུལ་ཁང་གི་ཧང་ཀྲང་མར་ཕ་སིས་སྔོན་དཔག་བྱས་ན2023ལོའི་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་སྡོམ་འབོར(GDP)འཕར་ཚད་དེ5%ལས་བརྒལ་རྒྱུ་རེད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་བར། ནང་སོག་གི་དབུས་ཤར་རྒྱུད་དང་། ཧྭ་བྱང(华北)། བྱང་ཤར་ས་ཁུལ། ཧོང་ཧོའེ(黄淮)དང་ཅང་ཧོའེ(江淮)སོགས་ཀྱི་དྲོད་ཚད་སྔ་རྗེས་སུ་ཏུའུ4ནས8བར་ཆག་རྒྱུ་དང་། ས་ཁུལ་ཁ་ཤས་ཀྱི་དྲོད་ཚད་ཆག་ཚདཏུའུ10ཡན་ཟིན་རྒྱུ་རེད།

  • ཟླ1པོ་ནས3པའི་བར། རང་རྒྱལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་སྐྱེད་དང་ཕྱི་བཙོང་བྱེད་ཚད་སོ་སོ་ཁྲི165དང་ཁྲི158.6སླེབས་ཡོད། ཁྲོམ་ར་བཟུང་ཚད26.1%ཡིན།

  • ཚེས11ཉིན། རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་ཡིས་སྨན་རྫས་དྲ་རྒྱའི་ཕྱིར་ཚོང་གི་དཔེ་མཚོན་གྱོད་གཞི་ཁག་གཅིག་ཡོངས་བསྒྲགས་བྱས།

3.jpg

  • ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱིས་བསྐྲུན་པའི་འཛམ་གླིང་གི་ཆེས་ཆེ་བའི་ནུས་རྒྱུ་གཙང་མའི་བར་ཁྱམས(清洁能源走廊)ཀྱི་གློག་ཁང་དྲུག་གིས་རིམ་རྩིས་བྱས་ན་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར556ཙམ་བཏང་བ་དང་། དུས་མཚུངས་ལས18%འཕར་ཡོད།

  • ཚེས11ཉིན་བར། ཀྲུང་ཧྭའི་རྐང་མར་མཛོད(中国骨髓库)ཀྱི་ཁྲག་རྒྱུད་མིན་པའི་ཁྲག་བཟོ་ཕྲ་ཕུང་གཙོ་བོ་ཞལ་འདེབས་འབུལ་ཚད15000ལས་བརྒལ་ཡོད་པ་རེད།

  • ཆེས་མཐོའི་མི་དམངས་ཁྲིམས་ཁང་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཨུ་ཡོན་ལག་བསྟར་ཅུ་ཡི་ཅུ་ཀྲང་མོང་ཞང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་ཚེས11ཉིན་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས། མོང་ཞང་ལ་དུས་བཀག་བཙོན་འཇུག་ལོ12བྱས་པ་རེད།

4.png

  • རང་རྒྱལ་གྱི་ཚན་ཞིབ་ཚོགས་པས་རྒྱལ་སྤྱིའི་མཉམ་ལས་བྱས་པ་བརྒྱུད། འཛམ་གླིང་ཐོག་གི་ཉ་གཤོག་ཆ་ཚང་ཉར་ཚགས་བྱེད་པའི་རྨོག་གི་ཉ་རིགས་ཀྱི་འགྱུར་རྡོ་ཐོག་མ་སྟེ། “ཝ་རྔ་དགུའི་ཉ(九尾狐甲鱼)”ཤེས་རྟོགས་བྱུང་བ་དང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཉེ་ཆར་སྤེལ་རྒྱུ་རེད། 

  • ཉེ་ཆར། ཡུན་ནན་ཉེན་རྟོག་ཕྱོགས་ཀྱིས་ཀུའེ་ཀྲོའུ་ཉེན་རྟོག་ཕྱོགས་དང་མཉམ་དུ་དུག་རྫས་སྐྱེལ་འདྲེན་གྱི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། དུག་རྫས་ཧེ་ལོ་ཡེན(海洛因)སྤྱི་རྒྱ16.06ཙམ་གཞུང་བཞེས་བཏང་བ་རེད།

5.jpg

  • སི་ཁྲོན་ཏེ་དབྱང་གི་རླངས་འཁོར་ཆུང་ཆུང་ཞིག་ལམ་འགྲམ་དུ་རང་འབར་བྱས་པ་དང་། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ལེའོ་ཧོ་རུང་གིས་འགྲུལ་པའི་མོས་མཐུན་ཐོབ་རྗེས། མེ་གསོད་འཕྲུལ་ཆས་འཁྱེར་ནས་འགྲིམ་འགྲུལ་ཉེན་རྟོག་པར་གཞོགས་འདེགས་སྒོས་མེ་གསོད་བྱས་པས། མེ་ཟོན་རོགས་སྐྱོབ་བྱ་བར་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས།

སྲིད་ཇུས།

  • པེ་ཅིང་གིས་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་ནུས་རྒྱུ་གྲོན་ཆུང་བྱེད་ཐབས་དག་ཐེར་གྱི་བླང་བྱ་དོན་འཁྱོལ་མི་བྱེད་པའམ། ཡང་ན་དག་ཐེར་གྱི་བླང་བྱ་དང་མི་མཐུན་པའི་ནུས་རྒྱུ་སྤྱོད་པའི་གཙོ་གནད་ལས་ཁུངས་ལ་སྒོར་ཁྲི10ཡན་ནས་ཁྲི30མན་གྱི་དངུལ་ཆད་གཅོད་རྒྱུ་ཁ་གསལ་བཏོན་ཡོད།

  • ལེའོ་ཉིང(辽宁)གིས་རང་བརྟེན་ལས་ཞུགས་བྱེད་མཁན་གྱི་རུ་འཁྱུར་དམག་མི་དེ་མཐོ་རྒྱུགས་དཀྱུས་མའི་ནང་ཞུགས་ཚེ། དེའི་གཅིག་གྱུར་རྒྱུགས་ལེན་གྱི་སྦྱངས་འབྲས་སྤྱིའི་སྐར་གྲངས་ཀྱི་རྨང་གཞིའི་ཐོག་སྐར་མ10མང་དུ་བཏང་ནས་འདོད་བློ་འབྲི(志愿投档)ཆོག་པ་ཁ་གསལ་བཏོན་ཡོད།

  • ཐེན་ཅིན(天津)གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་ལ་འཁྱགས་སྒམ་དང་། དྲོད་སྙོམས་འཕྲུལ་ཆས(空调)། གོས་འཁྲུད་འཕྲུལ་ཆས་སོགས་གཞི་རྩའི་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་བཀོད་སྒྲིག་བྱེད་པར་སྐུལ་མ་བཏང་།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། དེའི་ནང་། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་ཞིན་ཅང་གི་ཐེན་ཧྲན་རྒྱུད་ཀྱི་ས་ཁུལ་སོགས་ས་ཁུལ་ཁ་ཤས་སུ་ཁངས་འབྲིང་ཙམ་ནས་ཁངས་ཆེན་འབབ་ཀྱི་རེད། ཧེ་ལུང་ཅང་གི་བྱང་ཤར་རྒྱུད་དང་། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད། ཧྭ་ལྷོའི་ས་ཁུལ་མང་ཆེ་བ། ཐེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་ཙམ་འབབ་ཀྱི་རེད། དེའི་ནང་། ཀུའེ་ཀྲོའུ་བྱང་རྒྱུད་དང་ཧུའུ་ནན(湖南)ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་ཀྱི་རེད།

6.jpg

  • བསྡུ་རུབ། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡིས་སྤྱི་ཚོགས་ཡོངས་ལ་ཁ་གཏད་ནས་བྱ་དགའ་ཡོད་པའི་ངང་ཐང་ཤིང་གི་འབུ་ནད་ཀྱི་འབྲེལ་ཡོད་ཁུངས་སྣེ་བསྡུ་རུབ་བྱེད་པ་དང་། ཁུངས་སྣེ་མཁོ་འདོན་བྱེད་མཁན་ལ་བྱ་དགའ་སྒོར500སྤྲོད་རྒྱུ་རེད།

  • རྒྱུགས་སྤྲོད། 2023ལོར་ཧོ་ནན(河南)ཞིང་ཆེན་གྱི་བྱ་གཞག་ཚན་པའི་མཉམ་འབྲེལ་རྒྱུགས་ལེན་དེ་དེ་རིང་ནས་མགོ་ཚུགས་ཡོད།


མཉམ་སྤྱོད།