དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས།

2023-04-12 08:56:36   |   364

རྩོམ་སྒྲིག   སངས་དོན།   ཡོང་ཁུངས།  ཀྲུང་གོ་བོད་ཀྱི་དྲ་བ།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4བའི་ཚེས10ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཕྱོགས་ཡོངས་ནས《ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོའི་བསམ་འཆར》ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོར་སྐུལ་སློང་དང་བཀོད་སྒྲིག་བྱས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་ཐེངས་བཅུ་བཞི་པའི་ཚན་གཙོ་ཝང་ཅུན་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་གནང་། ཞིང་ཆན་ཏང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས།

ཁྲེན་ཀང་གིས་ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་མགོ་བརྩམས་པའི་ལོ་ཡིན་ལ། བརྗོད་དོན་སློབ་གསོ་ལ་གཞི་ཚུགས་ཏེ། དུས་གནད་དམིགས་བསལ་ཡིན་པ་དང་དོན་སྙིང་གཏིང་ཟབ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དེ་བསམ་བློ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་ཡིན། དེས་བརྗོད་དོན་སློབ་གསོ་སྤེལ་བར་ཁ་ཕྱོགས་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཤེས་རྟོགས་ཇེ་མཐོར་གཏོང་བ་དང་གོ་བ་གཏིང་ཟབ་བླངས་ཏེ། ཡང་དག་པའི་སྒོ་ནས་ཚོད་འཛིན་བྱས་པ་བརྒྱུད། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པའི་སྟེང་རྒྱུན་མཐུད་ངང་ཤུགས་བསྣན་ནས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་བསྐྱར་དར་གྱི་བགྲོད་ལམ་སྟེང་འགན་འཁུར་ཕོད་པ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཐད་ལྷོད་གཡེང་སྤུ་ཙམ་མེད་པར། སྔར་ལས་རང་འགུལ་གྱིས་བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས་པར་བསྟན།

ཁྲེན་ཀང་གིས་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་དེ་བརྗོད་དོན་སློབ་གསོའི་ལས་འགན་སོ་སོར་སྐུལ་འདེད་གཏོང་བ་དང་སྦྲེལ་མཐུད་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་གཏིང་ཟབ་ཏུ་གཏོང་བ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དེ་མཚོ་སྔོན་ལག་ལེན་གྱི་ཐེག་བྱེད་དུ་བྱས་ནས། ཡར་ཐོན་མངོན་གསལ་བྱུང་བ་དང་མཐོར་འདེགས་ཆེན་པོ་བྱུང་བར་སྐུལ་འདེད་གཏོང་དགོས། རྒྱལ་དོན་གྱི་ཆེ་ཕྱོགས་དེ་རང་གི་འགན་འཁྲི་རུ་བརྩིས་ཏེ་ཁག་འགན་འཁུར་བ་དང་། སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ཞིབ་ལྟ་དང་ཇུས་འགོད་བྱེད་དགོས་ལ། སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པ་དང་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་འཛུགས་སྐྲུན་སྟེང་བདེན་པ་བདེན་ཐུབ་ཀྱི་གྲུབ་འབྲས་ལེན་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་གཏོད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དམིགས་འབེན་དུ་བྱས་ཏེ། སྤྱི་ཚོསག་བཅོས་སྐྱོང་དང་ཡུན་རིང་གི་བདེ་བཀོད་ལ་སྐུལ་འདེད་གཏོང་བ། ཏང་ནང་ཁུལ་གྱི་སློབ་གསོ་སྣེ་ཁྲིད་དང་སྤྱི་ཚོགས་ཡོངས་ཀྱི་སློབ་སྦྱོང་ལ་སྣེ་ཁྲིད་དེ། རིགས་སོ་སོའི་མང་ཚོགས་ཀྱི་ངོས་འཛིན་ལྔ་ལ་ཤུགས་སྣོན་པ་དང་། མཚོ་སྔོན་གྱི་ཆོས་ལུགས་ཞི་མཐུན་དང་མི་རིགས་འཆམ་མཐུན། སྤྱི་ཚོགས་འཆམ་མཐུན་གྱི་གནས་བབ་ཡག་པོ་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དགོས་པར་ནན་གྱིས་བསྟན།

ཁྲེན་ཀང་གིས་བརྗོད་དོན་སློབ་གསོའི་རྩ་འཛུགས་མགོ་ཁྲིད་ལ་ནན་ཏན་གྱིས་ཤུགས་བསྣན་ཏེ། གོང་གིས་འོག་ལ་སྣེ་ཁྲིད་དང་འགན་འཁྲི་དངོས་འབེབས་བྱེད་པ། སྤྱི་འདོམས་ལ་མཐོང་ཆེན་དང་དམིགས་ཡུལ་ཡོད་པའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱེད་པ། མཛུབ་སྟོན་ལ་ཤུགས་བསྣན་ཏེ་སྤུས་ཚད་ཇེ་མཐོར་གཏོང་བ། དྲིལ་བསྒྲགས་གཙོར་བཟུང་ནས་ཁོར་ཡུག་ཡག་པོ་བསྐྲུན་དགོས། ཚད་མཐོ་བའི་ཆབ་སྲིད་རང་འགུལ་དང་དོན་དངོས་དང་བསྟུན་པའི་བྱ་བའི་བྱེད་ཐབས། གཟབ་ནན་གྱི་སྒྲིག་ལམ་སྤྱོད་ཚུལ་བཅས་ཀྱིས་བརྗོད་དོན་སློབ་གསོ་ཚད་གཞི་མཐོ་བའི་སྒོ་ནས་མགོ་བརྩམས་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཕན་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས། བརྗོད་དོན་སློབ་གསོའི་ཁྲོད་སྐུལ་སྤེལ་བྱས་པའི་ཡིད་ཆེས་དང་ཧུར་སེམས་སྟོབས་ཤུགས་དེ་དྲིན་གཟོ་འབད་འཐབ་དང་མཐུན་སྒྲིལ་འབད་བརྩོན་གྱི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་ནས། ནུས་ཤུགས་ཡོད་རྒུས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་ལེའུ་རྩོམ་དགོས་པའི་བླང་བྱ་བཏོན།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་གནང་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། ཐེངས་འདིའི་གྲོས་ཚོགས་ཀྱི་བླང་བྱ་ལྟར། ཚད་མཐོ་བའི་ཆབ་སྲིད་འགན་འཁྲི་དང་བདེན་བརྩོན་དངོས་གཉེར་གྱི་སྤྱོད་ཚུལ་གྱིས་བརྗོད་དོན་སློབ་གསོར་གྲུབ་འབྲས་དངོས་ཐོབ་པར་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོ་སྤེལ་བ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་མཆན་བཀོད་གལ་ཆེན། མིག་སྔའི་ལས་དོན་སོ་སོ་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ནུས་ཤུགས་ཡོད་དགུས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་སོ་སོ་མཚོ་སྔོན་དུ་དངོས་འབེབས་བྱེད་པ་དང་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས་པར་བསྟན།  །

གྲོས་ཚོགས་བརྙན་ལམ་གྱི་རྣམ་པས་བསྡུས་ཤིང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཀོད་སྒྲིག་བྱས་ཡོད་ཅིང་། གྲོང་ཁྱེར(ཁུལ)རྫོང(གྲོང་ཁྱེར)རིམ་པ་གཉིས་སུ་ཡན་ལག་ཚོགས་ར་བཙུགས་ཡོད། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་ཐེངས་བཅུ་བཞི་པའི་ཙུའུ་ཀྲང་གཞོན་པའམ་ཁོངས་མི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། ཞིང་ཆེན་རིམ་པའི་བློ་མཐུན་རྒན་པ་སྐོར་ཞིག་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་ནམ་རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ། མཐོ་རིམ་སློབ་གླིང་། ཞིང་ཆེན་ཐད་གཏོགས་ཁེ་ལས་ཏང་ཙུའུ་ཡི་འབྲེལ་ཡོད་འགན་ཁུར་བློ་མཐུན། དམངས་གཙོ་ཏང་ཁག་སོ་སོའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་གཙོ་བོ། ཞིང་ཆེན་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་ཐད་གཏོགས་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་སྐོར་ཞིག་གི་འགན་ཁུར་བློ་མཐུན་གཙོ་བ། ཞིང་ཆེན་ཏང་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་ཙུའུ་ཀྲང་དང་ཙུའུ་ཀྲང་གཞོན་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་བཅས་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས།  །


མཉམ་སྤྱོད།