དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཡག་མགོ་ལའི་ཕུག་ལམ་བདེ་བླག་ངང་ཤར་གཏོང་མངོན་འགྱུར་བྱས་ཡོད།

2023-04-12 11:21:43   |   477

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   མཚོ་བྱང་སྨྱན་གསར།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


ལས་ཀའི་ཉིན་གྲངས1430རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཟླ4ཚེས10ཉིན། G0611འབྲོང་ཡུལ་ནས་ཁྲི་ཚང་བར་གྱི་གཞུང་ལམ་གྱི་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་བར་མདོ་ལུང་མདོ་ནས་འཇུ་ལག་དུམ་མཚམས་ཀྱི་གཞུང་ལམ་ལས་གྲྭའི་གཡག་མགོ་ལའི(གཡག་ལ་སེར་པོ)ཕུག་ལམ་གཡོན་ཐིག་གི་ཆེས་མཐའ་མའི་སྔོག་འདོན་ལས་དོན་ལེགས་གྲུབ་བྱུང་ཞིང་། གཡག་མགོ་ལའི་ཕུག་ལམ་ཧྲིལ་པོ་ཤར་གཏོང་བྱེད་ཐུབ་པ་བྱུང་ཡོད།

1.jpg

གཡག་མགོ་ལའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྨི2370ཡོད་པ་དང་གཞུང་ལམ་གྱི་ཕྱོགས་གཉིས་སུ་འཁོར་ལམ་བཞི་ཇུས་འགོད་བྱས་ཡོད། ཕུག་ལམ་གྱི་འཛུལ་སྒོ་དང་ཐོན་སྒོའི་ས་ཁམས་དེ་འཁྱགས་ས་ཡིན་པ་དང་ས་གཤིས་ཀྱི་ཆ་རྐྱེན་རྙོག་འཛིང་ཆེ་བ་མ་ཟད། རྒྱལ་ལམ227དང་མཉམ་དུ་གཤིབ་ནས་ཡོད་པས་ཨར་ལས་བདེ་འཇགས་ཀྱི་ཉེན་ཁ་ཆེ་ཞིང་ལས་ཀར་དཀའ་ཚེགས་ཆེ། 2019ལོའི་ཟླ5པར་ལས་མགོ་ཚུགས་པ་ནས་བཟུང་། ཕུག་ལམ་འཛུགས་སྐྲུན་ཐད“གཟབ་ནན་དང་། ཏན་ཏིག  ཞིབ་ཚགས”བཅས་ཀྱི་ལས་ཀའི་རྩ་དོན་ལག་བསྟར་ནན་པོ་བྱས་ཏེ། ཕུག་ལམ་གྱི་ས་ཁམས་གྲུབ་ཚུལ་དང་རྙོག་འཛིང་ཆེ་བའི་བྲག་རྡོའི་གྲུབ་ཆ། ལོ་མང་རིང་གི་འཁྱགས་ས། ས་འོག་ཆུ་སོགས་བཟོ་སྐྲུན་ཐད་ཀྱི་དཀའ་གནད་ལག་རྩལ་ཐག་གཅོད་བྱས་པ་མ་ཟད།  འཇུ་ལག་གི“1.08”དང“6.9”རིམ་པའི་ས་ཡོམ་གྱི་གནོད་འཚེ་ཞིག་གསོ་བྱས་ནས་ཕུག་ལམ་བདེ་ལེགས་ངང་ཤར་གཏོང་བྱེད་པར་ལག་རྩལ་གྱི་འགན་ལེན་མཁོ་འདོན་བྱས།

2.jpg

རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམG0611འབྲོང་ཡུལ་ནས་ཁྲི་ཚང་བར་གྱི་གཞུང་ལམ་ནི་རང་རྒྱལ་གྱི་ནུབ་བྱང་དང་ལྷོ་ནུབ་ས་ཁུལ་འབྲེལ་མཐུད་བྱེད་པའི་གཞུང་ལམ་གལ་ཆེན་ཞིག་དང་། མཚོ་སྔོན་ཞིང་ཆེན་གྱིས་ཀན་སུའུ་རྨ་ནུབ་བར་ཁྱམས་དང་། མཚོ་སྔོན་གྱི་ཤར་རྒྱུད་ས་ཁུལ་དང་ཁྲེང་ཏུའུ། ཁྲུང་ཆིང་དཔལ་འབྱོར་ཁུལ་ལ་འབྲེལ་བ་བྱེད་པའི་སྟབས་བདེའི་བགྲོད་ལམ་ཆེན་པོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། རང་རེའི་ཞིང་ཆེན་ནས་ཕྱི་རོལ་དུ་སྐྱོད་པའི་བརྒྱུད་ལམ་གལ་ཆེན་ཞིག་ཀྱང་ཡིན།


མཉམ་སྤྱོད།