དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་གྲོང་ཁྱེར་ཡིད་རྟོན་གནས་ཚུལ་རྟོག་འཇལ་གྱི་མིང་རིམ་གོང་མཐོར་སོང་ཡོད།

2023-04-12 15:27:32   |   362

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


ཉེ་ཆར། རྒྱལ་ཁབ་སྤྱི་པའི་ཡིད་རྟོན་ཆ་འཕྲིན་ལྟེ་གནས་ཀྱིས་དུས་ཐེངས་གསར་ཤོས་ཀྱི་གྲོང་ཁྱེར་ཡིད་རྟོན་རྟོག་འཇལ་གྱི་ཨང་རིམ་ཁྱབ་བསྒྲགས་བྱས་ཤིང་། མཚོ་བྱང་ཁུལ་དེ་རྒྱལ་ཡོངས་ཀྱི་ས་ཁུལ་དང་། རང་སྐྱོང་ཁུལ། མནའ་འབྲེལ་བཅས་ས་ཁུལ40ཁྲོད་ཨང་རིམ7པར་སླེབས་པ་དང་།  2022ལོའི་ཟླ3པ་དང་བསྡུར་ན་གོང་མཐོར་ཨང་རིམ18ཀྱིས་སོང་ཞིང་། མཚོ་སྔོན་ཞིང་ཆེན་གྱི་རང་སྐྱོང་ཁུལ6གི་ཁྲོད་ནས་ཨང་དང་པོ་རེད།

རྒྱལ་ཁབ་སྤྱི་པའི་ཡིད་རྟོན་ཆ་འཕྲིན་ལྟེ་གནས་ཀྱིས《གྲོང་ཁྱེར་གྱི་ཡིད་རྟོན་གནས་ཚུལ་གྱི་རྟོག་འཇལ་ཉེན་བརྡའི་དམིགས་ཚད(2022ལོའི་པར་གཞི)》ཁྱབ་བསྒྲགས་བྱས་རྗེས། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དེ་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་གི་སྣེ་ཁྲིད་ལས་ཁུངས་ཡིན་པའི་ངོས་ནས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། མཚོ་བྱང་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱིས་གཞོགས་འདེགས་ཧུར་ཐག་གིས་རྒྱལ་ཁབ་ཀྱི་གོང་རིམ་ཡིག་ཆའི་དགོངས་དོན་ལག་བསྟར་དང་། ཡིད་རྟོན་གྱི་འབྲེལ་ཡོད་གྲངས་གཞིའི་གསོག་འཇུག་སོགས་ཀྱི་བྱ་བའི་ཁྲོད་ནུས་པ་གང་ལེགས་བཏོན་པ་དང་། ཡིད་རྟོན་ཆ་འཕྲིན་ཚགས་བཟོ་དང་རིགས་དབྱེ་དོ་དམ། ཡིད་རྟོན་ཉམས་གསོ་སོགས་གཙོ་གནད་ལས་དོན་ལ་དམིགས་ནས་མཚོ་བྱང་ཁུལ་གྱི་ཡིད་རྟོན་རྟོག་འཇལ་གྱི་མིང་རིམ་གོང་འཕར་ལ་སྐུལ་འདེད་ཤུགས་ཆེན་བྱས་ཡོད།  

གྲོང་ཁྱེར་གྱི་ཡིད་རྟོན་ལྟ་རྟོག་འཇལ་མིང་རིམ་ནི་ས་ཁུལ་སོ་སོའི་ཡིད་རྟོན་མ་ལག་དང་ཚོང་གཉེར་ཁོར་ཡུག་འཛུགས་སྐྲུན་གནས་ཚུལ་མཚོན་པའི་ཕྱོགས་བསྡུས་རང་བཞིན་གྱི་དམིགས་ཚད་ཅིག་ཡིན་ལ།  ཚོང་གཉེར་ཁོར་ཡུག་ལ་གདེང་འཇོག་བྱེད་པའི་“ཡིད་རྟོན་ཁོར་ཡུག”གི་དམིགས་ཚད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྤྱི་པའི་ཡིད་རྟོན་ཆ་འཕྲིན་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་ལ་བརྟེན་ནས་གྲངས་གཞི་ཆེན་པོའི་རྟོག་འཇལ་ལག་རྩལ་སྤྱད་དེ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་སྣ་ཚོགས་ཀྱི་ཡིད་རྟོན་གནས་ཚུལ་ལ་འགུལ་རྣམ་རྟོག་འཇལ་དབྱེ་ཞིབ་བྱེད་པ་དང་།  དུས་བཀག་ལྟར་ཁྱབ་བསྒྲགས་བྱེད་ཀྱིན་ཡོད། དམིགས་ཡུལ་ནི་གྲོང་ཁྱེར་གྱི་ཡིད་རྟོན་ཆུ་ཚད་མུ་མཐུད་དུ་གོང་མཐོར་འགྲོ་བར་སྐུལ་འདེད་གཏོང་ཆེད་ཡིན།  


མཉམ་སྤྱོད།