དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-13 08:56:24   |   399

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས11ཉིན་ལྷོ་རྒྱུད་འཐབ་ཁུལ་གྱི་མཚོ་དམག་ལ་གཟིགས་ཞིབ་དང་བརྟག་ཞིབ་གནང་།

2.png

  • ཚེས11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཞིང་ཆེན་མའོ་མིང་གྲོང་ཁྱེར(茂名市)ཀའོ་ཀྲོའུ་གྲོང་ཁྱེར(高州市)ཀུན་ཙི་གྲོང་རྡལ(根子镇)པའེ་ཆའོ(柏桥村)གྲོང་ཚོའི་ལི་ཀྲི་འདེབས་འཛུགས་ར་བ་དང་། ལུང་ཡན་ལི་ཀྲི་ཆེད་ལས་མཉམ་ལས་ཁང(龙眼荔枝专业合作社)ལ་རྟོག་ཞིབ་གནང་ནས་ས་གནས་དེ་གའི་ལི་ཀྲི་སོགས་ཁྱད་ལྡན་འདེབས་འཛུགས་ལས་རིགས་འཕེལ་རྒྱས་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུ་ལོན་བྱས། 

  • རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུས་ཉིན་ཤས་གོང་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་བསྡུའི་ལས་དོན་སྲོལ་ཡིག》ཁྱབ་བསྒྲགས་བྱས། 2023ལོའི་ཟླ5ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་རླུང་བྱ་སྤྱོད་ཀྱིས་དུས་ཚིགས་དང་པོར་རིམ་རྩིས་བྱས་ན་གདན་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས་ཁྲི5.8སྤེལ་བ་དང་། ལས་གནས་ཁྲི3800ཁྱབ་བསྒྲགས་བྱས་ཡོད།

  • དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་གྱིས2022ལོའི་ལོ་འཁོར་གྱི་འགན་བཅོལ་ཀུང་སིའི་སྐྱིན་ཚབ་སྤྲོད་ནུས་ཀྱི་ཉེན་ཁའི་དོ་དམ་དཔྱད་དཔོག་བྱས་འབྲས་ཁྱབ་བསྒྲགས་བྱས་པ་དང་། ཀུང་སི70ཡི་ཆ་སྙོམས་སྐར་གྲངས77.44ཡིན།  དེ་དེ་སྔོན་ལས་སྐར་གྲངས1.41ཇེ་མཐོར་སོང་ཡོད།

  • ཚེས12ཉིན། ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས2023ལོའི་ཟླ4ཚེས12ཉིན་ནས་བཟུང་། ཐེ་ཝན་ས་ཁུལ་གྱིས་སྐམ་ས་ཆེ་མོའི་ཚོང་དོན་ཚོད་འཛིན་བྱེད་ཐབས་ཐད་ཀྱི་ཚོང་དོན་འགལ་རྐྱེན(壁垒)ལ་བརྟག་དཔྱད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

  • ཚེས12ཉིན། ཀྲུང་གོའི་ཕྱི་འབྲེལ་པུས《ཨ་ཧྥུ་ཀ་ནི་སི་ཐན(阿富汗)གྱི་གནད་དོན་སྐོར་གྱི་ཀྲུང་གོའི་ལངས་ཕྱོགས》ཀྱི་ཡིག་ཆ་ཁྱབ་བསྒྲགས་བྱས་པ་རེད།

  • པར་ཙིར(巴西)གྱི་ཙུང་ཐུང་ལུའུ་ལ་དང་བཅས་པ་ཚེས12ཉིན་གྱི་དགོང་མོ་ཧྲང་ཧའེ་རུ་འབྱོར་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་མགོ་ཚུགས་པ་རེད།

  • རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(国际货币基金组织)ཀྱིས་ད་ལོ་ཀྲུང་གོའི་དཔལ་འབྱོར་འཕར་ཚད5.2%ཟིན་པ་སྔོན་དཔག་བྱས་པ་རེད།

སྤྱི་ཚོགས།

3.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས12ཉིན་མུ་མཐུད་དུ་བྱེ་རླུང་གི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་རེད། དེ་རིང་ནས་ཚེས15ཉིན་བར་། བྱང་ཕྱོགས་ས་ཁུལ་དུ་སྔར་བཞིན་བྱེ་རླུང་ཆེ་བའི་གནམ་གཤིས་འབྱུང་རྒྱུ་རེད།

  • སྐོར་ཁག་བརྒྱད་པའི་རྒྱལ་ཁབ་ཀྱིས་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཀྱིས་འདེམས་ཐོན་བྱུང་བའི་སྨན་རིགས39དངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཆ་སྙོམས་བྱས་ན་རིན་གོང56%བཅག་ཡོད་པ་རེད།

  • ཆུ་བེད་པུའུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ད་ལོའི་ཟླ4པ་ནས12པའི་བར། རྨ་ཆུ་འབབ་ཡུལ་གྱི་ཆུའི་ཐོན་ཁུངས་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད།

  • རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུ་ཡིས་མཛུབ་ཁྲིད་གསར་པ་ཁྱབ་བསྒྲགས་བྱས་པ་དང་། མཐོངས་ཡངས་འདུ་ར་དང་སྤྱི་གླིང་སོགས་ཁང་པའི་ཕྱི་རོལ་གྱི་ས་ཆ་དང་། སློབ་གྲྭའི་དགེ་སློབ་སློབ་གྲྭར་ཡོད་རིང་སོགས་ཀྱི་སྐབས་སུ་ཁ་ཐུམ་རྒྱག་མི་དགོས་པ་རེད། 

4.jpg

  • རང་རྒྱལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཉི་མ་འཚོལ་ཞིབ་རྟོག་འཇལ་གྱི་སྲུང་སྐར་ཐོག་མ“ཁྭ་ཕ་ཨང་དང་པོས”དུས་ཐོག་ཏུ་རྟོག་འཇལ་བྱས་པའི་གྲངས་གཞི་ཚེས12ཉིན་ནས་བཟུང་རྒྱལ་ཁབ་ཕྱི་ནང་དུ་ཚོད་ལྟའི་ངང་སྒོ་ཕྱེ་ཡོད།

  • 2023ལོར། སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིའི་མིང་ཐོ་འགོད་པའི་ལས་དོན་སྤེལ་མགོ་ཚུགས་པ་དང་། སྔོན་དཔག་བྱས་ན་དང་བླངས་པ་ཁྲི6ལྷག་ཙམ་བསྡུ་རྒྱུ་རེད།

5.jpg

  • ནན་ཅིང་དམར་གསོད་ཆེ་མོའི་ནང་སྲོག་ཉེན་ལས་ཐར་བའི་ཀྲེན་ཅིན་དབྱང་ཚེས11ཉིན་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་ལོ95ཡིན། མིག་སྔར་ཐོ་འགོད་བྱས་པའི(登记在册)སྲོག་ཉེན་ལས་ཐར་བའི་མི42ལས་མེད།

6.png

  • ཉེ་ཆར། ཀྲུང་གོའི་འབྲུག་གསུམ་བརྩེགས་མ(中国三叠龙)དང་(中国双嵴龙)གཉིས་དེ་ཀྲུང་གོའི་འབྲུག་རིགས་གཉིས་ལ་ར་སྤྲོད་བྱས་པ་དང་། ཀྲུང་གོའི་འབྲུག་ཁྱིམ་རྒྱུད་ལ་ཁོངས་མི་གསར་པ་བསྣན་ཡོད།

  • ཀོང་ཤིས་ཧྥང་ཁྲེང་གྲུ་ཁའི(广西防城港)མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་རྒྱལ་མཚམས་སྒྲོལ་བའི་ལྐོག་བརྒལ་ཚོགས་པ་ཆེན་པོ་ཞིག་མེད་པར་བཟོས་ནས་གྱོད་འབྲེལ་ཉེས་གསོག་དོགས་ཅན་མི108འཛིན་བཟུང་བྱས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་པའི་“བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་སྒྲུབ་པའི”ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། སྤོ་སྒྱུར་ཐོ་འགོད་བྱས་ཟིན་པའི་སྤྱི་ཁང་དང་གྲོན་ཆུང་སྤྱོད་བདེའི་ཁང(经济适用房)པ་སོགས་སྲིད་ཇུས་རང་བཞིན་གྱི་སྡོད་ཁང་གི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་རེ་ཞུ་བྱས་ནས་སྒྲུབ་ཆོག

  • ཧོ་པེ་ཡིས་ཞིང་ཆེན་རིམ་པ་དེ་གའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལས་བཟོ་བས་ཡུལ་གཞན་དུ་ཕྲུ་གུ་སྐྱེ་བའི་དྲ་ཐོག་གི་ཐོ་འགོད་སྙན་སེང་མེད་པར་བཟོ་རྒྱུ་རེད།

  • ཧྥུའུ་ཅན(福建)གྱིས་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱས་ནས་ཚོང་སྒྱུར་ཁང་པ་བོགས་མར་ལེན་པའི་ཁང་པ་མེད་པའི་ལས་བཟོ་བར་མི་རེར་ཟླ་རེར་ཁང་གླ་མཐོ་ཤོས་དེ་དེ་སྔའི་གྲོང་ཁུལ་དྲུག་གི་སྒོར1200ནས་སྒོར1500བར་མཐོ་རུ་བཏང་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ཤིན་ཅང་ལྷོ་རྒྱུད་ཀྱི་གཞོང་སའི་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ས་ཆ་མང་ཆེ་བ། ཀན་སུའུ་ཡི་རྨ་ནུབ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། དེའི་ནང་། ཤིན་ཅང་ལྷོ་རྒྱུད་ཀྱི་གཞོང་སའི་ལྷོ་རྒྱུད་དང་། མཚོ་སྔོན་གྱི་བྱང་ཤར་རྒྱུད། ཀན་སུའུ་ཡི་རྨ་ནུབ་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་པོ་འབབ་ཀྱི་རེད། ཧྲན་ཤིས་ཀྱི་དབུས་རྒྱུད་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། འབྲི་ཆུའི་ལྷོ་རྒྱུད་ཀྱི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ཧུའུ་ནན་དབུས་ནུབ་རྒྱུད་དང་ཅང་ཤིས་ཀྱི་བྱང་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་ཀྱི་རེད།

7.jpg

  • རྒྱུགས་སྤྲོད། 2023ལོའི་ལོ་སྟོད་དུ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས་ཀྱི་གྲུབ་འབྲས་དེ་ཚེས19ཉིན་ཁྱབ་བསྒྲགས་བྱ་རྒྱུ་རེད།

  • པེ་ཅིང་། 2023ལོའི་སྐར་བསགས་གཞིས་ཆགས་རེ་ཞུའི(积分落户申报)ལས་དོན་དེ་དེ་རིང་གི་ཆུ་ཚོད8པར་སྤེལ་མགོ་ཚུགས་པ་དང་། རེ་ཞུའི་དུས་བཀག་ནི་རང་བྱུང་ཉིན་གྲངས(自然日)30ཡིན་པ་རེད།


མཉམ་སྤྱོད།