དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-14 08:36:24   |   503


སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞི་ཅིན་ཕིང་གིས་ཀོང་ཏུང་དུ་རྟོག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་མདུན་གྲལ་དུ་བསྐྱོད་དགོས་པ་བསྟན།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར།  རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི9.89ཟིན་པ་དང་། རིམ་རྩིས་བྱས་ན་འཕར་ཚད་ཟླ་དང་པོ་དང་གཉིས་པའི་དུས་མཚུངས་ལས0.8%ཆག་པ་ནས4.8%འཕར་བར་གྱུར་ཡོད་པ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་ཁེར་རྐྱང་བཟོ་ཚོང་དུད་ཚང་དུང་ཕྱུར1.16སླེབས་ཡོད།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་སོགས་སྡེ་ཚན་ལྔ་ཡིས《2023ལོའི་གྲངས་འཛིན་གྲོང་གསེབ་འཕེལ་རྒྱས་ལས་དོན་གྱི་གཙོ་གནད》པར་འགྲེམས་བྱས།  2023ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲོང་གསེབ་ཀྱི་ཐགས་ཡངས་དྲ་བ(宽带)བཀོལ་མཁན་དུད་ཚང་དུང་ཕྱུར1.9ལས་བརྒལ་རྒྱུ་རེད།

  • 2022ལོར། རང་རྒྱལ་གྱི་བདག་དབང་ཁྲོམ་རའི་ཉོ་ཚོང(产权市场交易)བྱེད་ཚད་སླར་ཡང་ཟིན་ཐོ་གསར་བ་སྐྲུན་ནས་སྒོར་དུང་ཕྱུར་ཁྲི22.5སླེབས་ཡོད།

  • ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན།  རང་རྒྱལ་གྱི་བར་སྣང་ས་ཚིགས(空间站)ཀྱི་དབྱང་དབུགས་ཐོན་ཁུངས100%བསྐྱར་སྐྱེས་བྱེད་པ་དང་། ཆུའི་ཐོན་ཁུངས་ཟུམ་ཚད(闭合度)95%ཡན་བར་མཐོ་རུ་ཕྱིན་ཡོད་པ་རེད།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། “ཁེ་ལས་ཁྲི་སློབ་གྲྭར་བསྐྱོད་པའི”དྲ་ཕྱིའི་གདན་ཞུའི་བྱེད་སྒོ་ཆེ་གྲས་ཁྱོན་སྡོམ་ཐེངས་ཁྲི8.1ལྷག་ཙམ་སྤེལ་བ་དང་། ལས་གནས་ཆ་འཕྲིན་ཁྲི1900ལྷག་ཙམ་མཁོ་འདོན་བྱས།

  • ཕྱི་འབྲེལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ངོ་རྒོལ་བྱེད་པའི་ཨ་རིའི་གྲོས་མི་མའེ་ཁེ·མའེ་ཁོའར་ལ་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུའི་གཏན་འབེབས་བྱས་ཡོད།

  • སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བའི་ནང་ཉིའུ་ཧོང(日本)གིས་འཕུར་མདེལ་དཔུང་སྡེ་གསར་པ་ཞིག་འཛུགས་རྩིས་ཡོད་ཅེས་བཤད་པ་དང་། རང་རྒྱལ་ཕྱི་འབྲེལ་པུས་ཨ་ལན་བསློགས་ནས་ཉིའུ་ཧོང་སྲིད་གཞུང་ལ་དམག་དོན་བདེ་འཇགས་ཁྱབ་ཁོངས་སུ་གཟབ་ནན་ངང་བྱ་བ་སྒྲུབ་དགོས་པའི་སྐུལ་མ་དྲག་པོ་བཏང་བ་རེད།

1.jpg

  • ཚེས13ཉིན། ཀྲུང་གོ་དང་ལོ་སིའི(中老铁路)ལྕགས་ལམ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་མེ་འཁོར་གཏོང་མགོ་ཚུགས།

སྤྱི་ཚོགས།

2.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས13ཉིན་མུ་མཐུད་དུ་བྱེ་རླུང་གི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས།  དེ་རིང་དང་སང་ཉིན་བར་བྱང་ཕྱོགས་ས་ཁུལ་དུ་སྔར་བཞིན་བྱེ་རླུང་ཆེ་བའི་གནམ་གཤིས་འབྱུང་རྒྱུ་རེད།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོའི་ལོ་མཇུག་བར། 87.7% གྱི་རྫོང་སྨན་ཁང་དེ་རིམ་པ་གཉིས་པའི་སྨན་ཁང་གི་ནུས་པར་སླེབས་འདུག

  • རིག་གནས་གནས་སྐོར་པུས《འཁྲབ་གཞུང་རོལ་རྩེད་དོ་དམ་གྱི་གནས་སྐབས་ལག་བསྟར་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས།  ན་སོ་དར་ལ་མ་བབས་པའི་མི་འཁྲབ་གཞུང་རོལ་རྩེད་བྱེད་སྒོའི་ནང་ཞུགས་རྒྱུར་སྲུང་སྐྱོང་གི་དོན་ཚན་འཛུགས་རྩིས་ཡོད་པ་རེད།

9999.jpg

  • ཧྥུའུ་ཅན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས16ཉིན་གྱི་ཆུ་ཚོད9པ་ནས15པའི་བར། ཤར་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་མེ་ཤུགས་འཕུར་མདའི་ཆག་རོ་ལྷུང་ནས་བསྐྱོད་མི་ཆོག་པ་རེད།

  • རང་རྒྱལ་གྱི“མིས་བཟོས་ཉི་མའི་”ཐོ་ཁ་མ་ཁེ་ཉིང་རྡུལ་འདུས་འགྱུར་ཚོད་ལྟའི་སྒྲིག་ཆསEASTཀྱིས་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་པ་དང་། འཇགས་རྣམ་གྱི་ཚོད་འཛིན་ཆེ་བའི་དཔེ་དབྱིབས་སོགས་གྱེས་རྡུལ་གཟུགས་འཁོར་སྐྱོད་སྐར་ཆ403ལེགས་གྲུབ་བྱུང་ཡོད།

3.png

  • རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དུ་ཀྲུའུ་ལུའོ་དུས་རབས(侏罗纪时期)ཀྱི་རྩི་ཤིང་གི་འགྱུར་རྡོ་རྙེད།

4.jpg

  • 2023ལོའི་ཨེ་ཤེ་ཡའི་སྦེ་ག་འགྲན་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གི་བདམས་ཐོན་པ་ལུང་ཅ་ཡིས་བུད་མེད་ཀྱི་སྤྱི་རྒྱ65རིམ་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་ཉིའུ་ཧོང་གི་བདམས་ཐོན་པ་ལས་རྣམ་པར་རྒྱལ་ནས་གསེར་གྱི་རྟགས་མ་བླངས་པ་རེད།

  • ཧུའུ་པེའི་པའོ་ཁང(湖北保康)ཉེན་རྟོག་ཕྱོགས་ཀྱིས་རྒྱལ་མཚམས་སྒྲོལ་བའི་དྲ་རྒྱའི་རྒྱན་འགྱེད་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་མ་དངུལ་སྒོར་དུང་ཕྱུར35ལས་བརྒལ་ཡོད་པ་རེད།

6.gif

  • ཡུན་ནན་ཤིས་ཧྲོང་པན་ན་རྫ་ཆུའི(云南西双版纳澜沧江)ནང་བྱིས་པ་ཞིག་ཆུས་ཁུར།  མགྱོགས་གྲུ་བཏང་ནས་བསྐྱོད་པའི་ཞའོ་ཀོང་མིང་ཆུ་ནང་དུ་མཆོངས་ནས་བྱིས་པ་དེ་བསྐྱབས།

སྲིད་ཇུས།

  • པེ་ཅིང་གིས་གློག་སྒུལ་རྐང་འཁོར་གྱི་གློག་གསོག་སྒྲིག་བཀོད་དེ་བཙོག་ཆུ་དང་། རང་འབབ་ཆུ། སོལ་རླངས། གློག་ཤུགས་སོགས་ས་འོག་སྒྲིག་བཀོད་ཀྱི་སྦུག་ལམ་དང་ཁྲོན་པའི་ཁ་ལེབ་དང་སྨི1ཡན་གྱི་བདེ་འཇགས་བར་ཐག་རྒྱུན་འཁྱོངས་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

  • ཅི་ལིན་གྱིས་སྲིད་ཇུས་བཏོན་ནས་ཟླ་རེའི་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་བཅུ་མན་གྱི་གནས་ཐང་འཕར་ཁྲལ་གྱི་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བར་གནས་ཐང་འཕར་ཁྲལ་རྩ་ཆག་བཏང་ཡོད།

  • ཧོ་པེས(河北)ཟླ4ཚེས25ཉིན་ནས་བཟུང་ལས་བཟོ་བའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་ལས་བཟོ་བའི་མི་སྒེར་གྱི་རྩིས་ཁྲའི་ཐོག་ཁྱིམ་ཚང་གི་ཁོངས་མིའི་འགྲོ་གྲོན་འགན་འཁུར་ཆོག་པ་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། མཚོ་སྔོན་བྱང་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་དང་། ལྷོ་ནུབ་ས་ཁུལ་གྱི་ཤར་ལྷོའི་རྒྱུད། ཧྭ་ལྷོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ཨན་ཧུའེ་ལྷོ་རྒྱུད་དང་། ཧུའུ་ནན་གྱི་དབུས་ནུབ་རྒྱུད། ཅང་ཞིའི་བྱང་རྒྱུད། ཀོང་ཞིའི་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་རེད།

7.jpg

  • རྒྱུགས་སྤྲོད། 2023ལོའི་ལོ་སྟོད་དུ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་གྱི་མིང་ཐོ་འགོད་མགོ་ཚུགས་ཡོད།

  • ནན་ཅིང་། མ་ལག་འཁོར་སྐྱོད་སྲུང་སྐྱོང་གི་དགོས་མཁོའི་དབང་གིས་ཚེས15ཉིན་གྱི་ཆུ་ཚོད9:00ནས16ཉིན་གྱི་ཆུ་ཚོད9:00བར་སྡོད་ཁང་སྤྱི་གསོག་མ་དངུལ་(སྡོད་ཁང་ཁ་གསབ)ཞབས་ཞུའི་ཐབས་ལམ་ཚང་མ་ལས་སྒོ་གཉེར་མཚམས་འཇོག་རྒྱུ་རེད།


མཉམ་སྤྱོད།