དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས2023ལོའི་མཐོན་པོ་སྒང་གི་དཔྱིད་དུས་རྟ་རྒྱུག་འགྲན་སྡུར་གྱི་བྱེད་སྒོ་སྤེལ།

2023-04-14 08:56:17   |   609

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ4བའི་ཚེས13ཉིན། ཀྲུང་གུང་མདའ་བཞི་རྫོང་ཨུ་དང་མདའ་བཞི་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་མདའ་བཞི་རྫོང་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ་ཡིས་འགན་སྒྲུབ་བྱས་པའི2023ལོའི་མཐོན་པོ་སྒང་གི་དཔྱིད་དུས་ཀྱི་རི་ཁུལ་རྟ་རྒྱུག་འགྲན་སྡུར་གྱི་བྱེད་སྒོ་དེ་མདའ་བཞི་རྫོང་མཐོན་པོ་སྒང་དུ་བདེ་བླག་ངང་སྤེལ་ཞིང་། རྐང་ཚ་དང་མདའ་བཞི་རྫོང་གཉིས་ཀྱི་རྟ་རྒྱུག་ལུས་རྩལ་པ་མི80ལྷག་འགྲན་སྡུར་ནང་ཞུགས།

མདའ་བཞི་རྫོང་གི་སྲོལ་རྒྱུན་རྟ་རྒྱུག་འགྲན་ཚོགས་དེ་མདའ་བཞི་རྫོང་གི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལུས་རྩལ་བྱེད་སྒོ་ཞིག་ཡིན་པའི་ཆ་ནས་སྐབས་མང་པོར་བདེ་བླག་ངང་སྤེལ་བ་དང་། ས་གནས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།ཐེངས་འདིའི་འགྲན་བསྡུར་གྱི་བྱེད་སྒོ་དེ་གཞི་ཁྱོན་ཆུང་བ་དང་ཁྱབ་ཁོངས་ཆུང་བའི་ནང་ལས་གཉེར་བྱས་ཤིང་། དམིགས་ཡུལ་ནི་རི་ཁུལ་རྟ་རྒྱུག་གི་རྣམ་པ་གསར་བཏོད་དང་བྱེད་འཐུས་རང་བཞིན་འཚོལ་ཞིབ་བྱེད་རྒྱུ་དེ་རེད། མཐོན་པོ་སྒང་གི་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་གིས་རྟ་རྒྱུག་འགྲན་བསྡུར་ལ་གཞན་དང་མི་མཚུངས་པའི་དགེ་མཚན་མཁོ་འདོན་བྱས་ཡོད། 

དཔྱིད་དུས་ཀྱི་རྟ་རྒྱུག་བྱེད་སྒོ་སྤེལ་བ་དེས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། མཐོན་པོ་སྒང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གསར་སྤེལ་བྱེད་པར་བརྟེན་ནས་གནས་སྐོར་སྟོབས་ཆེར་གཏོང་བ་དང་ཕྱུགས་ལས་སྟོབས་ཆེར་གཏོང་བའི་གོང་འཕེལ་གྱི་བསམ་ཕྱོགས་ཀྱིས་གནས་སྐོར་ལས་རིགས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེར་བཏང་ཡོད།

རྟ་རྒྱུག་འགྲན་ཚོགས་གཉེར་མཁན་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་རྗེས་ཕྱོགས་སུ“མཚོ་མོ་ལག་མཐིལ་ལེན་ས། མཐོན་པོ་སྒང་ལས་མེད་དོ།།”ཞེས་པའི་གནས་སྐོར་འབོད་ཚིག་དེ་མུ་མཐུད་དུ་སྐད་གྲགས་ཇེ་ཆེར་གཏོང་བ་དང་། རྟར་ཞོན་ནས་མཐོན་པོ་སྒང་གི་གནས་སྐོར་ལམ་ཐིག་གཏོད་རྒྱུ་དང་། རྟ་མཆོག་གིས་གནས་སྐོར་བའི་སྣེ་ཁྲིད་དེ་མཐོན་པོ་སྒང་དང་རྟའི་རིག་གནས་ལ་རྒྱུས་ལོན་བྱེད་པ། རྟར་ཞོན་པ་དང་གནས་སྐོར་ཐོན་རྫས་ཉམས་ལེན་བྱེད་ཚུལ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གནས་སྐོར་བའི་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པ། རོང་འབྲོག་པའི་ཡོང་སྒོ་མང་དུ་གཏོང་བ་བཅས་བྱས་ནས་རིག་གནས་དང་གནས་སྐོར་མཉམ་འདྲེས་ངང་སྐུལ་འདེད་གཏོང་བའི་དམིགས་ཡུལ་འགྲུབ་ཡོད་པར་བཤད། 


མཉམ་སྤྱོད།