དེ་རིང་ནི2025ལོའི་ཟླ02པའི་ཚེས06ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་བརྗོད་དོན་གླུ་དབྱངས་ཀྱི་གླུ་ཚིག་ཡོངས་བསྒྲགས་ངང་བསྡུ་བའི་སྐོར་གྱི་སྤྱི་བསྒྲགས།

2023-04-14 10:01:26   |   397

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་། 


2023ལོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཡིན་ཞིང་། མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་བརྒྱུད་རིམ་ནང་ཐོབ་པའི་རླབས་ཆེའི་གྲུབ་འབྲས་ལ་བསྔགས་བརྗོད་དང་དུས་རབས་ཀྱི་བརྗོད་དོན་གཙིགས་སུ་འཛིན་པ། རིགས་སོ་སོའི་མང་ཚོགས་ཀྱི་རིག་གནས་ཀྱི་ཟབ་ཞུགས་དང་ཐོབ་བདེའི་སྣང་བ་ཆེ་རུ་བཏང་ནས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ་ཆེད། ཆེད་དུ་སྤྱི་ཚོགས་ཡོངས་ནས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་བརྗོད་དོན་གླུ་གཞས་ཀྱི་གླུ་ཚིག་བསྡུ་རྒྱུ་ཡིན་ལ། ད་ལྟ་ཞིབ་ཕྲའི་དོན་ཚན་ཡོངས་བསྒྲགས་བྱས་པ་གཤམ་གསལ་ལྟར།     

གཅིག བསྡུ་བའི་རྣམ་གྲངས།

སྤྱི་ཚོགས་ཡོངས་ནས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་བརྗོད་དོན་གླུ་གཞས་ཀྱི་གླུ་ཚིག(ཡིག་རིགས། བོད་ཡིག་དང་རྒྱ་ཡིག་གཉིས་ཀ་ཆོག)

གཉིས། བསྡུ་བའི་དུས་ཚོད།    

སྤྱི་བསྒྲགས་འདི་སྤེལ་ཉིན་ནས2023ལོའི་ཟླ5བའི་ཚེས15ཉིན་བར།     

གསུམ། བརྩམས་ཆོས་ཀྱི་བརྗོད་བྱའི་བླང་བྱ།

1.བརྩམས་ཆོས་ཀྱི་བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། ཁྱབ་རྒྱའི་རང་བཞིན་བཅས་གཅིག་གྱུར་དམ་ཚགས་ཡོང་དགོས་པ་དང་། ནང་དོན་གསར་རྐྱང་དང་བརྩེ་བ་ཟོལ་མེད་ཡིན་པ། དོན་དངོས་དང་མཐུན་པ། སྐྱོན་བྲལ་ཧུར་བརྩོན། ཁ་གསལ་གོ་བདེ་བ་བཅས་ལ་དོ་སྣང་བྱེད་དགོས། 

2.བརྩམས་ཆོས་ཀྱི་རྣམ་པ་དང་ཁྱད་ཆོས་སྣ་མང་ཅན་དང་། དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཞིང་བརྩེ་སེམས་དངོས་མཚོན་པར་བྱེད་དགོས།  

3.བརྩམས་ཆོས་ནི་ངེས་པར་དུ་དཔྱད་འདེམས་གང་རུང་གི་ཁྲོད་བྱ་དགའ་མ་ཐོབ་པའམ་ཡང་ན་ཡོངས་བསྒྲགས་ངང་འགྲེམས་སྤེལ་དང་དཔེ་སྐྲུན། འཁྲབ་སྟོན་བཅས་མ་བྱས་པའི་གསར་རྩོམ་བརྩམས་ཆོས་ཡིན་དགོས། 

4.རྩོམ་པ་པོས་ངེས་པར་དུ་བརྩམས་ཆོས་ལ་པར་དབང་ཆ་ཚང་ཡོད་པར་འགན་ལེན་བྱེད་དགོས་པ་དང་བརྩམས་ཆོས་འགྲན་བསྡུར་ནང་ཞུགས་ཚེ་ཀྲུང་གུང་མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའུ་ལ་དབང་བའི་བརྩམས་ཆོས་ཚོང་ལས་མིན་པའི་དྲིལ་སྒྲོག་ཁྱབ་གདལ་བེད་སྤྱོད་བྱེད་དབང་སྤྲོད་དགོས། གལ་ཏེ་བརྩམས་ཆོས་ཀྱི་བདག་དབང་སོགས་འབྲེལ་ཡོད་བཅའ་ཁྲིམས་ལ་གནོད་འཚེ་བཏང་ཚེ་གཙོ་གཉེར་ཕྱོགས་ལ་དེའི་དཔྱད་འདེམས་ནང་ཞུགས་པའི་ཐོབ་ཐང་མེད་པར་བཟོ་རྒྱུའི་དབང་ཆ་ཡོད་པ་དང་། འབྲེལ་ཡོད་བཅའ་ཁྲིམས་འགན་འཁྲི་དེ་རྩོམ་ཡིག་འདོན་མཁན་གྱིས་རང་འགུལ་ངང་འགན་འཁུར་དགོས།

5.རྩོམ་པ་པོ་མི་རེ་ནས་བརྩམས་ཆོས2(མཉམ་འབྲེལ་བརྩམས་ཆོས་ཚུད)ལས་བརྒལ་མི་ཆོག་པར་མ་ཟད། ཚད་ལྡན་གྱིWORDཔར་གཞིའི་གླུ་ཚིག་མཁོ་འདོན་བྱེད་དགོས། 

བཞི། བརྩམས་ཆོས་དཔྱད་ཞིབ། 

“དྲང་གཞག་དང་དྲང་བདེན”གྱི་རྩ་དོན་ལྟར་འབྲེལ་ཡོད་མི་སྣ་རྩ་འཛུགས་བྱས་ཏེ། དཔྱད་འདེམས་ཨུ་ཡོན་ལྷན་ཁང་བཙུགས་ནས་བརྩམས་ཆོས་ལ་མིང་མ་བཀོད་པར་དཔྱད་འདེམས་བྱས་ཏེ་ཕུལ་བྱུང་བྱ་དགའ་དང་དེ་བཞིན་བདམས་ཐོན་བྱུང་བའི་བརྩམས་ཆོས་འབྲེལ་ཡོད་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་བྱེད་རྒྱུ་ཡིན།

ལྔ། དོན་ཚན་གཞན་དག 

གཅིག རྩོམ་བསྡུའི་རྩོམ་ཡིག་ཡིན་ཕྱིན། བཟོ་བཅོས་རྒྱག་དབང་དང་བེད་སྤྱོད་བྱེད་དབང་ཚང་མ་ཀྲུང་གུང་མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའུ་ལ་དབང་བ་དང་། རྩོམ་པ་པོར་མིང་འགོད་དབང་ཡོད། 

གཉིས། རྩོམ་ཡིག་འཁྲབ་གཞུང་སྒྲིག་རྩོམ་དང་གླུ་གཞས་གཏོང་ལེན། པར་ལེན་བཟོ་སྐྲུན། སྒྲ་ཕབ་བརྙན་ལེན། འགྲེམས་སྤེལ་བྱེད་པ། འཁྲབ་སྟོན་བྱེད་པ། ཁྱབ་སྤེལ་བྱེད་པ་སོགས་ལ་རྩོམ་པ་པོས་འགྲོ་གྲོན་གཞན་གང་ཡང་སྤྲོད་མི་དགོས།

གསུམ། ཀྲུང་གུང་མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའུ་ལ་མཐའ་མའི་འགྲེལ་བཤད་བྱེད་དབང་ཡོད། 

བཞི། གལ་ཏེ་བརྩམས་ཆོས་བསྡུ་རུབ་བྱེད་པའི་ནང་ཞུགས་ཚེ་རྩོམ་པ་པོས་གོང་གསལ་གྱི་དོན་ཚན་ཚང་མར་རང་མོས་ངང་མོས་མཐུན་བྱེད་པ་མཚོན་ཡོད། 

དྲུག འབྲེལ་གཏུག་བྱེད་སྟངས། 

    འབྲེལ་གཏུག་ས་གནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། 

འབྲེལ་གཏུགས་བྱ་ཡུལ། ཀྲང་ཡུས་རུང་། 

འབྲེལ་གཏུག་ཁ་པར། 0970-8646612

གློག་རྡུལ་ཡིག་ཟམ། 343327094@qq.com

མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་།

2023ལོའི་ཟླ4བའི་ཚེས11ཉིན།


མཉམ་སྤྱོད།