དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དུ་ཞིང་ཆེན་ཡོངས་ཀྱི་ཐིང་རིམ་པའི་མགོ་ཁྲིད་དང་རྫོང་རིམ་པའི་ལས་བྱེད་གསོ་སྦྱོང་འཛིན་གྲྭའི་སློབ་མ་ལྟ་སྐོར་སློབ་སྦྱོང་བྱེད་པར་ཕེབས།

2023-04-14 11:16:12   |   546

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་ཆར། ཞིང་ཆེན་ཡོངས་ཀྱི་དུས་ཐེངས་དྲུག་པའི་ཐིང་རིམ་པའི་མགོ་ཁྲིད་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་དང་རྫོང་རིམ་པའི་གྲངས་ཉུང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས17པའི་སློབ་མ་མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཕེབས་ནས་དྲན་གསོ་ཁང་གི་འགྲེམས་སྟོན་ལ་ལྟ་བ་དང་། མི་རིགས་ཀྱི་བྱས་རྗེས་ལ་དྲན་གསོ་ཞུ་བ།  དྲན་གསོའི་རྡོ་རིང་ལ་གཟིགས་པ་བཅས་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས།

1.jpg

སློབ་མ་ཚོས་དྲན་གསོ་ཁང་གི་འགྲེམས་སྟོན་ནང་དོན་ལ་ཞིབ་ཏུ་བལྟས་ཤིང་། འགྲེལ་བཤད་ཉན་ནས“འབར་མདེལ་གཉིས”ཞིབ་བཟོ་བྱས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་། དེ་སྔའི221རྟེན་གཞི་འཛུགས་སྐྲུན། ཚན་རིག་ཞིབ་འཇུག་དང་ཐོན་སྐྱེད། གཞུང་ལུགས་ཚོད་བགམ། རུ་འཁྱུར་བྱས་པའི་བརྒྱུད་རིམ་ཧྲིལ་པོ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་བྱས་རྗེས་ཚན་རིག་མཁས་ཅན་དང་། དེ་བཞིན་ཚན་ཞིབ་མི་སྣ། ལག་རྩལ་བཟོ་པ། ལས་བྱེད་ལས་བཟོ། མི་དམངས་བཅིངས་འགྲོལ་དམག  ཉེན་སྲུང་དཔུང་སྡེ་བཅས་གསེར་དངུལ་ཐང་དུ་གཞི་ཚུགས་པ་དང་། མགོ་ཐོག་ཨ་སྔོན་གནམ་དང་རྡོག་པ་དོགས་མོ་ས་ལ་གཏད་པའི་དཀའ་སྤྱད་འབད་བརྩོན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་ཤེས་རྟོགས་བྱས་ཤིང་། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་དང་དུས་རབས་ཀྱི་རིན་ཐང་ལ་ཚོར་མྱོང་བྱས། དྲན་གསོ་ཁང་གི་དྲན་གསོའི་ཚོམས་ཆེན་དུ་སློབ་མ་ཚོས་མྱ་ངན་དང་གུས་འདུད་ཞུ་བ། མེ་ཏོག་འབུལ་བ་བཅས་བྱས་ཏེ། ཀྲུང་གོའི་ཉིང་རྡུལ་བྱ་གཞག་གི་སྐུ་གཤེགས་པའི་མི་དམངས་ཀྱི་དཔའ་བོ་དང་མི་རིགས་ཀྱི་མཛད་རྗེས་ལ་དྲན་གསོ་བྱས་ཤིང་། ཚན་རིག་མཁས་ཅན་རྒན་རབས་ཚོའི་བླ་ན་མེད་པའི་ཕུགས་བསམ་དང་རིན་ཐང་འཚོལ་སྙེགས་ལ་རྗེས་སུ་ཡི་རང་བྱས། ཀྲུང་གོའི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོའི་དྲན་གསོའི་རྡོ་རིང་མདུན་དུ་སློབ་མ་ཚོས་མེ་ཏོག་ཆུན་པོ་ཕུལ་བ་དང་གུས་འདུད་ཞུས་ཏེ། དྲན་གསོ་རྡོ་རིང་གི་བཟོ་དབྱིབས་ཀྱི་བློས་བསླངས་ལ་ཤེས་རྟོགས་དང་ཡིག་འབྲུ600ཡི་རྡོ་རིང་ཡི་གེ་ཞིབ་པར་བཀླགས་ནས་ཀྲུང་གོ་གསར་པའི་འཕེལ་རྒྱས་ལོ་རྒྱུས་ཐོག་གི་རྡུལ་ཕྲན་གྲོང་གི་གནས་བབ་གལ་ཆེན་དང་ལེགས་སྐྱེས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས།

2.jpg

སློབ་མ་ཚོས་ཡུལ་དངོས་ཀྱི་ལྟ་སྐོར་དང་སློབ་སྦྱོང་བྱས་པ་བརྒྱུད། ཚན་རྩལ་ལས་དོན་པ་རྒན་རབས་ཚོས་རང་སྤོངས་རྒྱལ་གཅེས་དང་ཁེ་གྲགས་མི་གཉེར་བའི་གཅེས་འབུལ་སྙིང་སྟོབས་དང་། ཁོང་ཚོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གནམ་ས་གཡོ་འགུལ་བྱེད་པའི་ལས་སྒྲུབ་པ་དང་། རང་མིང་སྦ་གསང་བྱེད་པའི་མི་བྱེད་པའི་ཕུགས་བསམ་དང་དད་སེམས་ལ་མྱོང་ཚོར་གང་ལེགས་བྱས་ཐུབ་པ་བྱུང་ཡོད་ཅེས་བཤད། སླད་ཕྱིན། རླབས་ཆེ་བའི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དེ་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་གདུང་རྒྱུད་ཡིན་པའི་སྣེ་ཁྲིད་འོག   “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ཀྱི་འབོད་སྐུལ་དང་སྐུལ་འདེད་ཁྲོད། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་བརྟན་པོ་འདིང་བ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། དཀའ་སྤྱད་འབད་བརྩོན་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་བསྟན།

3.jpg

ད་ལོའི་ཚུན་དུ། མཚོ་སྔོན་རྡུལ་ཕྲན་གྲོང་དྲན་གསོ་ཁང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་དང་། རྡུལ་ཕྲན་གྲོང་གི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་དཔྱད་ཡིག་སྔོག་འདོན་དང་གཡུལ་ས་འཛུགས་སྐྲུན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། རིག་དངོས་བསྡུ་རུབ་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དྲིལ་བསྒྲགས་སློབ་གསོའི་རྣམ་པ་གསར་གཏོད་སྒོས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ཟླ4ཚེས10བར་དུ། ཁྱོན་སྡོམ་སྐོར་གཟིགས་ཚོགས་པ69དང་མི་ཐེངས6049སྣེ་ལེན་བྱས་ཏེ། ཐུན་མོང་མ་ཡིན་པའི་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་ཀྱིན་ཡོད། 


མཉམ་སྤྱོད།