དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་གཙོ་གནད་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་ཁུལ་བཙུགས་ནས་ལོ70འཁོར་བའི་གྲ་སྒྲིག་བྱ་བར་བརྟག་ཞིབ་གནང་།

2023-04-14 20:54:49   |   677

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རིག་དངོས་བེད་སྤྱོད་དང་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་གྲ་སྒྲིག་བྱ་བར་དམིགས་ནས། གསེར་དངུལ་ཐང་དང་དེ་སྔའི221རྟེན་གཞིའི་ཡན་ལག་བཟོ་གྲྭ་བདུན་པ་དང་། ཡན་ལག་བཟོ་གྲྭ་གསུམ་པ། རྡུལ་ཕྲན་མཁར་དྲན་གསོ་ཁང་། མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་། མཐོ་སྒང་སྙིང་སྟོབས་འགྲེམས་སྟོན་ཁང་། ནུབ་མཚོ་ལུས་རྩལ་ར་བ་བཅས་སུ་བསྐྱོད་དེ་བརྟག་ཞིབ་གནང་།  

1.jpg 

གསེར་དངུལ་ཐང་དུ་ཡུལ་དངོས་ནས་འོད་འཕྲོ་ཡི་གེ་སྒྲིག་སྦྱོར་བྱེད་ཚད་དང་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་མཆོད་རྟེན་ཉམས་གསོ་བྱས་ཚུལ་ལ་ལྟ་ཞིབ་བྱས། ཁོང་གིས་བསྟན་དོན། གསེར་དངུལ་ཐང་ནི་ཞིང་ཆེན་ཕྱི་ནང་ཀུན་ཏུ་སྐད་གྲགས་ཡོད་པས་དེ་ནི་མཚོ་བྱང་གི་གསེར་གྱི་མིང་བྱང་ཞིག་ཡིན་ཞིང་། གསེར་དངུལ་ཐང་དྲིལ་སྒྲོག་ཁྱབ་གདལ་དང་སྲུང་སྐྱོབ་བེད་སྤྱོད་བྱ་རྒྱུ་ནི་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གཏོད་པའི་གཙོ་གནད་བྱ་བ་ཞིག་ཡིན་པར་བསྟན། གསེར་དངུལ་ཐང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་མུ་མཐུད་དུ་དམ་འཛིན་ཡག་པོ་བྱེད་པ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཆེད་དོན་བཅོས་སྒྲིག་འགུལ་སྐྱོད་ལ་བརྟེན་ནས། མི་སྒེར་གྱིས་གང་འདོད་དུ་བསྐྲུན་པའི་ཁང་བ་དང་དེ་བཞིན་ལྕགས་ར་མང་བོ་བཤིག་པའི་བྱ་བ་ཏན་ཏིག་ངང་བསྒྲུབ་སྟེ་གསེར་དངུལ་ཐང་གི་ཁོར་ཡུག་འཕྲོད་བསྟེན་ལ་ཁྱོན་ཡོངས་ནས་གཙང་བཤེར་བཅོས་སྒྲིག་བྱེད་པ་དང་། ཨ་བྲའི་གནོད་འཚེ་བཅོས་སྐྱོང་ཡག་པོ་བྱས་ནས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་གསེར་དངུལ་ཐང་གི་འོད་འཕྲོ་ཡི་གེ་སྒྲིག་སྦྱོར་བྱས་ནས་པཎ་ཆེན་རིན་པོ་ཆེའི་རྗེས་དྲན་མཆོད་རྟེན་ཉམས་གསོ་དང་དུས་མཇུག་གི་དོ་དམ་སྲུང་སྐྱོབ་བྱ་བ་ཡག་པོར་བསྒྲུབ་སྟེ། མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་བདེ་བླག་ངང་སྤེལ་རྒྱུར་གྲ་སྒྲིག་གང་ལེགས་བྱ་དགོས་པ་བསྟན།

2.jpg

221རྟེན་གཞིའི་ཡན་ལག་བཟོ་གྲྭ་བདུན་པ་དང་ཡན་ལག་བཟོ་གྲྭ་གསུམ་པར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཆ་ཚང་དང་རིག་དངོས་སྔར་བས་བེད་སྤྱོད་གང་ལེགས་གཏོང་བའི་གནས་ཚུལ་ལ་ལྟ་ཞིབ་བྱས། ཡན་ལག་བཟོ་གྲྭ་བདུན་པའི་རིག་དངོས་བེད་སྤྱོད་ལས་འགན་དེ་ཁུལ་ནགས་ཅུས་འཁུར་རྒྱུའི་གཏན་འཁེལ་བྱས་ཤིང་། ཡུལ་དངོས་ནས་ཡན་ལག་བཟོ་གྲྭ་གསུམ་པའི་ཆུ་དང་གློག  ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་དང་ལམ་འགྲམ་གྱི་གློག་སྒྲོན་སྒྱུར་བཀོད་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། བཟོ་གྲྭའི་ཁུལ་གྱི་ལྗང་སྒྱུར་བྱ་བར་ཞིབ་བཤེར་བྱས་ཏེ་ཡན་ལག་བཟོ་གྲྭ་གསུམ་པའི་ས་ཁོངས་སོ་སོ་སྔར་ལས་བེད་སྤྱོད་བྱེད་པའི་འཆར་གཞི་གཏན་འཁེལ་བྱེད་པ་དང་། བཟོ་གྲྭའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་རྒྱུན་གཏན་གྱི་ལས་རེས་སྐོར་ཞིབ་སོགས་ཀྱི་བྱ་བའི་ཐད་ཞིབ་ཕྲའི་བླང་བྱ་བཏོན།   

3.jpg

      རྡུལ་ཕྲན་མཁར་དྲན་གསོ་ཁང་དང་མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་། མཐོ་སྒང་སྙིང་སྟོབས་འགྲེམས་སྟོན་ཁང་གི་ཐོག་སོ་གཉིས་པ་རུ་འགྲེམས་ཁང་སོ་སོའི་འཛུགས་སྐྲུན་རྒྱ་ཁྱོན་དང་ནང་ངོས་གྲུབ་ཆ། འགྲིམ་འགྲུལ་གནས་བབ་སོགས་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་། མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་བྱ་བར་དམིགས་ནས་ཡུལ་དངོས་སུ་འགྲེམས་ཁང་གི་གནས་ཡུལ་གཏན་འཁེལ་བྱས་ཏེ། རྐང་ཚ་རྫོང་གྲངས་འཛིན་སློབ་གསོའི་ལྟེ་གནས་ཀྱི་བྱེད་སྟངས་ལ་དཔེར་བལྟས་ནས། འགྲེམས་སྟོན་འཆར་ངོས་དང་བརྙན་ཕབ་ཆས་སོགས་སྒྲིག་ཆས་སྤྱད་དེ་པར་རིས་དང་བརྙན་ལམ་སོགས་བྱེད་ཐབས་སྣ་ཚོགས་ཟུང་འབྲེལ་བྱེད་པའི་རྣམ་པའི་ཐོག་ནས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཁྱོན་ཡོངས་དང་ཟུར་སྣ་མང་བོའི་ཐོག་ནས་འགྲེམས་སྟོན་བྱེད་དགོས་པ་དང་། ནུབ་མཚོ་ལུས་རྩལ་ར་བ་རུ་ལུས་རྩལ་ཐང་གི་ལྟད་མོར་ལྟ་ས་དང་། མཆོང་རྒྱུག་འཕེན་གསུམ་ར་བ། རྟ་རྒྱུག་ལམ། རླངས་འཁོར་འཇོག་ས། འཕྲོད་བསྟེན་གསང་སྤྱོད་སོགས་སྒྲིག་བཀོད་ཆ་ཚང་ཞིག་གསོ་དང་སྒྱུར་བཀོད་བྱ་བར་ལྟ་སྐུལ་བྱས་པ་མ་ཟད། བྱེ་བྲག་གི་བསམ་འཆར་བཏོན་ལ། བྱ་བའི་ཚན་ཆུང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དུས་བཀག་ལྟར་འགན་ཁུར་ལེགས་འགྲུབ་བྱ་དགོས་པའི་བླང་བྱ་བཏོན།

4.jpg

དབྱང་ཧེ་ལུང་དང་། གཡུ་སྒྲོན་མཚོ། ཨ་ཁྱུང་། ལིག་ཏུང་།  དབྱིན་མོ་ཝུན། ལི་ཞང་ཏུང་། ཁུལ་ཨུའི་གཞུང་ལས་ཁང་གི་འགན་འཁུར་བློ་མཐུན་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་བརྟག་ཞིབ་བྱེད་རོགས་བྱས།  


མཉམ་སྤྱོད།