དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སངས་འབུམ་གྱིས་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་སྐར་ལྔ་རིམ་པའི་མཛེས་ལྗོངས་ཁུལ་གསར་སྐྲུན་བྱ་བར་རྟོག་ཞིབ་གནང་།

2023-04-16 12:44:15   |   783

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་རྒྱུན་ཨུ། མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་མཐོན་པོ་སྒང་མཛེས་ལྗོངས་ཁུལ་གྱི་སྒར་སྡོད་ཁུལ་དང་གསེར་དངུལ་ཐང་། མཛེས་ལྗོངས་ཁུལ་གྱི་གནས་སྐོར་ཞབས་ཞུ་ལྟེ་གནས། ཧྲང་ཞིན་ས་ཚིགས། ཡན་ལག་བཟོ་གྲྭ་གཉིས་པ་སོགས་སུ་སོང་ནས་བརྟག་ཞིབ་དང་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས། 

1.jpg

 མཐོན་པོ་སྒང་མཛེས་ལྗོངས་ཁུལ་གྱི་མཐའ་འཁོར་དང་གསེར་དངུལ་ཐང་སྐྱེ་ཁམས་ཁོར་ཡུག་ཆེད་དོན་བཅོས་སྒྲིག་ལས་དོན་སོགས་ལ་རྟོག་ཞིབ་གནང་སྐབས།  གང་བྱུང་དུ་འཛུགས་སྐྲུན་བྱས་པ་བཅོས་སྒྲིག་དང་ལྕགས་ཁང་གི་རྣམ་པ་སྒྱུར་བཀོད། ཕྱུགས་ལམ་བདག་འཛིན་བྱས་པ་བཅོས་སྐྱོང་།  ཉེ་འཁོར་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་སོགས་ལ་རེ་བ་ནན་ཆེན་བཏོན་པ་མ་ཟད། ཁུལ་ཡོངས་ཀྱི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་ཆེད་དོན་བཅོས་སྒྲིག་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མགྱོགས་མྱུར་སྒོས་ཆེད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་དང་། སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་རོང་འབྲོག་མང་ཚོགས་ལ་གལ་ཆེའི་དོན་སྙིང་གསལ་བཤད་བྱེད་པ་དང་། སྲིད་ཇུས་དང་བཅའ་ཁྲིམས་སྒྲོག་འགྲེལ་གང་ལེགས་ཀྱིས་མང་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་དང་གཞོགས་འདེགས་བྱེད་ཚད་ཆེ་རུ་བཏང་སྟེ། ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་ཚང་མར་འགན་འཁྲི་ཡོད་པ་དང་ཐེ་ཞུགས་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་པ་དང་། ཁྲིམས་འཛིན་ནུས་ལྡན་མཐའ་གཅིག་ཏུ་བྱས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་ཏེ།  ཕྱོགས་བསྡུས་ཁྲིམས་འཛིན་དང་། བརྒྱུད་རིམ་ཚད་ལྡན། གནད་སྨིན་ཐག་གཅོད། དཔེ་མཚོན་དམ་འཛིན་ནན་མོ་བཅས་བྱེད་དགོས་པ་དང་། འགན་འཁྲི་ནན་ཏུ་བཏང་ནས་འབྲེལ་ཡོད་སྡེ་ཚན་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་རིམ་པ་བཞིན་ལས་བགོས་ཞིབ་ཕྲ་བྱེད་པ། སྤུས་ཚད་མཐོ་ལ་ཕན་འབྲས་ཆེ་བའི་སྒོ་ནས་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་པ་བསྟན། 

2.jpg

 གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱིA5རིམ་པའི་མཛེས་ལྗོངས་ཁུལ་གྱི་གནས་སྐོར་ཞབས་ཞུའི་ལྟེ་གནས་དང་། ཡན་ལག་བཟོ་གྲྭ་གཉིས་པ་སོགས་སུ་མཉེན་ཆས་དང་མཁྲེགས་ཆས་བཅོས་སྒྲིག་རིམ་སྤོར་དང་། བཟོ་སྐྲུན་འཕེལ་རིམ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། འབྲེལ་ཡོད་འགན་འཁུར་བློ་མཐུན་དང་མཉམ་དུ་ལས་གཞིའི་འགན་འཁྲི་གྲལ་བཤེར་དང་། ལས་ཡུན་དུས་ཚོད་གཏན་འཁེལ་བྱས།  གསེར་དངུལ་ཐང་དང་རྡུལ་ཕྲན་མཁར་གྱིA5རིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་གསར་སྐྲུན་ལས་དོན་ནི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་བསྐྲུན་དང་། ས་ཁོངས་ཧྲིལ་པོའི་གནས་སྐོར་ལ་སྐུལ་འདེད་གཏོང་བ།  སྐྱེ་ཁམས་གནས་སྐོར་གྱི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་ཡིན། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་མཛེས་ལྗོངས་ཁུལ་བསྐྲུན་པའི་བྱ་བར་སྐུལ་འདེད་གཏོང་བ་དང་། ལས་གཞིའི་དུས་མཇུག་གི་ཞིབ་བཤེར་ལ་གྲ་སྒྲིག་ལེགས་པོ་བྱེད་དགོས་པ་བསྟན། སྤྱིའི་འཆར་འགོད་ཀྱི་རྒྱང་ལྟའི་རང་བཞིན་དང་ཚན་རིག་རང་བཞིན་ཆེ་རུ་གཏོང་བ་དང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས་པ་དང་། ནུས་པ་ཕུན་སུམ་ཚོགས་པ། གྲངས་གཞི་ཞིབ་ཕྲ་བཅས་ཀྱི་ལས་སྟེགས་ཧུར་ཐག་ངང་གཏོད་དགོས་པ། གཏན་འཁེལ་བྱས་ཟིན་པའི་དུས་ཚོད་ནང་བཟོ་སྐྲུན་སྟོབས་ཤུགས་སྤྱི་འདོམས་བྱས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་མཐའ་ཚད་ནན་སྲུང་བྱས་ཏེ་སྤུས་འབོར་གཉིས་འགན་ལེན་བྱེད་དགོས་པ་བསྟན། 

རྫོང་རིམ་པའི་མགོ་ཁྲིད་ལི་ཆིང་ཡུན་དང་ལ་ཧའེ་ཧྥུན། ཞུས་ཁའེ། དེ་བཞིན་རྫོང་རིག་གནས་ཡུལ་སྐོར་ཅུ། རྫོང་རང་བྱུང་ཐོན་ཁུངས་ཅུ། རྫོང་སྡོད་ཁང་འཛུགས་སྐྲུན་ཅུ། རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུ། མཚོ་སྔོན་པོ་ཡུལ་ཚོ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྱིས་བརྟག་ཞིབ་བྱེད་རོགས་བྱས། 


མཉམ་སྤྱོད།