དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-17 08:27:55   |   1442

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔའི་བར། རྒྱལ་ཡོངས་ཀྱི་དཔྱིད་འདེབས་འབྲུ་རིགས་རྒྱ་ཁྱོན་མུའུ་དུང་ཕྱུར1.4ལས་བརྒལ་ཡོད་པ་རེད།

  • བཟོ་འཕྲིན་པུའུ་དང་སློབ་གསོ་པུས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་དོན། 2023ལོའི་རྒྱལ་ཡོངས་ཀྱི་ཁེ་ལས་འབྲིང་ཆུང་གིས་དྲ་ཐོག་ནས་ཉིན་བརྒྱའི་རིང་སློབ་ཆེན་མཐར་ཕྱིན་སློབ་མ་བསྡུ་བའི་བྱེད་སྒོ་སྤེལ་མགོ་ཚུགས་པ་རེད།

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་ཆུ་བེད་རྣམ་གྲངས7239གསར་དུ་ལས་མགོ་བཙུགས་ཡོད།

  • གྲངས་གཞི་ལས་མངོན་པ་ལྟར་ན། 2022ལོར་རང་རྒྱལ་དུ་གསར་དུ་རྩད་ཆོད་པའི་རྡོ་སྣུམ་ས་གཤིས་ཀྱི་གསོག་ཚད་ཏུན་དུང་ཕྱུར14ལས་བརྒལ་བ་དང་། གསར་དུ་རྩད་ཆོད་པའི་རང་བྱུང་སོལ་རླངས་ཀྱི་ས་གཤིས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་ཁྲི་1.2ལས་བརྒལ་ཡོད་པ་རེད།

  • རུ་འཁྱུར་དམག་མིའི་ལས་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་གསུམ་རིང་རིམ་རྩིས་བྱས་ན་དཀའ་ངལ་ཡོད་པའི་རུ་འཁྱུར་དམག་མི་མི་ཐེངས་ཁྲི3849ལ་རོགས་སྐྱོར་བྱས་ཡོད།

  • མིག་སྔའི་བར། ལྷ་གྲུ་ཨང་བཅོ་ལྔ་པའི(神州十五号)འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་གྲུ་ཁང་ནས་ཕྱིར་སྐྱོད་པའི་བྱེད་སྒོ(出舱活动)ཐེངས་བཞི་ལེགས་གྲུབ་བྱུང་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་རྐྱང་པའི་གྲུ་ཁང་ནས་ཕྱིར་སྐྱོད་པའི་བྱེད་སྒོའི(单个出舱活动)ཟིན་ཐོ་གསར་པ་བཏོད་ཡོད།

1.png

  • ཚེས16ཉིན་གྱི་དུས་ཚོད9:36སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས(酒泉卫星发射中心)སུ་རྒྱང་སྐྱོད་ཨང་བཞི་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ། རླུང་སྤྲིན་ཨང་གསུམ་པའི(风云三号)སྲུང་སྐར07མཁའ་དབྱིངས་སུ་འཕེན་གཏོང་བྱས་ཤིང་། སྲུང་སྐར་བདེ་བླག་ངང་དེ་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་བསྐྱོད་ཡོད།

  • ཚེས16ཉིན་བར། མན་ཀྲོའུ་ལི་འགག་སྒོ(满洲里口岸)བརྒྱུད་པའི་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་རིམ་རྩིས་བྱས་ན་ཐེངས་གྲངས20000ལས་བརྒལ་བ་དང་། དངོས་ཟོག་ཚད་ལྡན་དོས་སྒམ་ཁྲི186སྐྱེལ་འདྲེན་བྱས་ཡོད།

  • ཚེས15ཉིན། སུའུ་ཏན་གྱི་དྲག་ཆས་དཔུང་སྡེ་དང་མགྱོགས་མྱུར་རོགས་སྐྱོར་དཔུང་སྡེའི་དབར་རྒྱལ་ས་ཁར་ཐུམ(喀土穆)སོགས་སུ་དམག་འཁྲུག་བྱུང་བ་རེད། སུའུ་ཏན་སྨན་པའི་ཨུ་ཡོན་ལྷན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། དམག་འཁྲུག་གིས་ཉུང་མཐར་ཡང་མི56རྐྱེན་ལམ་དུ་ཤོར་བ་དང་། མི595ལ་རྨས་སྐྱོན་ཕོག་ཡོད་པ་རེད།

སྤྱི་ཚོགས།

  • དེ་རིང་དང་སང་ཉིན་རིང་། རང་རྒྱལ་གྱི་ས་ཁུལ་མང་ཆེ་བར་དྲོད་ཚད་འཕར་བའི་གནམ་གཤིས་གཙོ་བོ་ཡིན་པ་དང་། རྨ་ཆུའི་ལྷོ་རྒྱུད་ཀྱི་ས་ཁོངས་ཆེན་པོའི་དྲོད་ཚད30℃ཡན་ཟིན་རྒྱུ་རེད།

  • སྐབས133པའི་ཀོང་ཀྲོའུ་ཚོང་འདུས(广交会)འགྲེམས་ཚོགས་དེ་ཚེས15ཉིན་སྤེལ་བ་དང་། ཉིན་ཧྲིལ་པོར་ཞུགས་མཁན་མི་ཐེངས་ཁྲི37ཙམ་ཟིན་ནས་ཀོང་ཀྲོའུ་ཚོང་འདུས་འགྲེམས་ཚོགས་ཀྱི་ཉིན་དང་པོར་ཞུགས་མཁན་མི་གྲངས་ཀྱི་ཟིན་ཐོ་བཏོད་ཡོད།

  • 2023ལོའི་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐྱལ་མཆོང་འཛམ་གླིང་བུམ་པའི་འགྲན་བསྡུར་ཚེས16ཉིན་མཇུག་འགྲིལ་བ་དང་། ཀྲུང་གོའི་རུ་ཁག་གིས་གསེར་གྱི་རྟགས་མ9ཚང་མ་བླངས་པ་རེད།

2.jpg

  • ཚེས16ཉིན། WBO(འཛམ་གླིང་ཁུ་ཚུར་གཞུ་རྩལ་རྩ་འཛུགས)ལྗིད་ཚད་མཐོན་པོ་རིམ་པའི་བར་བརྒལ་ཁུ་ཚུར(重量级过渡拳王)འགྲན་བསྡུར་ཁྲོད། ཀྲུང་གོའི་ཁུ་ཚུར་མཁན་ཀྲང་ཀྲི་ལེ་ཡིས་ཀྲུང་གོའི་ལྗིད་ཚད་མཐོན་པོ་རིམ་པའི་ཁུ་ཚུར་གཞུ་རྩལ་གྱི་གསེར་གྱི་སྐེ་རགས་ཐོག་མ(首条重量级拳击金腰带)དེ་བླངས་པ་རེད།

  • ཅང་སུའུ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་དེ་སྔའི་ཏང་ཙུའི་ཁོངས་མི། ཀྲུའུ་རིན་གཞོན་པ་ལིའུ་ཧན་ཏུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • མིག་སྔར། ཡུན་ནན་གྱི་ཡུས་ཤིས་ཅང་ཁྲོན་རི་བོའི(玉溪江川山火)མེ་སྐྱོན་ཚང་མ་བསད་ནས་གཙང་སེལ་དུས་མཚམས་སུ་སླེབས་ཡོད།

  • ཧུའུ་པེ་ཝུའུ་ཧན(湖北武汉)ཉེན་རྟོག་ཕྱོགས་ཀྱིས་མཉེན་ཆས་བཟོ་བ་དང་ཕྱིར་ཚོང་བྱེད་པའི་མགོ་སྐོར་ཉེས་གསོག་ཚོགས་པ་ཞིག་མེད་པར་བཟོས། ཉེས་གསོག་དོགས་ཅན་མི8འཛིན་བཟུང་བྱས་པ་རེད།

3.jpg

  • ཉེ་ཆར། ཀོང་ཤིས་ཀྱིས་ཀྲུང་གོའི་བྲག་ཞུན་ས་ཁུལ(岩溶地区)གྱི་སྡོང་བོ་མཐོ་ཤོས་ཤེས་རྟོགས་བྱུང་། མཐོ་ཚད་སྨི72.4ཡོད།

4.gif

  • ཅང་ཤིས་ཅིང་ཨན(江西靖安)གྱི་བུ་ཆུང་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། ཅིང་ཨན་གཞུང་ལམ་གྱི་ལས་བཟོ་པ་ཡའོ་ཆོན་ཆུ་ནང་དུ་མཚོང་ནས་ཆུར་ལྷུང་བའི་བྱིས་པ་དེ་བསྐྱབས།

སྲིད་ཇུས།

  • ཧྲན་ཏུང་གིས་ཤང་གྲོང་གནས་ཡུལ་གྱི་དམའ་རིམ་སློབ་འབྲིང་ལ་ཞག་སྡོད་ཆ་རྐྱེན་འཛོམས་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་གཞན་དག་གིས་ཞག་སྡོད་མིན་པའི་སློབ་མར་ཉིན་གུང་ངལ་གསོ་བྱ་ཡུལ་ལམ་ཡང་ན་ཆ་རྐྱེན་མཁོ་འདོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཧོ་ནན(河南)གྱིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་གྱི་སྡོད་ཁང་དངུལ་བུན་ལས་སྒོ་གཉེར་སྒྲུབ་ཇེ་མགྱོགས་སུ་བཏང་། ཞིབ་བཤེར་དང་གཏན་འཇགས་རྒྱུ་ནོར་ཐོ་འགོད་གཏའ་འཇོག(不动产登记抵押)  དངུལ་བུན་གཏོང་བའི་དུས་ཚད་དེ་ལས་ཀའི་ཉིན20ནང་ཚུན་དུ་ཐུང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

  • ཧང་ཀྲོའུ(杭州)ཡིས་གཞིས་ཆགས་སྲིད་ཇུས་ལྷུག་ཏུ་བཏང(放宽落户政策)། གྲོང་ཁུལ་དུ་ལས་ཞུགས་བྱས་ཡོད་པའི་ལོ35མན་གྱི་མཐོ་སློབ་དཀྱུས་མའི་ཆེད་སྦྱོང་སློབ་རྒྱུས་ལྡན་པའི་སློབ་ཆེན་མཐར་ཕྱིན་སློབ་མས་གྲོང་ཁུལ་དུ་གཞིས་ཆགས་ཆོག་གི་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་གི་བྱང་རྒྱུད་དང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། སི་ཁྲོན་གྱི་དབུས་རྒྱུད་དང་ཤར་རྒྱུད། ལེའོ་ཉིང་གི་ཤར་རྒྱུད། ཧྲན་ཤིས་ཀྱི་ལྷོ་ནུབ་རྒྱུད། ཧོ་ནན་གྱི་ནུབ་རྒྱུད། ཧུའུ་པེའི་དབུས་ནུབ་རྒྱུད། ཁྲུང་ཆིང་གི་བྱང་རྒྱུད། ཧུའུ་ནན་གྱི་བྱང་རྒྱུད། ཀོང་ཤིས་ཀྱི་དབུས་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད།

5.jpg

  • ཧར་པིན(哈尔滨)། ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་ཞིང་ཆེན་བརྒལ་ནས་གཞན་སྒྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་ཐུབ་པ་མངོན་འགྱུར་བྱུང་ཡོད། འབྲེལ་ཡོད་ལས་སྒོ་རང་འགུལ་ངང་དྲ་ཐོག་ནས་གཉེར་ཆོག

  • སུའུ་ཀྲོའུ(苏州)། རིམ་སྤོར་སྒྱུར་བཀོད་བྱས་པའི་དབང་གིས་ལུས་རྩལ་ལྟེ་གནས་ཀྱི་འགྲན་ར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་མཚམས་འཇོག་རྒྱུ་དང་། སྒོ་དབྱེའི་དུས་ཚོད་འོས་འཚམ་གྱི་དུས་སུ་བརྡ་ཐོ་གཏོང་རྒྱུ་རེད།


མཉམ་སྤྱོད།