དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་ལས་བྱེད་པའི་སློབ་གླིང་དེ་རྒྱལ་ཡོངས་ཀྱི་ཏང་གཤིས་སློབ་གསོའི་ལས་སྟེགས་ཆེན་པོར་ཚུད་འདུག

2023-04-17 09:04:16   |   1483

སྒྲིག་སྒྱུར།   སངས་དོན།     ཡོང་ཁུངས།  མཚོ་བྱང་སྨྱན་གསར།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


1.jpeg

ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུའི་ཆོག་མཆན་ཐོབ་ནས་མིང་བསྒྱུར་བའི་མཚོ་སྔོན་གྱི་འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་ལས་བྱེད་པའི་སློབ་གླིང་དེ་ཀྲུང་དབྱང་རྩ་འཛུགས་པུས་སློབ་གཉེར་སྤུས་ཚད་དཔྱད་དཔོག་དང་ཞིབ་བཤེར་རྩིས་ལེན་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་ལས་བྱེད་པའི་ཏང་གཤིས་སློབ་གསོའི་ལས་སྟེགས་ཆེན་པོའི་ནང་ཚུད་དེ་རྒྱལ་ཡོངས་ཀྱི་ཏང་གཤིས་སློབ་གསོའི་ལས་བྱེད་པའི་སློབ་གླིང72ནང་གི་གཅིག་ཡིན་ལ།  ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་ཀྱི་ཏང་གཤིས་སློབ་གསོའི་ལས་བྱེད་པའི་སློབ་གླིང་གཅིག་པུ་རེད། 

2.jpg

རྗེས་ཕྱོགས།  སློབ་གླིང་གིས(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཏང་གཤིས་སློབ་གསོའི་ལས་བྱེད་པའི་སློབ་གླིང་གི་དཀར་ཆག་ནང་ཚུད་པ་དེ་གོ་སྐབས་སུ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་ཡིན་པ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་ཀྱི་ཏང་གཤིས་སློབ་གསོའི་ལས་བྱེད་པའི་གསོ་སྦྱོང་མ་ལག་ནང་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་བྱས་ཏེ“འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ལེགས་པོ་བཏང་སྟེ། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་བསམ་བློའི་རིན་ཐང་དེ་དེང་རབས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་དགོས། 

3.jpg


མཉམ་སྤྱོད།