དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་རྐང་ཚ་ནས་གཏམ་དཔེ་འགྲན་སྡུར་གྱི་བྱེད་སྒོ་སྤེལ།

2023-04-17 22:09:49   |   2509

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།   རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཞུང་དྲང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། དུས་རབས་ཀྱི་རྗེས་ཟིན་པའི་རྩོམ་རིག་གི་ལམ་ཕྱོགས་གསར་བ་བཏོད་དགོས་ཞེས་པའི་དགོངས་པ་སྲོག་ཤིང་དུ་བཟུང་སྟེ། བོད་ཀྱི་སྲོལ་རྒྱུན་གཏམ་དཔེ་འཚོལ་སྡུད་དང་སྒྲ་ཕབ། ལེགས་སྒྲིག རྒྱུན་འཛིན། འཕེལ་རྒྱས་བཅས་གཏང་ཆེད། ཟླ4བའི་ཚེས15ནས་ཚེས16ཉིན་བར། རྐང་ཚའི་གཏམ་དཔེ་རྒྱུད་འཛིན་མཐུན་ཚོགས་ཀྱིས་བོད་གཟི་གནམ་ས་ཁ་སྤྲོད་རྟགས་མའི་གཏམ་བཤད་འགྲན་སྡུར་སྐབས་དང་པོ་གདང་ལ་རི་བོའི་གསོལ་ཁང་དུ་གཟབ་རྒྱས་ངང་སྤེལ།

ཉིན་གཉིས་ཀྱི་ཛ་དྲག་གི་འགྲན་སྡུར་བརྒྱུད་འགྲན་རིམ་སོ་སོ་ཡོངས་སུ་མཇུག་བསྡུས་ཏེ། བྱ་དགའ་ཐོབ་མཁན་གྱི་འགྲན་ཞུགས་པ་རྣམས་ལ་གཟེངས་བསྟོད་བྱས་ཤིང་། མི་དམངས་མང་ཚོགས་ཀྱི་རིག་གནས་ལས་ཞོར་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བསམ་པའི་རྒྱགས་ཕྱེ་བསྩལ་ལ། བོད་མཁར་རྐང་ཚའི་གཏམ་དཔེ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྐུལ་ལྕག་གང་ལེགས་བཏང་འདུག 


མཉམ་སྤྱོད།