དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-18 08:49:33   |   1550

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་དབྱང་གྲོང་གསེབ་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རྩོམ་སྒྲིག་བྱས་པའི《“ཞིང་གསུམ”ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཀློག་དེབ》ཉེ་ཆར་མི་དམངས་དཔེ་སྐྲུན་ཁང་དང་ཀྲུང་གོ་ཞིང་ལས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།

1.jpg

  • ཀྲུང་དབྱང་ནོར་སྲིད་ཀྱིས་ཉིན་ཤས་གོང་མ་དངུལ་སྒོར་དུང་ཕྱུར100བཏང་ནས་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲད་དེ་དཔྱིད་རྨོད་ཐོན་སྐྱེད་ལ་སྤྱི་འདོམས་རྒྱབ་སྐྱོར་བྱས་པ།

  • ཚེས10ནས16ཉིན་བར། རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཟོག་འདྲེན་རླངས་འཁོར་རིམ་རྩིས་བྱས་ན་ཁྲི5406.4ཤར་གཏོང་བྱས་པས། དུས་མཚུངས་ལས13.96%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་ཇུས་གཞི་ཁྱབ་བསྒྲགས་བྱས་ནས་དྲ་རྒྱའི་ཁ་ཆད་རླངས་འཁོར(网约车)དང་ཟོག་འདྲེན་ལས་སྟེགས་ཀུང་སིས(货运平台公司)ཁེ་བཟང་འཐེན་མཐོ་དྲགས་པ(过高抽成)ཉུང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། རང་རྒྱལ་གྱི་ཁེ་ཡོན་མཉེན་ཆས་གསར་སྤེལ(开源软件开发)བྱེད་མཁན་ཁྲི800ལས་བརྒལ་བ་དང་། གོ་ལ་ཧྲིལ་པོའི་ཨང་གཉིས་པར་སླེབས་ཡོད།

  • ཉེ་ཆར། རྒྱལ་ཁབ་བདེ་འཇགས་པུའུ་ཡིས་སྤྱི་ཚོགས་ཡོངས་ལ་ཕྱོགས་ནས་ཡིག་སྒམ100091—091ཡན་ལག་ཡིག་སྒམ་དེ་ལྟ་སྐུལ་ཐེར་འདོན་གྱི་ཆེད་སྤྱོད་ཡིག་སྒམ་དུ་བརྩིས་ཤར་གཏོང་བྱས་པ་དང་།  400-040-5198དེ་ལྟ་སྐུལ་ཐེར་འདོན་གྱི་ཆེད་སྤྱོད་ཁ་པར་དུ་བརྩིས་ནས་ཤར་གཏོང་བྱས་ཡོད།

  • ཚེས17ཉིན། ཚན་རྩལ་པུས་རྒྱལ་ཁབ་ཀྱི་རིམ་འདས་རྩིས་རྒྱག་གི་(国家超算)དྲ་སྦྲེལ་བྱ་བའི་བཀོད་སྒྲིག་བྱེད་མགོ་ཚུགས།

  • ཚེས16ཉིན། ཨ་རིའི“སྨི་ལི་ཨེ་སི(米利厄斯)”རྟགས་ཅན་གྱི་འཕུར་མདེལ་མཐར་སྐྲོད་དམག་གྲུ(导弹驱逐舰)ཐེ་ཝན་མཚོ་འགག་བརྒྱུད་དེ་ཡོངས་བསྒྲགས་སུ་འུད་སྒྲོག་བྱས་པ་དང་། རང་རྒྱལ་གྱི་ཤར་རྒྱུད་འཐབ་ཁུལ་གྱིས་དམག་ཤུགས་རྩ་འཛུགས་ཀྱིས་ཨ་རིའི་དམག་གྲུའི་བྱ་སྤྱོད་ལ་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དང་ཉེན་ཟོན་བྱས།

  • འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ས་གནས་དེ་གའི་དུས་ཚོད་ཚེས16ཉིན་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། སུའུ་ཏན་གྱི་དྲག་ཆས་གདོང་ཐུག་གིས་མི83རྐྱེན་ལམ་དུ་ཤོར་བ་དང་མི1126ལ་རྨས་སྐྱོན་ཕོག་ཡོད་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ནས་ཚེས21ཉིན་བར། ཤིན་ཅང་གི་ས་ཁུལ་མང་ཆེ་བ་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད། ཧྭ་པེ(华北)།  བྱང་ཤར(东北)། ཧོང་ཧུའེ(黄淮)། ཅང་ཧན(江汉)། ཅང་ཧོའེ(江淮)སོགས་ས་ཁུལ་གྱི་ཉིན་རེའི་ཆ་སྙོམས་དྲོད་ཚད་སྔ་རྗེས་སུ་ཏུའུ6ནས10བར་ཆག་རྒྱུ་རེད།

  • ཚེས17ཉིན་གྱི་ཆུ་ཚོད24ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་སོ་སོ་ཏུན་རེར་སྒོར550དང་སྒོར525མཐོ་རུ་གཏོང་རྒྱུ་རེད།

  • ཚེས17ཉིན། ཆུ་བེད་པུས་བསྟན་དོན། ཉེན་ཁ་ཆེ་བའི་ཆུ་མཛོད་ཀྱིས་འབྲུབ་དུས(主汛期)སུ་རྩ་དོན་ཐོག་ཆུ་མི་བསྐྱིལ་བར་མཛོད་སྟོང་འཁོར་སྐྱོད(空库运行)བྱེད་ཀྱིན་ཡོད།

  • ཚེས17ཉིན། ཀྲུང་གོའི་ལན་ཆིའུ་སྤོ་ལོའི་མཐུན་ཚོགས་ཀྱིས“ཧྲང་ཧའེ་ཅིག་ཧྲི་རུ་ཁག(上海久事队)”དང“སུའུ་ཀྲོའུ་ཁེན་ཏི་ཡ་རུ་ཁག(苏州肯帝亚队)”ལ་ཆད་པ་གཅོད་རྒྱུའི་སྐོར་གྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད།

2.jpg

  • ད་ལོའི་དུས་ཚིགས་དང་པོར། ཧེ་ཁོའུ་འགག་སྒོས(海口海关)གླིང་ཕྲན་ནས་ཁྲལ་མི་དགོས་པའི་དངོས་ཟོག་ཉོ་སྒྲུབ(免税购物)བྱས་པའི་དངུལ་འབོར་སྒོར་དུང་ཕྱུར169ལ་ལྟ་སྐུལ་དོ་དམ་བྱས།  དུས་མཚུངས་ལས14.6%འཕར་ཡོད།

  • ཚེས16ཉིན། ཧྲན་ཏུང་ཙི་པོས(山东淄博)དྲན་སྐུལ་གྱི་ཡི་གེ་བཏོན་ནས་གཉེར་སྐྱོང་པའི་རིན་གོང་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད།

  • རང་རྒྱལ་གྱིས་རང་བརྟེན་སོན་གསོ་ཞིབ་འཇུག་གསར་སྤེལ(自主育种研发)བྱས་པའི་ལོག་དཀར་གྱི་རིགས་སྣ་གསར་པ“ཀྲུང་སྣུམ་ཨང་དང་པོ”ཚེས16ཉིན་ཅང་ཤིས(江西)སུ་ཐོན་ཚད་རྟོག་འཇལ་བྱས། ལོག་དཀར་གྱི་མུའུ་རེའི་ཐོན་ཚད་སྤྱི་རྒྱ175.7ཟིན་ནས་ཐེངས་གསུམ་སྨིན་པའི(三熟制模式)དུས་ཡུན་ཐུང་ངའི་སྐྱེས་འཚར(短期生育期)ལོག་དཀར་གྱི་ཐོན་མཐོའི་ཟིན་ཐོ་བཏོད་ཡོད།

  • ཚེས17ཉིན་གྱི་ཞོགས་པའི་ཆུ་ཚོད7པའི་བར། ཡུན་ནན་ལི་ཅང་ཐ་ཁྲིན་ཡུལ་ཚོའི(云南丽江塔城乡)ནགས་ཚལ་མེ་སྐྱོན་ཚང་མ་བསད་པ་དང་། མེ་སྐྱོན་བྱུང་ཡུལ་དེ་གཙང་སེལ་དང་ལྟ་སྲུང་གི་དུས་མཚམས་སུ་སླེབས་ཡོད་པ་རེད།

3.jpg

  • ཧུའུ་ནན་ཧེང་དབྱང(湖南衡阳)གི་དམའ་འབྲིང་ལོ་རིམ་གསུམ་པའི་བུ་མོ་ཞུང་སི་ཆི་ལ་ལྷན་སྐྱེས་ཀྱི་ཤ་གནད་ཕོག(患有先天性肌无力)ནས་རང་ཚུགས་ངང་འགྲོ་མི་ཐུབ་པ་དང་། སློབ་གྲོགས་ཞུང་ཧྲ་ཧྲ་ཡིས་ལོ་གསུམ་རིང་ཉིན་ལྟར་ཞུང་སི་ཆི་ཁུར་ནས་སློབ་ཁྲིད་ལ་ཞུགས་པ་རྒྱུན་འཁྱོངས་བྱས་པ་རེད།

སྲིད་ཇུས།

  • ཧུ་ནན(河南)གྱིས་བྱེད་ཐབས་བཏོན་ནས་ས་གནས་ཁག་གིས་ཁང་པ་ཉོ་བའི་ཁ་གསབ་དང་གན་ཁྲལ་ཁ་གསབ་སྤྲོད་པ(契税补贴)སོགས་ཀྱི་བྱེད་ཐབས་བརྒྱུད། དགོས་ངེས་རང་བཞིན(刚性)དང་ལེགས་སྒྱུར་རང་བཞིན་གྱི་སྡོད་ཁང(改善性住房)གི་དགོས་མཁོར་རྒྱབ་སྐྱོར་བྱ་རྒྱུར་སྐུལ་ལྕག་བྱས་པ་རེད།

  • ཧུའུ་པེས(湖北)གནས་སྐབས་སུ་ཐོན་སྐྱེད་གཉེར་སྐྱོང་ལ་དཀའ་ངལ་ཡོད་པའི་ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་རེ་ཞུ་དང་ཁས་ལེན་བྱས་རྗེས། ཆུ་དང་གློག  སོལ་རླངས་སྤྱོད་པར“གྲོན་དངུལ་ཆད་ཀྱང་མཁོ་འདོན་བྱེད་མཚམས་མི་འཇོག་པའི(执行欠费不停供)”སྲིད་ཇུས་ལག་བསྟར་བྱ་རྒྱུ་ཁ་གསལ་བཏོན་ཡོད།

  • ཧེ་ནན(海南)གྱིས་ཁང་པའི་འཛུགས་སྐྲུན་ལས་གྲྭའི་ཁྲོད། གནས་སྐབས་ཀྱི་མེ་ཟོན་སྒྲིག་བཀོད་ཀྱི་བཀོད་སྒྲིག་དང་སྐྲུན་བཞིན་པའི་ལས་གྲྭའི་གྲུབ་ཆ་གཙོ་བོའི་ཨར་ལས་ཞིབ་ཚད་ཀྱི་ཧེ་བག(施工精度差距)ཐོག་སོ3ལས་བརྒལ་མི་རུང་ཞེས་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཤིན་ཅང་གི་བྱང་རྒྱུད་དང་ཐེན་ཧྲན་རི་བོའི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དང་། བོད་ལྗོངས་ཀྱི་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་རྒྱུ་རེད། དེའི་ཁྲོད། ཤིན་ཅང་ཨ་ལི་ཐའེ་རི་ཁུལ་དང་ཐེན་ཧྲན་རི་བོའི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁངས་ཆེན་འབབ་ཀྱི་རེད། ཁྲུང་ཆིང་ལྷོ་རྒྱུད་དང་། ཀུའེ་ཀྲོའུ་ཡི་བྱང་ཤར་རྒྱུད། ཀྲེ་ཅང་གི་ལྷོ་ནུབ་རྒྱུད། ཧྥུའུ་ཅན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད་པ་དང་། དེའི་ནང་། ཧུའུ་ནན་གྱི་བྱང་རྒྱུད་དང་ཅང་ཞིའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་འབབ་ཀྱི་རེད།

4.jpg

  • ཧྥུའུ་ཅན། 2023ལོའི་ཟླ6པར། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་སྦྱོང་ཆུ་ཚད་ཚད་ལོན་རང་བཞིན་གྱི་ཡིག་རྒྱུགས་དེ་རིང་ནས་མིང་ཐོ་འགོད་མགོ་ཚུགས་པ་རེད།

  • ཀྲེ་ཅང་ཧང་ཀྲོའུ། 2023ལོར་གྲོང་ཁུལ་གཙོ་བོའི་རིན་མེད་ལུས་ཕུང་བདེ་ཐང་བརྟག་དཔྱད་གྱི་འགན་བཅོལ་ནང་ཞུགས་མཁན་གྱི་བརྟག་དཔྱད་ལས་དོན་སྤེལ་མགོ་ཚུགས་པ་དང་། ཆ་རྐྱེན་འཛོམས་པའི་འགན་བཅོལ་ནང་ཞུགས་མཁན་གྱིས“ཀྲེ་ཅང”APPཡི་དྲ་ཐོག་ནས་སྔོན་མངགས་བྱེད་ཆོག་གི་ཡོད་པ་རེད།


མཉམ་སྤྱོད།