དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བར་དམ་ཆུ་བོའི་འབབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་ས་ཁུལ་བཞིའི་ཞིབ་དཔྱོད་ལས་ཁུངས་ཀྱིས་མཉམ་ལས་གྲོས་མཐུན་བཞག

2023-04-18 11:38:27   |   2447

སྒྲིག་སྒྱུར།  སངས་དོན།    ཡོང་ཁུངས།   མཚོ་བྱང་སྨྱན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ4ཚེས17ཉིན། མཚོ་བྱང་ཁུལ་མི་དམངས་ཞིབ་དཔྱོད་ཁང་དང་ནང་སོག་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཨ་ལ་ཧྲན་མོང་ཡན་ལག་ཁང་དང་། ཀན་སུའུ་ཞིང་ཆེན་ཅིག་ཆོན་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་། ཀན་སུའུ་ཞིང་ཆེན་འབྲོང་ཡུལ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱིས་མཚོ་བྱང་ཁུལ་མདོ་ལ་རྫོང་བཙུན་མོ་གཞོངས་གྲོང་རྡལ་ཧེ་ཧོ་འདུ་ར་ནས《བར་དམ་ཆུ་བོ་འབབ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་བའི་མཉམ་ལས་བསམ་འཆར》ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས།

མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཁོངས་མི། ཞིབ་དཔྱོད་དཔོན་གཞོན་པ་སུང་ཀྲའོ་ལུའུ་དང་། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཞང་ཏུང་། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་དོ་དམ་ཅུས་དང་། མཚོ་བྱང་ཁུལ་ཨུའི་སྲིད་ཁྲིམས་ཨུ་ལྷན། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུ།  ཁུལ་ནགས་ལས་རྩྭ་ཐང་ཅུ། སྟག་སྣ་དགོན་་ཆུ་བེད་ལྟེ་གནས་འཛུགས་སྐྲུན་དོ་དམ་ཅུ་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་དང་། མདོ་ལ་རྫོང་དམངས་ཆེན་འཐུས་མི། སྲིད་གྲོས་ཨུ་ཡོན། མི་དམངས་ཀྱི་ལྟ་རྟོག་པ་བཅས་མིང་ཐོ་འགོད་པའི་མཛད་སྒོར་ཞུགས།

3.jpg

བར་དམ་ཆུ་བོ་ནི་རང་རྒྱལ་གྱི་སྐམ་སར་འབབ་པའི་ཆུ་བོ་ཆེན་པོ་གཉིས་པ་ཡིན་ལ།  མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་ནས་འབབ་པ་དང་། མཚོ་སྔོན་དང་ཀན་སུའུ། ནང་སོག་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་བརྒྱུད་ཀྱིན་ཡོད། མཚོ་བྱང་ཁུལ་དང་འབྲོང་ཡུལ་གྲོང་ཁྱེར། ཅིག་ཆོན་གྲོང་ཁྱེར། ཨ་ལ་ཧྲན་མོང་བཅས་ཀྱི་མ་ཡུམ་ཆུ་བོ་ཡིན། བར་དམ་ཆུ་བོ་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ་དེ། རང་རྒྱལ་གྱི་ནུབ་བྱང་དང་ཧྭ་བྱང་ས་ཁུལ་ལ་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་མཁོ་འདོན་བྱེད་རྒྱུ་དང་། ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་འབྲེལ་བ་དམ་ཟབ་ཡོད།

4.jpg

མཛད་སྒོའི་ཐོག  ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་ས་གནས་བཞིའི་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་གྱིས་མཉམ་དུ་བར་དམ་ཆུ་བོ་འབབ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་མཉམ་ལས་ལམ་སྲོལ་ལག་ལེན་བསྟར་མགོ་ཚུགས་པར་བྱས་ཤིང་། 《བར་དམ་ཆུ་བོ་འབབ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་མཉམ་ལས་བསམ་འཆར》ལ་མིང་རྟགས་བཀོད་པ་མ་ཟད། བར་དམ་ཆུ་བོ་འབབ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཞིབ་དཔྱོད་ལས་དོན་སྤེལ་ཚུལ་དང་དེ་བཞིན་བླངས་པའི་ཕན་འབྲས་ངོ་སྤྲོད་བྱས། དུས་མཚུངས་སུ། ཞིབ་དཔྱོད་ལས་ཁུངས་ཀྱིས་གྱོད་གཞི་ལས་སྒྲུབ་ཀྱི་མཉམ་ལས་སྒྲིག་སྲོལ་དང་གསར་བཏོད་བྱེད་ཐབས། གྱོད་གཞིའི་ཁུངས་སྣེ་བསྒྱུར་སྤྲོད། ཐོན་ཁུངས་མཉམ་སྤྱོད། དགེ་མཚན་ཁ་གསབ་བཅས་ལ་ཤུགས་སྣོན་བྱེད་པར་གྲོམ་འཆམ་བྱུང་།

5.jpg

ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་ས་ཁུལ་བཞིའི་ཞིབ་དཔྱོད་ལས་ཁུངས་ཀྱིས་ས་ཁོངས་བརྒལ་བའི་བར་དམ་ཆུ་བོ་འབབ་ཡུལ་གྱི་སྐྱེ་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་གི་མཉམ་ལས་ལམ་སྲོལ་བཙུགས་པ་དེ་ནི། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ཞིབ་ཕྲའི་ལག་ལེན་ཞིག་དང་།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་འགན་ལེན་བྱེད་པའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་གཟིགས་རྒྱང་རིང་བའི་ཆུ་བཅོས་བསམ་ཕྱོགས་བཏོན་པ་དང་། རྒྱལ་ཁབ་ཀྱི་“གཙང་པོའི་འཐབ་ཇུས་”གཏན་འཁེལ་བྱས་ཏེ། གཙང་པོ་དང་མཚེའུ་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།

6.jpg

ཞིབ་དཔྱོད་ལས་ཁུངས་དེ་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ཞིག་ཡིན་པའི་ངོས་ནས།“མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད”བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་རྣམ་པ་གསར་པ་འཛུགས་སྐྱོང་བྱེད་པ་དང་། “སླར་གསོ་རང་བཞིན་གྱི་ཁྲིམས་འཛིན+ཆེད་ལས་ཅན་གྱི་ལྟ་སྐུལ+སྤྱི་ཚོགས་ཅན་གྱི་བཅོས་སྐྱོང་”གི་བྱེད་སྟངས་གསར་པ་ལག་ལེན་བྱས་ཏེ། ས་ཁོངས་བརྒལ་བའི་སྐྱེ་ཁམས་ཁོར་ཡུལ་དང་ཐོན་ཁུངས་སྲུང་སྐྱོང་། ཞིབ་དཔྱོད་ཀྱི་སྟོབས་ཤུགས་གཅིག་བསྡུས་ཀྱིས་བར་དམ་ཆུ་བོར་སྲུང་སྐྱོང་བྱེད་པ་དང་། གྱོད་གཞི་ལས་སྒྲུབ་ཀྱི་གྲུབ་འབྲས་དེ་སྲུང་སྐྱོང་དང་བཅོས་སྒྲིག་བྱེད་པའི་ཡུན་ཕན་སྒྲིག་ལུགས་སུ་འགྱུར་བར་བྱེད་པ། ཐུན་མོང་གིས་བར་དམ་ཆུ་བོའི་འབབ་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་བཅོས་དང་། མ་ཡུམ་ཆུ་བོ་སླར་ཡང་ལྷུང་ལྷུང་བཞུར་བའི་རྣམ་པ་མངོན་འགྱུར་བྱེད་དགོས།


མཉམ་སྤྱོད།