དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིང་ཀྲང་ཀྲོའུ་ནེ་ཞང་གིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པར་མཇལ་འཕྲད་གནང་།

2023-04-18 17:20:06   |   3173

སྒྲིག་སྒྱུར།   སངས་དོན།  ཡོང་ཁུངས།   མཚོ་བྱང་སྨྱན་གསར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4པའི་ཚེས17ཉིན་གྱི་ཕྱི་དྲོ། ཧྲན་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིང་ཀྲང་ཀྲོའུ་ནེ་ཞང་གིས་ཅི་ནན་དུ་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པར་མཇལ་འཕྲད་གནང་།

1.jpg

ཀྲོའུ་ནེ་ཞང་གིས་འཐུས་མི་ཚོགས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་དང་། ཁོང་གིས་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཧྲན་ཏུང་ལ་སྤྲད་པའི་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལས་འགན་ཞིག་རེད། ན་ནིང་ནས་བཟུང་། ང་ཚོས་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་པ་དང་། འགན་འཁྲི་དང་བརྩེ་སེམས་བཅངས་ནས་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་བས་འཕེལ་རྒྱས་དང་ཕན་འབྲས་ཏན་ཏིག་ཐོབ་ཡོད། མཚོ་བྱང་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ད་ཐེངས་ཧྲན་ཏུང་དུ་རྟོག་ཞིབ་བྱེད་པར་ཕེབས་པར་ཕྱོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་གོ་སྐབས་བཟང་པོ་མཁོ་འདོན་བྱས་ཡོད།  ཧྲན་ཏུང་གིས་མཚོ་བྱང་ཁུལ་དང་མཉམ་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་པ་དང་། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱེད་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་བསྟན་པ་རེད། ཧྲན་ཏུང་གི་འབྲེལ་ཡོད་ཕྱོགས་ཀྱིས་མཚོ་བྱང་ཁུལ་གྱི་དངོས་ཡོད་དགོས་མཁོ་དང་གནད་སྨིན་སྦྲེལ་མཐུད་བྱས་ཏེ་རིག་སྟོབས་རོགས་སྐྱོར་དང་། ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ལེགས་ཆ་གསབ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲོམ་རའི་བྱེད་པོའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་གསུང་།

ཧྲན་ཏུང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་ཧྲིང་ཀྲང་གཞོན་པ་ཙེང་ཙན་རུང་མཇལ་འཕྲད་ནང་ཞུགས།

ཧྲན་ཏུང་དུ་སྡོད་རིང་། འཐུས་མི་ཚོགས་པས་ཅི་ནན་དུ་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་སྒྲིག་འཛུགས་བྱ་རྒྱུ་མ་ཟད། ལིན་དབྱི་དང་། ལེའོ་ཁྲེང་། པིན་ཀྲོའུ། ཝུའེ་ཧའེ། ཆིང་ཏའོ་སོགས་གྲོང་ཁྱེར་ལྔར་རྟོག་ཞིབ་དང་བརྟག་ཞིབ་བྱེད་པར་བསྐྱོད་རྒྱུ་རེད།


མཉམ་སྤྱོད།