དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-19 08:39:31   |   1799

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་དབྱང་གི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཏན་འབེབས་ལས་དོན་གྱི་འཆར་འགོད་རྩ་གནད(2023ལོ་ནས2027ལོ་བར)》པར་འགྲེམས་བྱས།

  • ཚེས18ཉིན། རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་རགས་རྩིས་བྱས་པར་གཞིགས་ན། 2023ལོའི་དུས་ཚིགས་དང་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར284997ཟིན།  དུས་མཚུངས་ལས4.5%འཕར་ཡོད།

  • ཚེས18ཉིན། ནོར་སྲིད་པུས་དུས་ཚིགས་དང་པོར་རང་རྒྱལ་གྱི་ནོར་སྲིད་ཡོང་འབབ་བརྟན་པོའི་ངང་ཡར་རྒྱས་འགྲོ་བའི་རྣམ་པ་མངོན་པ་དང་། གཞི་རྩའི་དམངས་འཚོ་དང་། གྲོང་གསེབ་དར་རྒྱས། སློབ་གསོ་སོགས་ཀྱི་གཙོ་གནད་གཏོང་སྒོ་འགན་ལེན་ནུས་ལྡན་ཐུབ་ཡོད་ཅེས་བསྟན་པ་རེད།

  • དམངས་སྤྱོད་མཁའ་འགྲུལ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་སྤྱི་ཡོངས་ཡག་པོ་ཡོད་པ་དང་། སྤྱིའི་སྐྱེལ་འདྲེན་གཞི་ཁྱོན2019ལོའི་དུས་མཚུངས་ཀྱི་བཅུ་ཆ་བརྒྱད་བར་སླར་གསོ་བྱུང་ཡོད་པ་རེད།

  • ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བསམ་འཆར་བཀྲམ་ནས“དྲ་རྒྱའི་གཏུམ་སྤྱོད(网络暴力)”སོགས་སྤྱི་དམངས་ཀྱི་མི་ལུས་དབང་ཆར་གནོད་འཚེ་གཏོང་བའི་འབྲེལ་ཡོད་ཉེས་གསོག་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་། རྒྱབ་ཕྱོགས་ཀྱི་ཐོན་ལས་འབྲེལ་ཐག་གི་ཁེ་ཕན་འབྲེལ་ཐག(背后的产业利益链)སྔོག་འདོན་གཏིང་ཟབ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • ཉེ་ཆར། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཞིང་ལས་སྐྱེ་དངོས་སྤུས་ལེགས་ཁྱབ་གདལ་དཀར་ཆག(国家农作物优良品种推广目录)་ཐོག་མར་ཁྱབ་བསྒྲགས་བྱས། ཆུ་འབྲས་དང་། གྲོ། མ་རྨོས་ལོ་ཏོག་སོགས་ཞིང་ལས་སྐྱེ་དངོས་སྣ་ཁ10དང་སྤུས་ལེགས་སྣ་ཁ241གཙོ་གནད་ཐོག་འོས་སྦྱོར་བྱས་ཡོད།

  • ཚེས18ཉིན་ནི་རང་རྒྱལ་གྱི་རྒྱལ་ཁབ་སྐྱེ་དངོས་གླིང་ཐོག་མ(首个国家植物园)དེ་བཙུགས་ནས་ལོ་གཅིག་འཁོར་བའི་ལོ་ཡིན། མིག་སྔའི་བར། རྒྱལ་ཁབ་སྐྱེ་དངོས་གླིང་དུ་རྩི་ཤིང་སྣ་ཚོགས་ཁྲི1.7ལྷག་ཙམ་བསྡུ་རུབ་བྱས་ཡོད་ལ། དེའི་ཁྲོད། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རྩི་ཤིང་རིགས་ཆིག་སྟོང་ཙམ་ཡོད་པ་རེད།

  • མི་དམངས་མཚོ་དམག་གིས་ཚེས23ཉིན་གྱི་སྔ་རྗེས་སུ་ཆིང་ཏའོ་དང་། ཧྲང་ཧེ། ཀོང་ཀྲོའུ་སོགས་གྲོང་ཁྱེར22སུ་དམག་སྒར་གྱི་སྒོ་དབྱེའི་བྱེད་སྒོ་སྤེལ་རྒྱུ་དང་། རྣམ་པ་མང་བའི་དམག་འཐབ་གཙོ་བོའི་དམག་གྲུ་སྤྱི་དམངས་ལ་ཐེངས་དང་པོར་འགྲེམས་སྟོན་བྱེད་རྒྱུ་རེད།

  • ཚེས18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་རྒྱལ་ཁབ་བདུན་གྱི་ཚོགས་པའི་ཕྱི་འབྲེལ་པུའུ་ཀྲང་གིས་ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ངང་ཐེ་ཇུས་བྱེད་ཀྱི་ཡོད་པས། ཀྲུང་གོ་ཕྱོགས་ཀྱིས་དེར་ཡི་མི་རང་བ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཚོགས་འདུ་གཙོ་གཉེར་རྒྱལ་ཁབ་དང་ཉིའུ་ཧོང་ཕྱོགས་ལ་དྲང་ནན་གྱི་སྐད་ཆ་བཤད་རྒྱུ་ཡིན་ཞེས་བཤད་པ་རེད།

  • ཚེས17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་སུའུ་ཏན་གྱི་དྲག་ཆས་གདོང་ཐུག་གིས་མི200ཙམ་རྐྱེན་ལམ་དུ་ཤོར་བ་དང་། མི1800ལ་རྨས་སྐྱོན་ཕོག་ཡོད་ཅེས་བཤད་པ་རེད།

སྤྱི་ཚོགས།

1.jpg

  • ཚེས18ནས23ཉིན་བར། མཁའ་རླུང་གྲང་མོའི་ཤུགས་རྐྱེན་ཕོག་པའི་དབང་གིས་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་མངོན་གསལ་དོད་པོས་དྲོད་ཚད་ཆག་རྒྱུ་ཡིན་པ་དང་ཤིན་ཅང་དང་། ཀན་སུའུ། ཧྲའན་ཤིས་སོགས་ནུབ་བྱང་ས་ཁུལ་དུ་རིམ་རྩིས་བྱས་ན་དྲོད་ཚད་ཆག་ཚད་ཏུའུ20ལས་བརྒལ་རྒྱུ་རེད།

  • ད་ལོའི་ཉིན་འཛིན་ཐོག་མ་དེ་ཚེས20ཉིན་འབྱུང་རྒྱུ་རེད།  སྔོན་དཔག་བྱས་ན་མཐོང་དཀོན་པའི་ཉིན་མ་ཧྲིལ་བོ་འཛིན་པའི་གནས་ཚུལ་ཡིན་ལ།  ཧེ་ནན་དང་ཀོང་ཏུང་། ཧྥུའུ་ཅན་སོགས་ས་ཁུལ་ཉུང་ཤས་སུ་སྣང་ཚུལ་དེ་མཐོང་ཐུབ་པ་ཡིན།

  • ཚེས18ཉིན། ཅི་ནན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་ཀྱི་དེ་སྔའི་སི་ལིང་གཞོན་པ་དང་། ཏང་ཨུའི་དེ་སྔའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་ཧྲུའུ་ཅི་དབྱང་ཕུའུ་ལིན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་བཅད་ཁྲ་བྱས། དབྱང་ཕུའུ་ལིན་ལ་དུས་བཀག་བཙོན་འཇུག་ལོ13བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

  • ཚེས18ཉིན་གྱི་ཉིན་གུང་། པེ་ཅིང་ཁྲང་ཧྥུང་སྨན་ཁང་གི་སྡོད་བཅོས་ཐོག་ཁང་ཤར་མར་མེ་སྐྱོན་ཐོན་པ་དང་། ཉིན་དེའི་ཆུ་ཚོད་18བར། སྨན་ཁང་བརྗེ་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་མི21ཚེ་ལས་འདས།

  • ཚེས18ཉིན། 2023ཧྲང་ཧེ་རྒྱལ་སྤྱིའི་རླངས་འཁོར་འགྲེམས་སྟོན་དངོས་སུ་མགོ་ཚུགས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འགྲེམས་ཞུགས་ཚོང་པ1000ལྷག་ཙམ་འགྲེམས་སྟོན་ནང་ཞུགས་ནས་རླངས་འཁོར་གསར་པ150ལྷག་ཙམ་གོ་ལ་ཧྲིལ་པོར་ཐེངས་དང་པོར་བཀྲམས།

  • 《རྒྱལ་ཁབ་གནའ་རྫས་རྟོག་ཞིབ་རྗེས་ཤུལ་སྤྱི་གླིང་འཕེལ་རྒྱས་སྙན་ཞུ(2018ལོ་ནས2022ལོ་བར)》ཚེས18ཉིན་ཁྱབ་བསྒྲགས་བྱས་པ་དང་། མིག་སྔའི་བར། རྒྱལ་ཡོངས་སུ་རྒྱལ་ཁབ་གནའ་རྫས་རྟོག་ཞིབ་རྗེས་ཤུལ་སྤྱི་གླིང55ཞིབ་དཔྱད་གཏན་འཁེལ་བྱས་ཡོད།

  • ཀོང་ཏུང་མཚོ་དོན་ཅུ(广东海事局)ཡིས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས20ཉིན་གྱི་ཆུ་ཚོད9:30ནས15བར། ཀྲུའུ་ཅང་གཙང་པོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ནང་སྦྱོང་བྱས་ནས་འཛུལ་མི་ཆོག་པ་བྱ་རྒྱུ་རེད།

  • སྐྱེས་པ་ལུའོ་ལགས་ཀྱིས་མི་མེད་གནམ་གྲུ་སྤྱད་དེ་ཧྥུའུ་ཅན་རྟགས་ཅན་གྱི་དམག་གྲུར་ཁྲིམས་འགལ་ངང་པར་ལེན་བྱས་པ་དང་། པར་ལེན་ནང་དོན་དེ་དམག་དོན་གསང་བ་གསུམ་དང་འབྲེལ་བ་ཡོད་པ་དང་། ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གསང་བ་ཐོབ་པའི་ཉེས་པ་བསགས་པས་དུས་བཀག་བཙོན་འཇུག་ལོ་གཅིག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།

2.jpg

  • ཚན་རིག་མཁས་ཅན་གྱིས་ཉེ་དུས་ཧྲན་ཏུང་དང་ཨན་ཧུའེ་ནས་ལོ་ངོ་དུང་ཕྱུར8གོང་གི་གདོད་མའི་སྐྱེ་དངོས་ཀྱི་འགྱུར་རྡོ་སྟེ། ཧོར་ཧྲི་ཕྲེང་བ(霍石串珠)ཞིག་རྙེད་པ་དང་། རྣམ་པ་མུ་ཏིག་གི་མགུལ་རྒྱན་ཞིག་དང་འདྲ།

3.gif

  • ཝུའུ་ཤིས(无锡)ཀྱི་མི་དམངས་ཉེན་རྟོག་པ་ཝུའུ་ཙི་ཧའོ་ཡིས་མངལ་ཆགས་པའི་བཟའ་ཟླ་དང་མཉམ་དུ་འཆམ་འཆམ་བྱེད་སྐབས། རྐུན་མ་བཟུང་ཞིག་ཞེས་པའི་འབོད་པ་ཐོས། ཁོས་བློ་ཐག་ཆོད་པོས་མདུན་དུ་མཆོང་ནས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱས།

སྲིད་ཇུས།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས《སྨན་བཅོས་མཛེས་བཟོའི་འཛད་སྤྱོད་ཞབས་ཞུའི་གན་རྒྱ(དཔེ་སྟོན་ཡིག་དེབ)》ཁྱབ་བསྒྲགས་བྱས་པ་དང་། “ལྷིང་འཇགས་དུས་སྐབས(冷静期)”ཀྱི་དོན་ཚན་བཟོས་ནས་འཛད་སྤྱོད་པའི“འགྱོད་པ་སྐྱེས་དབང(后悔权)”སྲུང་སྐྱོང་བྱས་ཡོད།

  • ཀོང་ཏུང(广东)གིས་ཁྱིམ་ཚང་སྨན་པས་ཆ་རྐྱེན་དང་མཐུན་པའི་གཅོང་ནད་ཕོག་པའི་ནད་པར་གཟའ་འཁོར4ནས12བར་གྱི་ཡུན་རིང་སྨན་ཐོ་འབྲི་ཆོག་པའི་ཆོག་མཆན་སྤྲད་པ་རེད།

  • ཧང་ཀྲོའུ(杭州)ཡིས་བུ་ཕྲུག་མང་པོའི་ཁྱིམ་ཚང་གི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་གཟིགས་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་། ཕྲུ་གུ་གཉིས་སྐྱེ་པའི་ཁྱིམ་ཚང་ལའང་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག་པ་ཁ་གསལ་བཟོས་ནས་ཟླ5ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས།  འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཆ་མང་ཆེ་བ་དང་། ཧྭ་ལྷོའི(华南)དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་ཡོད་པ་དང་། དེའི་ནང་། ཅང་ཤིས་ཀྱི་དབུས་ལྷོ་རྒྱུད་དང་། ཀྲེ་ཅང་གི་དབུས་ལྷོ་རྒྱུད། ཧྥུའུ་ཅན་གྱི་ཤར་རྒྱུད་དང་ནུབ་བྱང་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་རེད། ཞིན་ཅང་ལྷོ་ཕྱོགས་ཀྱི་གཤོང་ས་དང་། ནུབ་བྱང་ས་ཁུལ་མང་ཆེ་བ། ནང་སོག  ལིའོ་ཏུང་ཕྱེད་གླིང(辽东半岛)སོགས་ས་ཁུལ་ཁ་ཤས་སུ་རིམ་པ5ནས7བར་གྱི་རླུང་གཡུག་རྒྱུ་རེད། 

4.jpg

  • པེ་ཅིང་།  ཟླ4ཚེས18ཉིན་ནས་ཟླ5ཚེས7ཉིན་བར་གྲོང་ཁྱེར་ཡོངས་སུ་ད་ལོའི་ཐེངས་གཉིས་པའི་སྡོང་བལ་ལྷུང་བ་མང་བའི་དུས་སུ་སླེབས་པ་དང་། སྡོང་བལ་ལྷུང་བ་མང་བའི་ཤིང་རིགས་གཙོ་བོ་ནི་སྐམ་སའི་རྒྱ་ལྕང་དང་། ལྕང་མ། པེ་ཅིང་གི་སྦྱར་སྡོང་བཅས་ཡིན་པ་རེད།

  • ཧྲེན་ཀྲེན། གྲོང་ཁྱེར་སྤྱི་ཚོགས་འགན་བཅོལ་ཆ་འཕྲིན་མ་ལག་ཟླ4ཚེས24ཉིན་གྱི་ཆུ་ཚོད0ནས་ཟླ5ཚེས8ཉིན་གྱི་ཆུ་ཚོད9པའི་བར་ཞབས་ཞུ་མཚམས་འཇོག་པ་དང་། དེའི་དོད་དུ་ཀོང་ཏུང་ཞིང་ཆེན་གྱི་གཅིག་སྡུད་རྣམ་པའི་མ་ལག་ཐོན་རྒྱུ་རེད།  དེའི་རིང་། དྲ་ཐོག་ལས་སྒོ་གནས་སྐབས་ཞབས་ཞུ་བྱེད་མཚམས་འཇོག་རྒྱུ་རེད།


མཉམ་སྤྱོད།