དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱིས་བོད(སོག)གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྡེབ་སྦྱོར་སྨན་རྫས་རིགས492སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།

2023-04-19 08:49:14   |   2606

སྒྲིག་སྒྱུར།    སངས་དོན།    ཡོང་ཁུངས།   མཚོ་སྔོན་ཉིན་རེའི་ཆགས་པར།     བཤེར་འབེབས།    རིན་ཆེན་ཚེ་རིང་།


   གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུ་དང་། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུ་བཅས་ཀྱིས་ཉེ་ཆར《མཚོ་སྔོན་ཞིང་ཆེན་གྱི་བོད(སོག)གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྡེབ་སྦྱོར་སྨན་རྫས་ཀྱི་སྨན་བཅོས་འགན་བཅོལ་དཀར་ཆག》མཉམ་འབྲེལ་ཐོག་བཟོས་ནས་པར་འགྲེམས་བྱས། བོད(སོག)གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྡེབ་སྦྱོར་སྨན་རྫས་རིགས492སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཁྱབ་ཁོངས་ནང་བཅུག་ནས་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱིས་ནད་ཐོག་སྨན་བཅོས་ཀྱི་མི་རིགས་སྨན་རྫས་སྤྱོད་པའི་དགོས་མཁོ་བསྐངས་པ་དང་། རོང་འབྲོག་མང་ཚོགས་ཀྱི་ནད་བཅོས་ཁུར་བོ་ཇེ་ཡང་དུ་བཏང་ཡོད། 

སྨན་རྫས་ཀྱི་དཀར་ཆག་བཟོས་པ་ནི་ཞིང་ཆེན་ཡོངས་ཀྱི་བོད(སོག)གསོ་རིག་སྨན་གསོ་ལས་ཁུངས་ཀྱི་སྡེབ་སྦྱོར་སྨན་རྫས་ཀྱི་མིང་ཚད་ལྡན་མིན་པ་དང་། ཚད་གཞི་གཅིག་གྱུར་མེད་པ། སྣ་ཁ་སྙོམས་སྒྲིག་ཉུང་བ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་བཟོ་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། སྨན་རྫས་དཀར་ཆག་ནང་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནུས་པའི་ངེས་གནས་དང་ཟུང་འབྲེལ་བྱས་ནས་ལུས་གསོ་འཕྲོད་སྦྱོར་སོགས་སྨན་བཅོས་རང་བཞིན་མིན་པའི་སྨན་རྫས་ཕུད་རྗེས།  ནད་ཐོག་སྨན་བཅོས་བྱེད་ཚད་མཐོ་བ་དང་ཞིང་ཆེན་ཡོངས་ཀྱིས་སྤྱོད་པའི་སྨན་བཅོས་རང་བཞིན་གྱི་སྡེབ་སྦྱོར་སྨན་རྫས་སྣ492(ཚད་གཞི་རིགས2763དང་སྨན་རྫས་རིགས7)སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་བོད(སོག)གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྡེབ་སྦྱོར་སྨན་སྣའི71.4%ཟིན་པ་དང།  གཞི་རྩའི་ཐོག་ཞིང་ཆེན་ཡོངས་ཀྱི་བོད(སོག)གསོ་རིག་སྨན་བཅོས་ཀྱི་ནད་ཐོག་རྒྱུན་སྤྱོད་སྨན་རྫས་ཚང་འདུས་ཡོད། 

སྨན་རྫས་ཀྱི་དཀར་ཆག་ནང་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་སྲིད་ཇུས་ཁ་གསལ་བཟོས་པ་དང་། སྨན་བཅོས་འགྲོ་གྲོན་རྩིས་རྒྱག་སྐབས་གཏན་ཁེལ་བྱས་པའི་སྨན་རྫས་ཀྱི་རིན་གོང་དེ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་ལས་མཐོ་བ་ཡོད་ཚེ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་ལྟར་ལག་བསྟར་བྱེད་དགོས་པ་དང་། བརྒལ་བའི་ཆ་ཤས་དེ་ནད་པ་མི་སྒེར་གྱིས་འགན་འཁུར་དགོས། སྨན་རྫས་ཀྱི་གཏན་ཁེལ་བྱས་པའི་རིན་གོང་དེ་སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་ཚད་གཞི་ལས་དམའ་བ་ཡོད་ཚེ། དོན་དངོས་ཀྱི་རིན་གོང་ལྟར་ལག་བསྟར་བྱེད་དགོས།

གཞན་ཡང་། ཞིང་ཆེན་རིམ་པའི་སྨན་རྫས་ལྟ་སྐུལ་དོ་དམ་སྡེ་ཚན་དང་གྲོང་ཁྱེར(ཁུལ)ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཆོག་མཆན་སྤྲད་ནས་སྙོམས་སྒྲིག་བེད་སྤྱོད་ཆོག་པའི་སྨན་ཁང་ནང་གི་སྡེབ་སྦྱོར་སྨན་རྫས་དེ། གོ་རིམ་ལྟར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུ་ལ་སྙན་སེང་ཐོ་འགོད་བྱས་རྗེས། སྨན་བཅོས་འགན་བཅོལ་ཐེབས་རྩས་སྲིད་ཇུས་ཀྱི་གཏོང་སྤྲོད་བྱ་རྒྱུ་ཁ་གསལ་བཏོན་ཡོད། སྡེབ་སྦྱོར་སྨན་རྫས་ཀྱི་དཀར་ཆག་ལ་འགུལ་རྣམ་ལེགས་སྒྲིག་ལམ་སྲོལ་ལག་བསྟར་བྱས་ནས་རྩ་དོན་ཐོག་ལོ་རེར་ལེགས་སྒྲིག་ཐེངས་རེ་བྱེད་རྒྱུ་རེད།


མཉམ་སྤྱོད།