དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་སྤྱི་ཚོགས་རོགས་སྐྱོབ་ཀྱི་རྣམ་པ་གསར་བ་བཏོད།

2023-04-19 11:53:25   |   7628

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ན་ནིང་ནས་བཟུང་། མདོ་ལ་རྫོང་གིས་དམངས་འཚོའི་འགན་ལེན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས“མཐིལ་རྟོལ་བ་དང་། མྱུར་སྐྱོབ་དཀའ་སེལ། རྒྱུན་མཐུད་བཅས”སྤྱིའི་བསམ་ཕྱོགས་སུ་བྱས་ཏེ། སྒྱུར་བཅོས་གསར་གཏོད་དང་གནད་སྨིན་ཇུས་འདོན་གྱིས་དམངས་འཚོའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས། རོགས་སྐྱོབ་བྱེད་རྒྱ་དང་མཐའ་ཚད་དེ་བས་ནུས་ལྡན་གྱི་སྤྱི་ཚོགས་རོགས་སྐྱོབ་ཀྱི་རྣམ་པ་གསར་བ་བཏོད་ཅིང་། སྤྱི་ཚོགས་རོགས་སྐྱོབ་ལ“མྱུར་ཚད”དང་། “དྲོད་ཚད”“ཟབ་ཚད”བཅས་ཡོད་པར་བྱས་པས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་ཚོར་དང་།  བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན།

གནད་སྨིན་ཇུས་འདོན་གྱིས་སྤྱི་ཚོགས་རོགས་སྐྱོབ་ཀྱི“མྱུར་ཚད”མཐོ་རུ་བཏང་བ།  《མཚོ་སྔོན་ཞིང་ཆེན་གྱི་མ་མཐའི་འཚོ་བ་འགན་ལེན་གྱི་ཞིབ་བཤེར་གཏན་འཁེལ་བྱ་ཐབས》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་བྱེད་པོའི་འགན་འཁྲི་སྔར་བས་ཁ་གསལ་བཟོས་པ་དང་། ཞིབ་བཤེར་ཆོག་མཆན་སྤྲོད་པའི་དུས་ཚོད་ཇེ་ཐུང་དུ་བཏང་ནས། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གཏན་འཁེལ་ཡང་དག་བྱེད་ཚད་མཐོ་རུ་བཏང་ཞིང་། ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཕྲལ་དུ་རོགས་སྐྱོབ་ཐོབ་པ་བཅས་བྱས་པས། མ་མཐའི་འཚོ་བ་འགན་ལེན་ལས་དོན་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་ནུས་པ་འགན་ལེན་བྱེད་པའི་ཐད་ནུས་པ་དེ་བས་མངོན་ཡོད།  གསར་དུ་བཟོ་བཅོས་བརྒྱབ་པའི《མཚོ་སྔོན་ཞིང་ཆེན་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཏན་འཁེལ་བྱ་ཐབས》དོན་འཁྱོལ་ནན་ཏན་བྱས་ནས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཏན་འཁེལ་གྱི་ཆ་རྐྱེན་འཐུས་ཚང་དུ་གཏོང་བ་དང་ལམ་ལུགས་ལག་བསྟར་བྱེད་འཐུས་རང་བཞིན་ཆེ་རུ་བཏང་སྟེ། “སྐྱོབ་དགོས་ངེས་ཚང་མ་སྐྱོབ་པ་དང་གསོ་དགོས་ངེས་ཚང་མ་གསོ་བ”བསྒྲུབས་པ་ཡིན།  ཉེན་ཆེའི་སྤྱི་ཚོགས་རོགས་སྐྱོབ་གསར་གཏོད་འཕེལ་རྒྱས་དང་། མང་ཚོགས་ཀྱི་ཛ་དྲག་ཆེ་བའི་དཀའ་ངལ་ལ་“གྲངས་འབོར་ཉུང་བའི་སྐྱོབ་རོགས་”དང་“རྗེས་འདེད་སྐྱོབ་རོགས་”སོགས་ཀྱི་བྱེད་ཐབས་སྤྱད་དེ་སྐྱོབ་རོགས་ཀྱི་དུས་ནུས་དང་ཕན་འབྲས་ཐོན་ནུས་ཆེ་རུ་བཏང་།  མིག་སྔའི་བར། རྫོང་ཡོངས་སུ་མྱུར་སྐྱོབ་བྱེད་དཀའ་བའི་དུད་ཁྱིམ170ཡི་མི584དང་རོགས་སྐྱོབ་མ་དངུལ་སྒོར་ཁྲི417.98བདག་སྤྲོད་བྱས་ཡོད།  མ་ལག་འཐུས་ཚང་དུ་བཏང་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི“དྲོད་ཚད”མངོན་པར་བྱས་པ།  “རིམ་པ་དང་རིགས་བགོས་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཐུས་ཚང་དུ་གཏོང་བ”ཞེས་པ་ནི་གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་། ཆེད་དོན་སྤྱི་ཚོགས་རོགས་སྐྱོབ། ཉེན་ཆེའི་སྤྱི་ཚོགས་རོགས་སྐྱོབ་བཅས་གཙོ་བོར་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུ་ཁ་གསབ་ཏུ་བྱེད་པ། རིམ་པ་དང་རིགས་བགོས་ཀྱི་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་ཡིན།  དཀའ་ངལ་གྱི་ཚད་དང་དཀའ་ངལ་གྱི་རྒྱུ་རྐྱེན་ལ་གཞིགས་ནས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་མཐའ་མཚམས་ཀྱི་དུད་ཁྱིམ། འགྲོ་སོང་རྣམ་པའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་སོགས་རོགས་སྐྱོབ་ཀྱི་རིམ་པ་ཁ་ཤས་དབྱེ་ནས་ཕྱོགས་བསྡུས་རོགས་སྐྱོབ་ཀྱི་རྣམ་པ་ཞིག་ཆགས།  2022ལོར་ཁྱོན་རིགས་ཁག་གི་རོགས་སྐྱོབ་མ་དངུལ་སྒོར་ཁྲི4570.61སྤྲད་པ་ཡིན།  མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་མཐའ་སྐྱོང་འགན་ལེན་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་འོག “མི་བྱེད་པ་བཞིའི”བླང་བྱ་དོན་འཁྱོལ་བྱས་ནས་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་།  མིག་སྔར། རྫོང་ཡོངས་ཀྱིས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་གྱི་དུད་ཁྱིམ245ཡི་མི653གཏན་འཁེལ་བྱས་པ་དང་ཟོག་གོང་ཁ་གསབ་སྒོར་ཁྲི8.2སྤྲད་ཡོད།  

རང་འགུལ་ངང་ཤེས་རྟོགས་བྱུང་ནས་སྤྱི་ཚོགས་རོགས་སྐྱོབ་ཀྱི“ཟབ་ཚད”ཆེ་རུ་བཏང་བ།  རོགས་སྐྱོབ་བྱེད་དགོས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་བཅར་འདྲི་དང་ཤེས་རྟོགས་བྱུང་རྒྱུ་དེ་གྲོང་ཚོའི(གྲོང་ལྷན)ཨུ་ལྷན་སོགས་གཞི་རིམ་རྩ་འཛུགས་ཀྱི་ལས་ཀའི་ནང་དོན་གལ་ཆེན་ནང་དུ་བཅུག་ནས། ཚོད་ལྟའི་གྲོང་ཚོ(སྡེ་ཁུལ)གཏན་འཁེལ་དང་། གནས་ཀྱིས་ཁྱོན་ཡོངས་འཁྲིད་དེ། དྲ་ཕྱི་ནས་རང་འགུལ་ངང་ཤེས་རྟོགས་ཐུབ་པ་དང་། དྲ་ཐོག་ནས་སྟབས་བསྟུན་ལྟ་ཞིབ་ཚད་ལེན་ཐུབ་རྒྱུར་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོབ་འདུ་ཤེས་དེ“གཞན་དབང་རོགས་སྐྱོབ”ནས“རང་འགུལ་རོགས་སྐྱོབ”ལ་འགྱུར་བར་སྐུལ་འདེད་བཏང་།  ཕྱིར་ལས་ཀ་དང་། གཉེར་སྐྱོང་། ལས་ཞུགས་བཅས་བྱེད་ཐབས་བྲལ་བས་ཡོང་འབབ་ཆག་པ་དང་གཞི་རྩའི་འཚོ་བར་དཀའ་ངལ་འཕྲད་པའི་མཁར་གྲོང་གི་གྲོང་མིར་མ་མཐའི་འཚོ་བ་འགན་ལེན་གྱི་ཆ་རྐྱེན་དང་མཐུན་ཚེ“མ་དངུལ་དང་དངོས་ཟོག་ཟུང་སྦྲེལ་གྱི”རོགས་སྐྱོབ་བྱེད་སྟངས་ཧུར་ཐག་སྤྱད་དེ། འཚོ་བའི་ཐད་སྤྱིར་ན་མཁོ་བའི་དངོས་ཟོག་དུས་ཐོག་ཏུ་སྤྲོད་པའམ་ཡང་ན་སྒོར་2000ལས་མི་བརྒལ་བའི་སྤྲོད་ཐེངས་གཅིག་རང་གི“དངུལ་ཉུང་རོགས་སྐྱོབ”བྱས།  མིག་སྔར། ཁྱོན་མང་ཚོགས་དུད་ཁྱིམ64ལ་སྒོར་ཁྲི4ཡི་འབྲས་དང་། ཕྱེ། སྣུམ་སོགས་འཚོ་བའི་དངོས་ཟོག་བྱིན་པ་དང་མང་ཚོགས་དུད་ཁྱིམ807ལ་དངུལ་ཉུང་རོགས་སྐྱོབ་དངུལ་སྒོར་ཁྲི116ལྷག་ཙམ་སྤྲད་པ་ཡིན།


མཉམ་སྤྱོད།