དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སང་ཉིན་མཐོན་པོ་སྒང་དུ་རྐང་བགྲོད་འགྲན་སྡུར་སྤེལ་རྒྱུ་རེད།

2023-04-19 16:49:02   |   2553

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས།  གངས་ལྗོངས་འཕྲིན་གསར། བཤེར་འབེབས། རིན་ཆེན་ཚེ་རིང་།


2023ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་མགོ་ཚུགས་པའི་ལོ་ཞིག་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བའི་ལོ་ཞིག་ཡིན་ལ། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང“ལྔ་བཞིའི”ན་གཞོན་དུས་ཆེན་ལ་བསུ་བ་བྱས་ནས་མཐོན་པོ་སྒང་གི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་སྔར་ལས་ཆེ་རུ་གཏང་ཆེད། མཚོ་བྱང་ཁུལ་གྱིས“ལྔ་གཅིག”“ལྔ་བཞི”ལ“རྐང་ཐང་དུ་མཐོན་པོ་སྒང་དུ་བསྐྱོད་པའི་རྐང་བགྲོད་འགྲན་སྡུར”དང་བརྗོད་དོན་དྲན་གསོའི་བྱེད་སྒོ་སྤེལ་རྒྱུའི་གཏན་འབེབས་བྱས། 

གཅིག བྱེད་སྒོའི་བརྗོད་དོན།

ཏང་གི་ཚོགས་ཆེན་ཉི་ཤུ་པར་སློབ་སྦྱོང་བྱེད་པ་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཏེ་འཐབ་ལམ་གསར་བར་འབད་པས་བསྐྱོད།

གཉིས། དུས་ཚོད་དང་ས་གནས།

དུས་ཚོད། 2023ལོའི་ཟླ4བའི་ཚེས20ཉིན་གྱི་སྔ་དྲོ།

ས་གནས། མཐོན་པོ་སྒང་།

གསུམ། རྩ་འཛུགས་ལས་ཁུངས།

གཙོ་སྒྲུབ་ལས་ཁུངས། ཀྲུང་གུང་མཚོ་བྱང་ཁུལ་ཨུ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།

འགན་སྒྲུབ་ལས་ཁུངས། མཚོ་བྱང་ཁུལ་ཨུའི་དྲིལ་སྒྲོག་པུའུ། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། མཚོ་བྱང་ཁུལ་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་མཚོ་བྱང་ཁུལ་ཨུ། མཚོ་བྱང་ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། མདའ་བཞི་རྫོང་མི་དམངས་སྲིད་གཞུང་།

རོགས་སྒྲུབ་ལས་ཁུངས། མཚོ་བྱང་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས། མཚོ་བྱང་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། མཚོ་བྱང་ཁུལ་སྤྱི་བདེ་ཅུས། མཚོ་བྱང་ཁུལ་རྒྱ་གྲམ་དམར་བོ་ཚོགས་པ།  མཚོ་བྱང་ཁུལ་ཁྲལ་དོན་ཅུས།  མཚོ་བྱང་ཁུལ་གནམ་གཤིས་ཅུས།  མཚོ་བྱང་ཁུལ་རིག་གནས་ཁང་།  མཚོ་བྱང་ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས།  མཚོ་སྔོན་ཞིང་ཆེན་ཕྱི་རོལ་ལུས་རྩལ་མཐུན་ཚོགས།     

བཞི། འགྲན་ཞུགས་མི་སྣ། ཐེངས་འདིའི་འགྲན་སྡུར་ལ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་བ200དང་མདའ་བཞི་རྫོང་གི་ལས་བྱེད་ལས་བཟོ་བ200སྒྲིག་འཛུགས་བྱས་ནས་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་པ་དང་། ཟི་ལིང་སོགས་ས་ཆའི་ཕྱི་རོལ་གྱི་རྐང་བགྲོད་རུ་ཁག་གི་རུ་མི200གདན་ཞུ་བྱས་ནས་འགྲན་སྡུར་ལ་ཞུགས་རྒྱུ་ཡིན་ཞིང་། ཁྱོན་འགྲན་སྡུར་ལ་ཞུགས་མཁན་མི600ལྷག་ཡོད་པ་རེད།     


མཉམ་སྤྱོད།