དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-20 08:26:08   |   3208

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས19ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཀ་པོན(加蓬)གྱི་ཙུང་ཐུང་པང་ཀེ་དང་གྲོས་མོལ་གནང་།  རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཁའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་གཏན་འབེབས་གནང་བ་རེད།

  • ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི1900ལྷག་ཙམ་བསྐྲུན་ཡོད་པ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི297གསར་དུ་ལས་ཞུགས་ཐུབ་ཡོད་པ་རེད།

  • སློབ་གསོ་པུས་དངོས་གཞིའི(本科)ཚན་ཁག་གི་གསར་དུ་བསྣན་པའི་ཆེད་ལས་ཁྱབ་བསྒྲགས་བྱས་པའི་ནང་། ཁེར་རྐྱང་ནད་ཕོག་པའི(孤独症)བྱིས་པའི་སློབ་གསོ་སོགས་རིགས21ཚུད་ཡོད་པ་རེད།

  • ནོར་སྲིད་པུའུ་སོགས་སྡེ་ཚན་བཞིས2023ལོར་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན(助学贷款)གྱི་སྐྱེད་ཀ་རྩ་ཆག་གཏོང་བ་དང་། མ་དངུལ་དུས་འགྱངས་བྱས་ནས་འཇལ་ཆོག་པ་ཁ་གསལ་བཏོན་ཡོད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་ས་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི6506.5ཟིན་ཡོད།

  • ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་ཚེས20ཉིན་ནས་བཟུང་ཉིའུ་ཧོང་ནས་ཐོན་པའི་ཕན་ཨར་ལོའུ་ཡུས་ཤིས་སྟེ། ཡུས་ལོའུ་ཡུས་ཤི་གུང་ཅིས་ཤིང་ཚིལ(偏二氯乙烯—氯乙烯共聚树脂)ལ་ངོ་རྒོལ་བྱེད་པའི་དཔྱ་ཁྲལ་མུ་མཐུད་དུ་བསྡུ་རྒྱུ་རེད།

  • ཀྲུང་གོ་དང་ལོ་སིའི(中老铁路)ལྕགས་ལམ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་བྱེད་མགོ་ཚུགས་ཚུན་དུ། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི1443སྐྱེལ་འདྲེན་བྱས་ཡོད།

  • ཆིང་མའེ་སྲོག་ཆགས་གླིང(清迈动物园)གིས་ཐེ་ལན(泰国)དུ་སྡོད་པའི་དོམ་ཁྲ“ལིན་ཧུའེ”ས་གནས་དེ་གའི་དུས་ཚོད་ཚེས19ཉིན་གྱི་ཐོ་རེངས་སུ་དབུགས་རྒྱུན་ཆད་ནས་ཤི།

སྤྱི་ཚོགས།

  • འབྱུང་འགྱུར་གྱི་ཉིན་གསུམ་ནང་། ཀན་སུའུ་དང་། ཧྲན་ཤིས(陕西)། ཧྲན་ཤིས(山西)། ཧོ་ནན(河南)། ཧུའུ་པེ(湖北)། ཧུའུ་ནན(湖南)སོགས་ས་ཁུལ་མང་ཆེ་བའི་དྲོད་ཚད་ཆག་ཚད20℃ལས་བརྒལ་རྒྱུ་དང་། ས་ཁུལ་ཁག་གཅིག་གི་ཆག་ཚད30℃ཙམ་ཟིན་རྒྱུ་རེད།

  • ཚེས19ཉིན། ཀང་ཀྲུའུ་ཨའོ་ཟམ་ཆེན(港珠澳大桥)གྱི་ལས་གྲྭ་གཙོ་བོ་དེར་རྒྱལ་ཁབ་ཀྱིས་ལས་མཇུག་འགྲིལ་བའི་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

  • ཀྲུང་གོ་རྡོ་སོལ་བཟོ་ལས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་མ་བཅོས་རྡོ་སོལ་ཐོན་འབོར་དུས་མཚུངས་ལས5.5%འཕར་ཡོད།

  • ཁྲེང་ཏུའུ་ཡི་སློབ་གྲྭ་ཆེན་མོ་བའི་ལུས་རྩལ་འགྲན་ཚོགས(成都大运会)ཀྱིས་ཟླ6པའི་ཟླ་སྟོད་དུ་ཕྱོགས་ཡོངས་ནས་འགྲན་བསྡུར་གྱི་སྒོ་འཛིན་ཕྱིར་ཚོང་བྱེད་མགོ་འཛུགས་རྩིས་ཡོད་པ་རེད།

  • པེ་ཅིང་ཁྲང་ཧྥུང་སྨན་ཁང(北京长峰)དུ་ཚེས18ཉིན་མེ་སྐྱོན་ཐོན་པ་དང་། ཚེས19ཉིན་གྱི་ཆུ་ཚོད9པའི་བར། ལས་འཛོལ་ལས་མི29རྐྱེན་ལམ་དུ་ཤོར་བ་རེད། ཐོག་མའི་བརྟག་དཔྱད་ལས་ཤེས་པ་ལྟར་ན། ལས་འཛོལ་དེ་ཨར་ལས་བྱེད་རིང་མེ་སྟག་མཆེད་ནས་བསླངས་པ་དང་། ཡོན་ཀྲང་ཝང་ཆེ་གེ་མོ་སོགས་མི12ཉེས་དོན་བཀག་ཉར་བྱས་པ་རེད།

  • 2023ལོའི་ཆུ་རྩེད་དུས་ཆེན་རིང་། ཤིས་ཧྲོང་པན་ན(西双版纳)ཡིས་གནས་སྐོར་བ་མི་ཐེངས་ཁྲི200.21ལ་སྣེ་ལེན་བྱས་པ་དང་། གནས་སྐོར་གྱི་ཡོང་འབབ་སྡོམ་འབོར་སྒོར་དུང་ཕྱུར21ལས་བརྒལ་ཡོད་པ་རེད།

  • ནང་སོག་གི་ཝུའུ་ལན་ཁྲ་པུའུ(乌兰擦布)ཉེན་རྟོག་ཕྱོགས་ཀྱིས་རྒྱལ་མཚམས་སྒྲོལ་བའི་རྒྱན་ར་བཙུགས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར5.7ལྷག་ཙམ་ཟིན་ཡོད་པ་རེད།

2.jpg

  • ཉེ་ཆར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་མགོ་དཀར300ལྷག་ཙམ་ཧེ་ལུང་ཅང་ཤུན་ཁེ་རྫོང(逊克县)དུ་འཚོ་གནས་དང་ཟས་འཚོལ་བར་ཡོང་ཡོད།

3.gif

  • ཧྲན་ཤིས(陕西)ཤིས་ཨན་གྱི་བུད་མེད་ཅིག་རླངས་འཁོར་གྱི་མཐིལ་དུ་ཚུད་པ་དང་། མཐའ་འཁོར་གྱི་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རླངས་འཁོར་བཀྱགས་ནས་མེ་ཟོན་མི་སྣར་རོགས་རམ་བྱས་ཏེ། བུད་མེད་དེ་སྐྱོབ་ཐབས་བྱས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་ནུས་རྒྱུ་གསར་པའི་རླངས་འཁོར་བརྗེ་བའི་ཁ་གསབ་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་རྒྱུ་རེད།  རླངས་འཁོར་དེ་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་བརྗེ་བའི་ཆ་རྐྱེན་དང་མཐུན་པའི་རླངས་འཁོར་བདག་པོར་ཁ་གསབ་སྤྲོད་རྒྱུ་རེད།

  • སི་ཁྲོན་གྱིས་ཐེར་འདོན་བྱས་པ་བརྒྱུད། ཁོར་ཡུག་སྦགས་བཙོག་གི་དོན་རྐྱེན་ཚབས་ཆེན་ནམ་ཡང་ན་ཧ་ཅང་ཚབས་ཆེན་མི་ཐོན་པ་བྱས་ཚེ། བྱ་དགའ་མཐོ་ཤོས་སྒོར་ཁྲི5སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

  • ཧོ་ཧྥེས(合肥)བརྡ་ཐོ་བཏང་ནས་ཚེས23ཉིན་ནས་བཟུང་། བུ་ཕྲུག་མང་པོའི་ཁྱིམ་ཚང་གིས་རང་ཉིད་སྡོད་སའི་སྡོད་ཁང་ཐོག་མ་ཉོས་པ་མ་ཟད། སྡོད་ཁང་དངུལ་བུན་རེ་ཞུ་ཐེངས་དང་པོ་བྱས་ཚེ། བཟའ་ཟླ་གཉིས་པོས་དངུལ་བུན་མཐོ་ཤོས་སྒོར་ཁྲི75གཡར་ཆོག་གི་ཡོད་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། སི་ཁྲོན་གཤོང་སའི་ནུབ་རྒྱུད་དང་། ཀོང་ཏུང་གི་ཤར་ལྷོའི་རྒྱུད། ཧྥུའུ་ཅན་གྱི་ཤར་རྒྱུད། ཐེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ཧྥུའུ་ཅན་ཤར་ལྷོའི་རྒྱུད་དང་། ཀོང་ཏུང་གི་ཤར་ལྷོའི་རྒྱུད། ཐེ་ཝན་གླིང་ཕྲན་གྱི་ནུབ་རྒྱུད། སི་ཁྲོན་དབུས་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་ཀྱི་རེད།

4.jpg

  • ཁྲེང་ཏུའུ(成都)། ལྔ་གཅིག་ངལ་གསོའི་རིང་། ཁྲེང་ཏུའུ་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞིའི་ཉེ་འཁོར་གྱི་འགྲོ་ལམ་དུ་སྔོན་མངགས་བྱས་ནས་བརྒྱུད་དགོས་པ་དང། “ཁྲེང་ཏུའུe”སྤྱི་རྟགས་བརྒྱུད་སྔ་སྣུར་དུ་སྔོན་མངགས་བྱེད་ཆོག་གི་ཡོད་པ་རེད།

  • ཅི་ལིན(吉林)། 2023ཅི་ལིན་གྲོང་ཁྱེར་གྱི་མ་ལ་སུང་འགྲན་བསྡུར་གྱི་མིང་ཐོ་འགོད་མཚམས་འཇོག་པའི་དུས་ཚོད་ནི་ཟླ5ཚེས3ཉིན་གྱི་ཆུ་ཚོད18ཡིན།


མཉམ་སྤྱོད།