དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཏང་སྲིད་འཐུས་མི་ཚོགས་པས་ལིན་དབྱི་རུ་འཚམས་འདྲི་རྟོག་ཞིབ་བྱས།

2023-04-20 10:45:16   |   7828

སྒྲིག་སྒྱུར།  སངས་དོན།  ཡོང་ཁུངས།   མཚོ་བྱང་ཏང་དོན།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4ཚེས18ནས19ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མཚོ་བྱང་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དུ་འཚམས་འདྲི་དང་རྟོག་ཞིབ་གནང་བར་ཕེབས། ལིན་དབྱི་གྲོང་ཁྱེར་གྱི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཕེལ་རིམ་ཁྲོད་ཀྱི་སྔོན་ཐོན་འདུ་ཤེས་དང་གསར་གཏོད་ཉམས་མྱོང་ལ་སློབ་སྦྱོང་བྱས་ཏེ། ས་གནས་གཉིས་ཀྱི་མཛའ་གྲོགས་ཇེ་ཟབ་དང་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་དོན་གཉེར་བྱས།

1.jpg

ཚེས19ཉིན་གྱི་སྔ་དྲོ། མཚོ་བྱང་དང་ལིན་དབྱིའི་ཁ་གཏད་རོགས་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། ལིན་དབྱི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་རིན་ཀང་དང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་། ལིན་དབྱི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་དཔོན་ཀྲང་པོ་ལེང་གིས་ཚོགས་འདུ་གཙོ་སྐྱོང་གནང་། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་མི་དམངས་ཆེན་ཀྲུའུ་རིན་དབྱང་ཧེ་ལུང་གིས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ངོ་སྤྲོད་བྱས།

2.jpg

བཞུགས་མོལ་ཚོགས་འདུའི་ཐོག  རིན་ཀང་གིས་ལིན་དབྱི་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་མཚོ་བྱང་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཕེབས་པར་དགའ་བསུ་ཞུས་པ་དང་། མཚོ་བྱང་གིས་དུས་ཡུན་རིང་པོའི་ནང་ལིན་དབྱི་མཚོ་སྐྱོར་ལས་བྱེད་པར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ལིན་དབྱིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་། ཁོང་གིས་བསྟན་དོན། ཁ་གཏད་རོགས་སྐྱོར་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བཏོན་པའི་འཐབ་ཇུས་ཆེན་པོ་དང་བཀོད་སྒྲིག་ཆེན་པོ། བྱེད་ཐབས་ཆེན་པོ་ཡིན། ལིན་དབྱི་ཡིས“མཚོ་བྱང་གི་དགོས་མཁོ་དང་ལིན་དབྱི་ཡི་ནུས་པའི”ཐོག་མའི་བསམ་འདུན་དང་འགན་འཁྲི་གཞིར་བཟུང་ནས་དམངས་འཚོའི་རོགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས་སྔར་བས་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུར་རམ་འདེགས་དང་། ལས་ཞུགས་རོགས་སྐྱོར་ལ་ཤུགས་སྣོན། འཕྲོད་བསྟེན་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་བཅས་བྱ་རྒྱུ་དང་། ཐོན་ལས་མཉམ་ལས་ཀྱི་མཐུན་གནས་སྔར་བས་གནད་ལ་ཁེལ་བ་འཚོལ་ཞིབ་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། སྐྱེ་ཁམས་རིག་གནས་གནས་སྐོར། ཁྱད་ལྡན་ཞིང་ལས་བཅས་ཁ་ཕྱོགས་གསུམ་ལ་དམིགས་ནས་ཚོང་འགུགས་དང་། ཚོགས་འགྲེམས། དྲ་ཐོག་ཚོང་དོན་བཅས་ཀྱི་ལས་སྟེགས་ཆེན་པོ་གསུམ་ཡག་པོ་སྤྱད་དེ། ཕྱོགས་གཉིས་པོས་རིམ་པ་དེ་བས་མཐོ་བ་དང་ཁྱབ་ཁོངས་དེ་བས་ཆེ་བའི་ནང་མཉམ་ལས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་འདེགས་སྐྱོར་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རོགས་སྐྱོར་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱེད་པ། སྟབས་བསྟུན་གྱིས་ཤེས་ལྡན་མི་སྣ་སྐྱེལ་འདྲེན་བྱེད་པ་བཅས་བྱས་ནས་མཚོ་བྱང་མདའ་བཞིའི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་པ། རྒྱུན་རྣམ་གྱི་ཕུགས་ཕན་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་སྲིད་གཞུང་གི་སྤེལ་རེས་དང་། རིག་གནས་སྤེལ་རེས། སྤྱི་ཚོགས་སྤེལ་རེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་གཉིས་པོའི་མཉམ་ལས་གཉིས་ཕན་ལ་སྐུལ་འདེད་གཏོང་ཆེད་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས་པ་བསྟན།

3.jpg

ཀྲང་ཧྲིང་ཡོན་གྱིས་ཁུལ་གྱི་ཚན་ཁག་ཆེན་པོ་བཞི་དང་མཚོ་བྱང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚབ་ཞུས་ནས་ལིན་དབྱི་ཡིས་ལོ་མང་རིང་མཚོ་བྱང་ལ་ལྷག་བསམ་ཟོལ་མེད་ཀྱི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས། ཁོང་གིས་བསྟན་དོན། ལིན་དབྱི་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་ཏང་ཀྲུང་དབྱང་གི་ཁ་གཏད་མཚོ་སྐྱོར་གྱི་འཐབ་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། མདའ་བཞི་ནི་ལིན་དབྱི་ཆུས་གསུམ་དང་རྫོང་དགུའི་ཕྱི་རོལ་གྱི་རྫོང་བཅུ་གསུམ་པར་བརྩིས་ནས་རོགས་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་བ་དང་། གནད་སྨིན་དངོས་སྒྲུབ་ཀྱི་རོགས་སྐྱོར་བྱེད་ཐབས་སྤྱད་དེ་དམངས་འཚོ་ལེགས་སྒྱུར་དང་། རྣམ་གྲངས་འཛུགས་སྐྲུན། རིག་སྟོབས་རོགས་སྐྱོར་བཅས་ཀྱི་ཐད་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད། མཚོ་བྱང་ཏང་སྲིད་འཐུས་མི་ཚོགས་པ་ལིན་དབྱི་རུ་བསྐྱོད་པ་ནི་སྔོན་ཐོན་སློབ་སྦྱོང་དང་ཉམས་མྱོང་སློབ་སྦྱོང་བྱེད་པའི་བྱ་སྤྱོད་ཅིག་ཡིན་ལ། མཉམ་ལས་གཏིང་ཟབ་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་བྱ་སྤྱོད་ཅིག་ཀྱང་རེད། མཚོ་བྱང་གིས་ལིན་དབྱི་ཡི་གཟི་བརྗིད་སྲོལ་རྒྱུན་དང་སྔོན་ཐོན་གྱི་བསམ་ཕྱོགས་འདུ་ཤེས། ཉམས་མྱོང་དང་བྱེད་ཐབས། འཕེལ་རྒྱས་གཏོང་སྟངས་བཅས་སློབ་སྦྱོང་བྱས་ཏེ། ལིན་དབྱི་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དེ་དག་ལས་དོན་དངོས་ཀྱི་ནང་སྤྱད་དེ“མཚོ་བྱང་ལྔ”མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་དང་བྱ་སྤྱོད་དངོས་སུ་བསྒྱུར་བ་དང་། ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན། ལིན་དབྱི་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་བཞིན་མཚོ་བྱང་གི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། ཐོན་ལས་དང་ཤེས་ལྡན་པ། ཐོན་ཁུངས་སོགས་ཀྱི་ལེགས་ཆ་རྒྱུན་མཐུད་འདོན་སྤེལ་བྱེད་པ་དང་། མདའ་བཞིའི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་དང་། སྐྱེ་ཁམས་གནས་སྐོར་ལས་རིགས། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། གྲོང་ཁྱེར་འཛུགས་སྐྲུན། དམངས་འཚོ་འགན་ལེན་སོགས་ལ་སྐུལ་འདེད་གཏོང་བའི་ཐད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་།  དེ་དང་ཆབས་ཅིག   མཚོ་བྱང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་རིག་གནས་གནས་སྐོར་ཐོན་རྫས་དེ་བས་མང་བ་ལིན་དབྱི་དང་ཧྲན་ཏུང་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ནས་ལིན་དབྱིའི་ཚོང་པ་དེ་བས་མང་བ་མཚོ་བྱང་དུ་མ་འཇོག་ལས་གཏོད་བྱེད་པར་བསྐྱོད་རྒྱུའི་སྐུལ་སློང་དང་། ཚོང་ལས་ཀྱི་གོ་སྐབས་བཙལ་ནས་ཕྱོགས་གཉིས་པོར་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་པར་རེ་བ་ཆེན་པོ་ཡོད་ཟེར། 

ཚེས19ཉིན་གྱི་ཕྱི་དྲོ། ལིན་དབྱི་གྲོང་ཁྱེར་གྱི་མགོ་ཁྲིད་ཅུན་ཤིན་དབྱང་དང་། མཚོ་བྱང་ཁུལ་གྱི་མགོ་ཁྲིད་ཀྲང་ཧྲིང་ཡོན། དབྱང་ཧེ་ལུང་། རུང་ཧུང་ཀྲི་བཅས་ཀྱིས་ཧྲན་ཏུང་གི་མཚོ་སྐྱོར་སྟེ“སྤུས་ལེགས་རྒྱང་སྐྱོད”གྱི་ཤར་རྒྱུད་ཁག་བགོས་ལྟེ་གནས་དང་མཚོ་བྱང་གི“སྤུས་ལེགས་ཐོན་ཟོག་ཁང”གི་སྒོ་བྱང་བཀལ། དེས་མཚོ་བྱང་གི་འབྲུ་རིགས་དང་། ཤ་དང་འོ་མ།  སྦྲང་རྩི་སོགས་ཁྱད་ལྡན་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་དེ་ཧྲན་ཏུང་གི་ཚོང་རར་བསྐྱོད་ཐུབ་པ་བྱུང་ཡོད་ལ། ཐོན་སྐྱེད་དང་ཕྱིར་འཚོང་བར་སྔར་བས་སྤུས་ལེགས་དང་ཕན་འབྲས་མཐོ་བ། བརྟན་འཇགས་ཡིན་པའི་འཁོར་རྒྱུགས་ཀྱི་ཐབས་ལམ་དང་མཐུད་སྦྲེལ་གྱི་ལས་སྟེགས་སྐྲུན་པ་དང་། མཚོ་བྱང་ཁུལ་ཁྱི་ཞིང་ཕྱུགས་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་གི་ལམ་ཁ་སྔར་བས་རྒྱ་སྐྱེད་བྱུང་ནས་“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱི་གཏོང་བྱེད་ཡུལ”གསར་འཛུགས་ཀྱི་བྱེ་བྲག་གི་ལག་ལེན་དང་།  གྲོང་གསེར་དར་སྤེལ་ལ་སྐུལ་འདེད་བྱེད་པ། རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་མགྱོགས་མྱུར་མངོན་འགྱུར་བྱེད་པའི་གལ་ཆེའི་བྱེད་ཐབས་ཞིག་ཏུ་གྱུར་ཡོད། 

ལིན་དབྱི་རུ་སྡོད་པའི་རིང་། འཐུས་མི་ཚོགས་པས་ལིན་དབྱི་འཆར་འགོད་འགྲེམས་ཁང་དང་། ལུའོ་ཀྲོང་ཆུས་ཀྱི་ཀྲུང་གོའི(ལིན་དབྱི)མེ་ཏོག་དངོས་མང་འགྲེམས་སྟོན་ཁང་། ཨའེ་ཡུས་ལོན་སྔོ་ཚལ་བཟོ་གྲྭ། ཞའོ་ཧྥུང་སྐྱེ་དངོས་ཚན་རྩལ་གྱི་ཅེན་ཨར་འདེབས་འཛུགས་ཁུལ།  ཉི་འོད་རྟ་རྩལ་སྤྲོ་སྐྱིད་ཁང་། མཚོ་སྔོན་གྱི་སྤུས་ལེགས་ཐོན་རྫས་འགྲེམས་ཚོང་ལྟེ་གནས་སོགས་ལ་རྟོག་ཞིབ་བྱས།

ལིན་དབྱི་གྲོང་ཁྱེར་གྱི་མགོ་ཁྲིད་པེན་ཧྥུང་དང་། ཞུའེ་ཧྥུང་། ལིའུ་ཧྥེ། ཀྲང་ཡུས་ལན་བཅས་དང་། མཚོ་བྱང་ཁུལ་གྱི་མགོ་ཁྲིད་པད་རྒྱལ་བཀྲ་ཤིས་དང་། རུང་ཧུང་ཀྲི། སུན་ཞིག་ཙུང་བཅས་དང་། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་རྫོང་བཞིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་འབྲེལ་ཡོད་བྱེད་སྒོར་ཞུགས།


མཉམ་སྤྱོད།