དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཚོགས་འདུ་བསྡུས།

2023-04-20 10:53:19   |   13528

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4ཚེས19ཉིན་མདོ་ལ་རྫོང་གིས2023ལོའི་ཀྲུང་གུང་མདོ་ལ་རྫོང་ཨུའི་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ལས་དོན་སྐུལ་འདེད་ཚོགས་འདུ་བསྡུས། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡོན་ཡིའུ་ཁྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲའོ་ཅིན་གྱིས2023ལོའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས། རྫོང་དཔོན་གཞོན་པའམ་རྫོང་སྤྱི་བདེ་ཅུའི་ཏང་ཨུའི་ཧྲུའུ་ཅི། ཅུ་ཀྲང་ལྕགས་ཐར་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།

1~1.jpg

2~1.jpg

ཚོགས་འདུའི་ཐོག་རྒྱལ་ཡོངས་དང་ཞིང་ཆེན། ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན(ཅུས་ཀྲང)ཚོགས་འདུ། མདོ་ལ་རྫོང་གི་རྩ་འཛུགས་དང་དྲིལ་སྒྲོག འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་དྲིལ་སྒྲོག་སློབ་སྦྱོང་བྱས། 2023ལོའི་གཙོ་གནད་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་བཏང་བ་དང་། ལས་འགན་སྔར་བས་ཁ་གསལ་བཟོས་ཤིང་། འདྲིལ་ཤུགས་ཆེན་པོ་ཆགས་པར་བྱས།ཚོགས་འདུའི་ཐོག ཡུལ་གྲོང་ཁག་དང་། སྡེ་ཚན་ཁག ལས་ཁུངས་ཁག་བཅས་ཀྱིས་སྲོག་ཤིང་ལ་དམིགས་པ་དང་ལངས་གནས་མཐོ་སར་འགྲེངས་ཏེ། སྙིང་སྟོབས་བསྐྱེད་པའི་ཁྲོད་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་བཙུགས་ནས། “སྔོན་དུ་བསྐྱོད་པ་བཅུ་བཞི”ཡི་བྱེད་སྒོ་འཛུགས་སྐྱོང་བྱ་རྒྱུ་འཆིང་ཐག་ཏུ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་དྲིལ་སྒྲོག་སློབ་གསོ་དེ་ལས་བྱེད་པའི་སློབ་གསོ་དང་། ཏང་ཡོན་གྱི་སློབ་གསོ། རྒྱལ་དམངས་སློབ་གསོ། སྤྱི་ཚོགས་སློབ་གསོ། སློབ་གྲྭའི་སློབ་གསོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱས་ཐོག གཞོན་ནུ་ལོ་ཆུང་དང་། ཏང་ཡོན་ལས་བྱེད། རོང་འབྲོག་མང་ཚོགས། ཏང་ཕྱིའི་མི་སྣ། རྒྱུ་འགྲུལ་མི་སྣ་བཅས་མི་ཚོགས་རིགས་ལྔ་ལ་ཁ་ཕྱོགས་ནས། རྨང་སྐྲུན་དང་། དཔེ་སྟོན། རྨང་བརྟན། སྣེ་ཁྲིད། བརྗེ་རེས་བཅས“ལས་གྲྭ་ཆེན་པོ་ལྔ”ནུས་ཤུགས་ཆེན་པོས་བསྐྲུན་པ་བརྒྱུད། “འབྲལ་མི་ཐུབ་པ་གསུམ”དང“ངོས་འཛིན་ལྔ”ཡི་འདུ་ཤེས་ལ་ཟམ་མ་ཆད་པར་ཤུགས་སྣོན་དགོས། མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་ཟླ་བ་གོ་སྐབས་སུ་བྱས་ཏེ། ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་མཐུན་སྒྲིལ་གྱི་ཤེས་བྱ་ཁྱིམ་ཚང་ཁྲི་སྟོང་མང་བོར་དྲིལ་སྒྲོག་དང་ལས་རིགས་ཁག་ཏུ་སྣུར་སྲིང་སྒོས། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། གསོན་ཉམས་དོད་པ་དང་ཕན་ནུས་ཐོན་པ། མྱོང་བ་ལྡན་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་གྱི“རྣམ་གྲངས་བཅོ་ལྔའི”བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་དང་། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་དགོས། “མི་རིགས་མཐུན་སྒྲིལ+གྲོང་ཚོའི་ལོ་རྒྱུས་ཁང”དང་། “མི་རིགས་མཐུན་སྒྲིལ+རང་བྱུང་སློབ་གྲྭ”། “མི་རིགས་མཐུན་སྒྲིལ+གསར་བརྗེའི་རྟེན་གཞི”ལ་སོགས་པའི་མཉམ་འདྲེས་ལས་དོན་ཡག་པོར་བསྒྲུབས་ནས། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་མི་སེམས་ཀྱི་ཟབ་སར་ཟུག་པར་བྱས་ཏེ། མི་རིགས་ཁག་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཟམ་མི་ཆད་པར་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

3~1.jpg

4~1.jpg

5~1.jpg

ཚོགས་འདུའི་ཐོག ཡུལ་གྲོང་ཁག་དང་། སྡེ་ཚན་ཁག ལས་ཁུངས་ཁག རིམ་ཁག་ལས་བྱེད་པ་བཅས་ཀྱིས་བསམ་བློ་དང་བྱ་སྤྱོད་རྫོང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་། རྫོང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི“ཁུལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ”གྱི་སྤྱིའི་བླང་བྱར་དམིགས་ནས། རང་རྫོང་གིས་བཏོན་པའི《“ཁུལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་དྲུག”གི་བྱ་སྤྱོད་ཇུས་གཞི》གཞིར་བཟུང་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་སྒོ་ནས་ད་ལོའི་ལས་འགན་ཁག་ཡག་པོར་བསྒྲུབས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་གཏིང་ཟབ་ཅན་དང་། ཞིབ་ཕྲ་ཅན། དངོས་ཡོད་ཅན་དུ་སྤེལ་ཐོག མདོ་ལ་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཁུལ་ཡོངས་སུ་མ་ཟད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་དེ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན།ཁྱིམ་སྡོད་རྫོང་རིམ་པའི་འགོ་ཁྲིད་དང་། ཡུལ་གྲོང་ཁག་གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ། རྫོང་དམངས་ཆེན་མི་རིགས་ཆོས་ལུགས་དང་ཞིང་ཕྱུགས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། རྫོང་སྲིད་གྲོས་མི་རིགས་ཆོས་ལུགས་དང་སྤྱི་ཚོགས་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། དེ་བཞིན་རྫོང་ཨུའི་སྡེ་ཚན་ཁག་དང་། རྫོང་ཐད་གཏོགས་ལས་ཁུངས་སྡེ་ཚན་ཁག མང་ཚོགས་ཚོགས་པ་ཁག ཞིང་ཆེན་དང་ཁུལ་གྱི་རྫོང་དུ་བཅའ་སྡོད་ལས་ཁུངས་ཁག གསར་སྐྲུན་ལས་ཁུངས་ཁག ཁྲོམ་རའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་དང་གསར་སྐྲུན་ལས་མི་བཅས་ཚོགས་འདུར་ཞུགས།


མཉམ་སྤྱོད།