དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་བོད་སྨན་ཁང་གི་སྨན་སྣ106སྨན་བཅོས་འགན་བཅོལ་གྱི་དཀར་ཆག་ནང་བཅུག་འདུག

2023-04-20 11:34:26   |   1925

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་ཆར།  མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུ་དང་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་ཆེད་མཁས་པ་སྒྲིག་འཛུགས་བྱས་ཏེ། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ལ་ཞིབ་བཤེར་ཐོ་འགོད་དང་རེ་ཞུ་བྱས་པ་བརྒྱུད། མཚོ་བྱང་ཁུལ་རྐང་ཚ་རྫོང་བོད་སྨན་ཁང་གི་སྡེབ་སྦྱོར་བྱས་པའི་བཙོ་བཀྲུ་ཟླ་ཤེལ་དང་། རཏྣ་བསམ་འཕེལ། བི་མ་ལ། ཟླ་འོད་ནོར་ཁྱུང་རིལ་བུ་སོགས་བོད་སྨན་སྣ་ཁ106《མཚོ་སྔོན་ཞིང་ཆེན་བོད(སོག)ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྡེབ་སྦྱོར་སྨན་རྫས་ཀྱི་འགན་བཅོལ་དཀར་ཆག》ནང་བཅུག་འདུག  

2023ལོའི་ཟླ5བའི་ཚེས1ཉིན་ནས་བཟུང་།    ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ལས་ཁུངས་ཀྱིས་གཏན་འབེབས་ལྟར་བོད་སྨན་དེ་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ནང་བཅུག་ཆོག་ལ།  ཀ་བའི་རིགས་ཀྱི་སྨན་རྫས་སུ་རྩིས་ནས་དོ་དམ་བྱེད་རྒྱུ་རེད །                                 


མཉམ་སྤྱོད།