དེ་རིང་ནི2025ལོའི་ཟླ05པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-24 08:50:56   |   671

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • དུས་ཚིགས་དང་པོར་རང་རྒྱལ་གྱི་གྲོང་གསེབ་ཀྱི་འཛད་སྤྱོད་ཁྲོམ་ར་སླར་གསོ་རང་བཞིན་གྱི་འཕར་ཚད་མངོན་འགྱུར་བྱུང་ཞིང་།  གྲོང་གསེབ་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་དུས་མཚུངས་ལས6.2%འཕར་ཡོད། དེ་མཁར་གྲོང་ལས་བརྒྱ་ཆའི་གྲངས0.5མཐོ་བ་ཡོད།

  • ཉེ་ཆར། ནོར་སྲིད་པུས་ཞིང་ལས་ཐོན་སྐྱེད་ཀྱི་གེགས་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར12.51བཀོད་སྒྲིག་བྱས་ཏེ། ཧེ་ལུང་ཅང་སོགས་ས་ཁུལ་གྱི་འབྲུ་རིགས་སོགས་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚེ་ཚབས་ཆེན་སྔོན་འགོག་ཚོད་འཛིན་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་བརྡ་ཐོ་བཏང་ནས“ལྔ་གཅིག”ངལ་གསོའི་རིང་། དུས་ཆེན་དང་གུང་གསེང་རིང་གི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ལ་ཤར་བགྲོད་གྲོན་དངུལ་མི་བསྡུ་བའི་སྲིད་ཇུས་དོན་འཁྱོལ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ལྕགས་ལམ་སྡེ་ཚན་གྱིས“ལྔ་གཅིག”ངལ་གསོའི་རིང་། སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཟླ4ཚེས27ཉིན་ནས་ཟླ5ཚེས4ཉིན་བར། འགྲུལ་སྐྱེལ་མེ་འཁོར1500ལྷག་ཙམ་མང་དུ་གཏོང་རྒྱུ་རེད།

  • རྒྱལ་ཡོངས་ཀྱི་རྒྱལ་དམངས་དཔེ་ཀློག་བརྟག་དཔྱད་ཐེངས་ཉི་ཤུ་པའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་ལྟར་ན། 2022ལོར་རང་རྒྱལ་གྱི་མི་དར་མའི་རྒྱལ་དམངས་ཀྱི་ཕྱོགས་བསྡུས་དཔེ་ཀློག་བྱེད་ཚད་81.8%ཟིན་ཡོད།

  • ཚེས23ཉིན། ཚོང་དོན་པུས་བསྟན་དོན། རང་རྒྱལ་གྱི་རྒྱལ་མཚམས་སྒྲོལ་བའི་དྲ་ཐོག་ཚོང་དོན་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་ལོ5ནང་ལྡབ10ཙམ་འཕར་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པ་ལྟར་ན།  དུས་ཚིགས་དང་པོར་རང་རྒྱལ་གྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར341.7ཡོངས་འགྲུབ་བྱས། དུས་མཚུངས་ལས8.5%འཕར་ཡོད།

1.jpg

  • སྐབས133པའི་ཀོང་ཀྲོའུ་ཚོང་འདུས་ཀྱི(广交会)དུས་ཐེངས་གཉིས་པ་ཚེས23ཉིན་མགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་ནི་རྒྱུན་མཁོའི་འཛད་སྤྱོད་དངོས་རྫས་དང་། ལེགས་སྐྱེས། ཁྱིམ་ཆས་རྒྱན་ཆ་བཅས་གཙོ་བོ་ཡིན་པ་དང་འགྲེམས་ཞུགས་ཁེ་ལས་ཁྲི1.2ཙམ་ཡོད་པ་རེད།

2.jpg

  • རང་རྒྱལ་གྱི་རྡོ་གཡམ་རླངས་ཞིང་ཆེ་གྲས(大型页岩气田)ཐོག་མ་སྟེ། ཅང་ཧན་སྣུམ་ཞིང་ཕུའུ་ལིང་རྡོ་གཡམ་རླངས་ཞིང(江汉油田涪陵页岩气田)གིས་རིམ་རྩིས་བྱས་ན་སྣུམ་ཐོན་ཚད་ཏུན་ཁྲི2ལས་བརྒལ་ནས“རླངས་སྣུམ་མཉམ་དུ་འཕེལ་བའི”རྣམ་པ་བཟང་པོ་མངོན་ཡོད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་ཁ་གཏད་རྒྱུ་བའི་གནམ་གཤིས(强对流天气)ཀྱི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་དང་། དེ་རིང། ཀུའེ་ཀྲོའུ་ལྷོ་རྒྱུད་དང་ཀོང་ཤིས། ཀོང་ཏུང་ལྷོ་ནུབ་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ8-10ཡི་ཐོག་གློག་དང་རླུང་ཆེན། སེར་བའི་གནམ་གཤིས་ཡོད་འབྱུང་རྒྱུ་རེད།

  • ཉེ་ཆར། རྒྱལ་ཁབ་འབྲུབ་འགོག་བཀོད་འདོམས་གཞུང་ལས་ཁང་གིས་པེ་ཅིང་སོགས་མེ་སྐྱོན་ཆེ་བའི་ས་ཁུལ10ལ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

  • ཚེས23ཉིན། སྐྱེ་ཁམས་ཁོར་ཡུག་པུས་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ1པོ་ནས3པའི་བར་རྒྱལ་ཡོངས་ཀྱི་ས་ངོས་ཆུའི་སྤུས་ཚད་ལེགས་པའི་བཅད་ངོས(断面)ཀྱི་བསྡུར་ཚད89.1%ཡིན། དུས་མཚུངས་ལས་བརྒྱ་ཆའི་གྲངས0.9འཕར་ཡོད།

  • པེ་ཅིང་གིས2027ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གྱི་ལེགས་སྐྱེས་འགྲན་བསྡུར་གཉེར་རྒྱུའི་རེ་འདུན་ཞུ་རྒྱུ་རེད།

3.jpg

  • WTTའཛམ་གླིང་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨའོ་མོན་ཨང་དང་པོའི་འགྲན་བསྡུར(澳门冠军赛)ཚེས23ཉིན་མཇུག་འགྲིལ་བ་དང་། ཀྲུང་གོའི་བདམས་ཐོན་པ་ཝང་ཁྲུའུ་ཆིན་དང་ཝང་མན་ཡུས་ལ་སོ་སོར་སྐྱེས་པ་དང་བུད་མེད་ཁེར་རྐྱང་གི་འགྲན་བསྡུར་གྱི་ཨང་དང་པོ་ཐོབ་པ་རེད།

  • ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཆུ་འབྲས་ཀྱི་སྤུས་ཚད་ཐོན་ཁུངས་གནད་སྨིན་གསལ་འབྱེད་བྱས་ནས་ཕུལ་བྱུང་སོན་རིགས38སྔོག་འདོན་བྱས་ཏེ། ཆུ་འབྲས་ཀྱི་སོན་གསར་འདེམས་གསོ་བྱ་རྒྱུར་ནུས་ཆེའི་རྒྱུ་ཆའི་རྨང་གཞི་མཁོ་འདོན་བྱས་ཡོད།

  • རང་རྒྱལ་གྱིས་ཞིབ་བཟོ་བྱས་པའི་འཛམ་གླིང་གི་ཀྲའོ་ཝ་རིམ་པའི་དྲོད་ཚད་མཐོ་བའི་ཚད་བརྒལ་འདྲེན་ལྟོས་འབྱུང་ཚ་སྣོན་སྒྲིག་ཆས(高温超导感应加热装置)ཐོག་མ་དེ། ཧེ་ལུང་ཅང་དུ་དངོས་སུ་སྤྱོད་མགོ་ཚུགས་པ་དང་། ནུས་ཕྱོད་གཞན་སྒྱུར་ཅན་དེ་སྲོལ་རྒྱུན་སྒྲིག་ཆས་ལས་ལྡབ་གཅིག་གིས་མཐོ་རུ་ཕྱིན་ཡོད་པ་རེད།

  • ཧྲན་ཏུང་ཙི་པོས(山东淄博)“ལྔ་གཅིག”ངལ་གསོའི་རིང་། སྔ་རྗེས་སུ་མགྲོན་ཁང་གི་རིན་གོང་འཕར་ཚད་ཚོད་འཛིན་བྱས་ནས་འཕར་ཚད50%ལས་བརྒལ་བའི་རིགས་ལ་རིན་གོང་ཧམ་སྤར་གྱི་བྱེད་སྤྱོད་ལ་རྩིས་ནས་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་རེད།

  • དྲ་ཐོག་ཏུ་ཀྲེ་ཅང་ཅ་ཤིང་ཅིན་ཡུང་དཔེ་མཛོད་ཁང(浙江嘉兴金庸图书馆)བཤིག་རྒྱུའི་གནས་ཚུལ་འུར་སྒྲོག་བྱས་པ་དེར། ཅ་ཤིན་གྲོང་ཁྱེར་གྱིས་ཚེས23ཉིན་ལན་བསློགས་ནས་སྲུང་སྐྱོང་བེད་སྤྱོད་ཀྱི་ཇུས་གཞི་ལེགས་སུ་གཏོང་བཞིན་ཡོད་པ་དང་། སྟབས་བདེའི་སྒོ་ནས་བཤིག་མི་སྲིད་ཅེས་བཤད།

4.jpg

  • སི་ཁྲོན་མེ་ཧྲན་སྡེ་ཁུལ(眉山社区)གྱི་མི་དམངས་ཉེན་རྟོག་པ་ཅང་ཅིའུ་ཧྭ་ཡིས་འཐབ་གྲོགས་དང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་བྱེད་ཆེད།  དོགས་ཡོད་ཉེས་ཅན་དང་སྲོག་བསྡོས་ཀྱིས་དམར་འཛིང་བྱས་པ་དང་། སྟབས་མི་ལེགས་པར་གྲིས་གཙགས་ནས་རང་སྲོག་བློས་བཏང་བ་དང་ལོ46ལས་སླེབས་མེད།

སྲིད་ཇུས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་གྱིས་ཡིག་ཆ་བཀྲམ་ནས་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པའི་ཆེད་དོན་འཆར་གཞི་ལག་བསྟར་བྱེད་རྒྱུ་རེད། ས་གནས་ཁག་གིས་སློབ་ཆེན་སློབ་མའི་གྲོང་གསེབ་སྨན་པ་དེ་སྨན་བཅོས་འཕྲོད་བསྟེན་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པར་བརྩིས་ནས་དེ་མཚུངས་ཀྱི་སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  • སློབ་གསོ་པུའུ་དང་ཧེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཡིག་ཆ་བཀྲམ་ནས་ཕྱི་རྒྱལ་གྱི་མཐོ་རིམ་སློབ་གསོའི་ལས་ཁུངས་ཀྱིས་ཧེ་ནན་རང་མོས་ཉོ་ཚོང་ས་ཁུལ(海南自贸港)ནས་རྩིས་ཚན་རིག་པའི་ཞིང་ལས་དང་གསོ་རིག་རིགས་ཀྱི་སློབ་གྲྭའམ་ཡང་ན་སློབ་ཁུལ་བཙུགས་ཆོག་པ་ཁ་གསལ་བྱས་ཡོད།

  • ཨན་ཧོས་ཀྱིས་ཞིང་ཆེན་ཐད་གཏོགས་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་གསར་པ་ཁྱབ་བསྒྲགས་བྱས་པ་དང་། མི་ཧྲེང་ལས་བཟོའི(单身职工)བོགས་གཏོང་ཁང་པར་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་པའི་བཅད་གྲངས་ཟླ་རེར་སྒོར1200བར་མཐོ་རུ་བཏང་ཡོད།

འཚོ་བའི་དྲན་སྐུལ།

  •   དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད། ཀན་སུའུ་ལྷོ་རྒྱུད། ཧྲན་ཤིས་ཀྱི་དབུས་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་པ་འབབ་ཀྱི་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཀོང་ཤིས་ཀྱི་དབུས་བྱང་རྒྱུད། ཀོང་ཏུང་གི་བྱང་རྒྱུད། ཅང་ཤིས་ཀྱི་ནུབ་རྒྱུད། ཧྥུའུ་ཅན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ཀོང་ཤིས་ཀྱི་ནུབ་རྒྱུད་དང་བྱང་ཤར་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་ཀྱི་རེད།

5.jpg

  • ཞུང་ཨན(雄安)། ཚེས24ཉིན་ནས་བཟུང་། སྤྱི་ཚོགས་ལ་རླངས་འཁོར་གསར་པར་ཧོ་པེXརྟགས་ཅན་གྱི་རླངས་འཁོར་ཨང་རྟགས་ཐོ་འགོད་ལས་སྒོ་ཡོངས་བསྒྲགས་ངང་བདག་སྤྲོད་བྱ་རྒྱུ་རེད།

  • ཧྲང་ཧེ།  ཚེས28ཉིན་ནས་བཟུང་ས་འོག་ལྕགས་ལམ་གྱི་ལམ་ཐིག་དང་པོ་དང་། བདུན་པ། བརྒྱད་པ། དགུ་པ།བཅུ་པ། བཅུ་གསུམ་བཅས་གཟའ་པ་སངས་དང་གཟའ་སྤེན་པར་དུས་འགྱངས་བྱས་ནས་གཉེར་སྐྱོང་བྱ་རྒྱུ་རེད།


མཉམ་སྤྱོད།