དེ་རིང་ནི2025ལོའི་ཟླ05པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-25 08:30:38   |   751

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཚེས24ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ70ཡིས་ཕུལ་བའི་རྒྱལ་ཡིག་དང་ལེན་གནང་བ་རེད།

  • ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིསཅིན་ཕིང་གིས་མུའུ་ཧན་མོ་ཏེ·ཤེ་ཧ་པུའུ་ཏིང·ཁྲུའུ་ཕུའུ་ལ་གློག་འཕྲིན་བཏང་ནས་ཁོང་གིས་བྷང་ག་ལ(孟加拉)མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

  • ཚེས24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་གྲངས་གཞིའི་གླེང་སྟེགས་སྐབས་བཞི་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི297གསར་དུ་ལས་ཞུགས་ཐུབ་པ་དང་། དུས་མཚུངས་ལས4%འཕར་ཡོད།

2.jpg

  • རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུ་ཡི་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། ཐོན་སྐྱེད་ཁུལ་སོ་སོས་དུས་ཚིགས་དང་པོར་སྣུམ་ཇ(油茶)མུའུ་ཁྲི233.1གསར་དུ་འདེབས་འཛུགས་བྱས་པ་དང་། ཐོན་འབབ་དམའ་བའི་ནགས་ཚལ་མུའུ་ཁྲི231.14སྒྱུར་བཀོད་བྱས།  ལོ་འཁོར་གྱི་འཆར་གཞིའི་ལས་འགན་ཕྱེད་ཀ་ཙམ་ལེགས་གྲུབ་བྱུང་ཡོད་པ་རེད།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུ་ཡིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན།  དུས་ཚིགས་དང་པོར་རིམ་རྩིས་བྱས་ན་ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་སྒོར་དུང་ཕྱུར212.4རྩ་ཆག་བཏང་།  དུས་མཚུངས་ལས36%འཕར་ཡོད།

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ3པའི་ཟླ་མཇུག་བར། རང་རྒྱལ་གྱི5Gསྦྲེལ་ཚུགས(基站)སྡོམ་འབོར་ཁྲི264.6ཡོད་པ་དང་། དེས་སྒུལ་བདེའི་སྦྲེལ་ཚུགས་སྡོམ་འབོར་གྱི23.7%བཟུང་ཡོད།

  • ཚེས24ཉིན། ཕྱི་འབྲེལ་པུས་བསྟན་དོན། སྐོར་ཁག་དང་པོའི་སུའུ་ཏན(苏丹)དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་བདེ་འཇགས་ངང་སུའུ་ཏན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཏུ་ཕྱིར་འཐེན་བྱས་ཡོད།

3.jpg

  • ཚེས24ཉིན། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུ་དང་ཀྲུང་གོ་ཚན་རིག་ཁང་གིས་མཉམ་འབྲེལ་ཐོག་ཀྲུང་གོས་སྐར་མ་མིག་དམར(火星)ལ་འཚོལ་ཞིབ་ཚད་ལེན་བྱས་པའི་ཐོག་དང་པོའི་འདྲ་པར་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

  • དེ་རིང་ནས་བཟུང་། དབུས་ཤར་རྒྱུད་ཀྱི་ས་ཁུལ་་མང་ཆེ་བའི་དྲོད་ཚད་ཆེས་ཆེར་འཕར་བ་དང་། དྲོད་ཚད་འཕར་ཚད་ཡོངས་ཁྱབ་ཏུ10℃ལས་བརྒལ་རྒྱུ་རེད།

  • ཚེས24ཉིན། ཀྲུང་གོའི་ཟླ་དཔྱད་བཟོ་སྐྲུན་གྱི་སྤྱི་ཁྱབ་ཇུས་འགོད་པ་ཝུའུ་ཝུའེ་རིན་གྱིས་ཟླ་བའི་ལྷ་མོ་ཨང་བདུན་པ(嫦娥七号)2026ལོའི་སྔ་རྗེས་སུ་འཕེན་གཏོང་བྱ་རྩིས་ཡིན་ཞེས་བཤད་པ་རེད།

4.png

  • ཚེས24ཉིན། ཨེ་ཤེ་ཡའི་འདེད་ཤུགས་ཆེ་ཤོས་ཀྱི་གཤེར་གཟུགས་མེ་ཤུགས་འཕུར་མདའི(亚洲最大推力液体火箭)སྒུལ་བྱེད་འཕྲུལ་འཁོར་ཚོད་ལྟའི(发动机测试)སྟེགས་བུ་ཧྲན་ཤིས(陕西)སུ་དངོས་སུ་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་ཚུགས་པ་དང་། ཐོག་མའི་ཚོད་ལྟའི་ལས་དོན་ལེགས་འགྲུབ་བྱུང་ཡོད། 

  • འབྲི་ཆུའི་འགག་གསུམ་ཚོགས་པས(三峡集团)ཉེ་ཆར་འདས་ཟིན་པའི་ལོ་ལྔའི་རིང་འབྲི་ཆུའི་འགག་གསུམ་གློག་ཁང་གིས་རིམ་རྩིས་བྱས་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར4900ཙམ་ཟིན་པ་དང་། དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར4ཙམ་ཉུང་འབུད་བྱས་ཡོད་ཅེས་བཤད་པ་རེད།

  • ཉིན་ཤས་གོང་། ཀྲུང་དབྱང་ཁེ་ལས(中央企业)ཀྱི་དོ་དམ་མི་སྣ5ཡིས་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད། 

  • པོ་དབྱང་མཚེའུ(鄱阳湖)ཡི་ཆུ་སྐམ་པའི་དུས་སྐབས་མཇུག་འགྲིལ་ནས་ཆུ་ཚད་སྨི12ཡན་ལ་སླེབས་ཡོད།

5.jpg

  • ཏ་ལེན་མཚོ་དོན་ཅུ་ཡིས་མཚོ་འགྲུལ་གྱི་ཉེན་བརྡ་བཏང་ནས་ཚེས25ཉིན་གྱི་ཆུ་ཚོད8པ་ནས15པའི་བར། པོ་ཧའེ་མཚོ་འགག(渤海海峡)གི་ཧོང་ཧའེ(黄海)བྱང་རྒྱུད་དུ་དམག་དོན་ལས་འགན་སྒྲུབ་ནས་བསྐྱོད་མི་ཆོག་པའི་ཉེན་བརྡ་བཏང་བ་རེད།

  • ཀྲེ་ཅང་ཝུན་ཀྲོའུ(浙江温州)ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འགལ་ངང་གཏེར་ཁ་སྔོག་འདོན་བྱེད་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་མཚོ་ནང་བྱེ་མ་ཏུན་ཁྲི60ལྷག་ཙམ་སྔོག་འདོན་བྱས་ཡོད།

  • ཧུའུ་པེ་ཅིང་ཀྲོའུ(湖北荆州)ཡི་འགྲུལ་སྐྱེལ་ཁ་ལོ་བ་ཝང་ཐུང་གོ་ཡིས་རླངས་འཁོར་གཏོང་བའི་ལམ་བར་དུ་གློ་བུར་དུ་སྙིང་རྩ་འགག་པ་དང་ཚེ་སྲོག་གི་མཐའ་མའི་སྐབས་སུ།  ཁོང་གིས་བཟོད་བསྲན་བྱས་ནས་རླངས་འཁོར་ལམ་འགྲམ་དུ་བརྟན་པོར་བསྡད་དེ་རླངས་འཁོར་དུ་ཡོད་པའི་འགྲུལ་པའི་ཚེ་སྲོག་གི་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་ལུས་རྩལ་ལས་རིགས་ཀྱི་སྔོན་སྤྲོད་རྣམ་པའི་འཛད་སྤྱོད(预付式消费)གཉེར་སྐྱོང་བྱེད་མཁན་གྱིས་འཚོང་བའི་སྔོན་སྤྲོད་གཱ་ཡི་དུས་ཚད(预付卡期限)དེ་ས་ཆ་བོགས་གཏོང་གི་དུས་ཚད(场地租赁期限)ལས་རིང་དུ་གཏོང་མི་རུང་ཞེས་ཁ་གསལ་བཏོན་ཡོད།

  • ཧུའུ་པེས(湖北)བྱེད་ཐབས་བཏོན་ནས་ལས་ཞུགས་དཀའ་ངལ་ཡོད་པའི་རུ་འཁྱུར་དམག་མིའི་སྟབས་བསྟུན་ལས་ཞུགས་བྱས་རྗེས་སྤྲད་པའི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ལ་སྤྱི་ཚོགས་འགན་བཅོལ(社会保险)གྱི་ཁ་གསབ་སྤྲོད་རྒྱུ་རེད།

  • ལེའོ་ཉིང(辽宁)གིས2023ལོར་ཐོན་སྐྱེད་བྱས་པའི་ཆུ་འབྲས་ཅིང་ཏའོ་ཡི་ཉོ་སྒྲུབ་རིན་གོང་དམའ་ཤོས་རྒྱ་མ་རེར་སྒོར1.31ཡིན་པ་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་ཐེན་ཧྲན་རི་བོའི་རྒྱུད་དང་། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་ནུབ་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་པ་འབབ་ཀྱི་རེད།  བྱང་ཤར་ས་ཁུལ་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཞིན་ཅང་གི་བྱང་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཧྭ་ལྷོ། ཐེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་ཀྱི་རེད།  དེའི་ནང་། ཀོང་ཞིའི་ཤར་ལྷོའི་རྒྱུད་དང་ཀོང་ཏུང་གི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་ཀྱི་རེད།

6.jpg

  • རྒྱུགས་སྤྲོད། ཚེས26ཉིན་ནས་བཟུང་། 2022ལོའི་ལོ་འཁོར་གྱི་ཁྲིམས་ལུགས་རྒྱུགས་ལེན་གྱི་རང་སྣང་ཁ་བྱང་གི་ཡིག་རྒྱུགས་སྐར་གྲངས་ཚད་ལོན་མི་སྣས་དྲ་ཐོག་ནས་བཅའ་ཁྲིམས་ལས་རིགས་ཐོབ་ཐང(法律职业资格)ལེན་པའི་རེ་ཞུ་བྱེད་ཆོག

  • ཧང་ཀྲོའུ(杭州)།  ཟླ4ཚེས29ཉིན་ནས་ཟླ5ཚེས3ཉིན་བར་ཉིན་ལྟར་ཆུ་ཚོད8པ་ནས18བར་ཤིས་ཧུའུ་མཛེས་ལྗོངས(西湖景区)ཁུལ་དུ་འཁོར་ཨང་ཆ་ཡ་ཚོད་འཛིན(单双号限行)ཀྱི་གནས་སྐབས་དོ་དམ་ཚོད་འཛིན་བྱ་རྒྱུ་རེད།


མཉམ་སྤྱོད།