དེ་རིང་ནི2025ལོའི་ཟླ05པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་ཏང་གི་སློབ་གྲྭའི་ཡུལ་དངོས་ནས་གཞུང་དོན་སྤེལ།

2023-04-25 08:40:55   |   808

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མཚོ་བྱང་སྨྱན་གསར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4ཚེས24ཉིན། ཞིང་ཆེན་ཆུ་བེད་ཐིང་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར་བར་ཕེབས་པར་བསུ་བ་ཞུ་ཆེད། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཁུལ་ཨུའི་ཏང་གི་སློབ་གྲྭར་ཕེབས་ནས་ཡུལ་དངོས་ནས་གཞུང་དོན་སྤེལ་བ་དང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཝང་ཀྲུང་དབྱི། ཨ་ཁྱུང་། ཚའོ་ཅི་ཆང་བཅས་གཞུང་དོན་བྱ་བར་ཞུགས།

ཁུལ་ཨུའི་ཏང་གི་སློབ་གྲྭར་ཤ་བོ་སྐྱབས་གྱིས་སློབ་ཁྲིད་ཐོག་ཁང་དང་། སློབ་མའི་ལས་ཤག    སྙན་ཞུ་ཁང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་བྱས་པ་དང་། ཁུལ་ཨུའི་ཏང་གི་སློབ་གྲྭའི་ལས་ཀའི་གནས་ཚུལ་གྱི་སྙན་ཞུར་གསན་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཡུལ་དངོས་ནས་བསྒྲུབ་རྒྱུར་རྩིས་སྤྲོད་བྱས། ཞིང་ཆེན་ཆུ་བེད་ཐིང་གིས་མཚོ་བྱང་ཁུལ་ཨུའི་ཏང་གི་སློབ་གྲྭར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དེ་ནི་མཚོ་བྱང་ཁུལ་གྱིས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གཏོད་པའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་ཞིག་ཡིན་ལ། ཞིང་ཆེན་ཕྱི་ནང་གི་སློབ་མ་མཚོ་བྱང་དུ་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་བྱེད་པར་ཡོང་བའི་མགོ་ཡག་པོ་ཞིག་ཀྱང་ཡིན་པས། མཚོ་བྱང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཤུགས་རྐྱེན་ཐེབས་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཆེན་པོ་ལྡན་པ་ཡིན། མཚོ་བྱང་ལ་ཏང་གཤིས་སློབ་གསོ་གཉེར་བའི་ལེགས་ཆའི་ཐོན་ཁུངས་ལྡན་པ་དང་། འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་དྲན་གསོ་ཁང་དང་། ཀྲུང་གོ་རྡུལ་ཕྲན་གྲོང་གི་དེ་སྔའི་རྒྱལ་གཉེར་བཟོ་གྲྭ་གཉིས་གཉིས་གཅིག་ཡན་ལག་བཟོ་གྲྭ18དང་། དེ་སྔའི་མཐོན་པོ་སྒང་མཁའ་དམག་གནས་ཡུལ་རྙིང་པ། མདོ་ལ་རྫོང་གི་ནུབ་ལམ་དམག་དཔུང་གི་དྲན་གསོ་གླིང་། འཇུ་ལག་རྫོང་ཧན་ཐའེ་ཡུལ་དམག་ལེན། མདའ་བཞི་རྫོང་གི་སྐལ་བཟང་དུས་རབས་ཀྱི་དཔེ་བཟང་དྲན་གསོ་ཁང་། ཤིས་ཧའེ་ཅུན་རྟེན་མཛོད་ཁང་བཅས་ཡོད་པ་རེད། འབྲེལ་ཡོད་སྡེ་ཚན་གྱིས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཞབས་ཞུའི་ལས་དོན་ཁག་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས། རྩ་འཛུགས་སྡེ་ཁག་དང་ཏང་གི་སློབ་གྲྭས་གསོ་སྦྱོང་སློབ་ཚན་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་། དགེ་རྒན་གྱི་སྟོབས་ཤུགས་བཀོད་སྒྲིག་ལུགས་མཐུན་བྱེད་པ། སློབ་ཁྲིད་དོ་དམ་དང་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་རྒྱག་པ། སློབ་གཉེར་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་གསོ་སྦྱོང་ལ་ཕན་འབྲས་བཟང་པོ་ཐོན་པའི་འགན་ལེན་ཏན་ཏིག་བྱ་དགོས། ནོར་སྲིད་དང་སྡོད་ཁང་འཛུགས་སྐྲུན་སྡེ་ཚན་གྱིས་ཁུལ་ཨུའི་ཏང་གི་སློབ་གྲྭ་དང་གཞོགས་འདེགས་ཧུར་ཐག་བྱས་ཏེ། གློག་ཀླད་དང་གློག་བརྙན་འཕྲུལ་ཆས་སོགས་དགོས་ངེས་ཀྱི་སློབ་ཁྲིད་སྒྲིག་ཆས་ཐག་གཅོད་བྱེད་པ་དང་། སློབ་ཁྲིད་ཐོག་ཁང་གི་སྒོ་འགྲམ་དང་སློབ་གྲྭའི་ཁོར་ཡུག་ལ་དགོས་ངེས་ཀྱི་བཅོས་སྒྲིག་བྱས་ནས་སློབ་ཁང་དང་། སྙན་སྒྲོན་ཁང་། སློབ་མའི་ཉལ་ཁང་། གསང་སྤྱོད་སོགས་གཙོ་གནད་ཁུལ་ལ་དགོས་ངེས་ཀྱི་ཉམས་གསོ་བྱེད་དགོས་པ་དང་། མདའ་བཞི་རྫོང་གིས་སློབ་གྲྭའི་ཕྱི་ནང་དུ་གང་བྱུང་དུ་འཛུགས་སྐྲུན་བྱེད་པ་གཙང་སེལ་བྱེད་པར་གཞོགས་འདེགས་བྱས་ཏེ། གཙང་ཞིང་གྲ་དག་པ་དང་སྐྱིད་སྣང་དོད་པའི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཅིག་གཏོད་དགོས། མང་ཚོགས་ཚོགས་པའི་ཏང་ཙུའུ་ཡིས་ཏང་གི་སློབ་གྲྭར་ཕྱི་རོལ་གྱི་ཡུལ་དངོས་ཀྱི་སློབ་ཁྲིད་ལས་ཀ་ཡག་པོ་སྒྲུབ་རྒྱུར་གཞོགས་འདེགས་ནན་ཏན་བྱེད་པ།  ཆུ་བེད་སྡེ་ཚན་གྱིས་ཞིང་ཆེན་ཆུ་བེད་ཐིང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་དང་འབྲེལ་མཐུད་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་པ། ཁུལ་ཐད་གཏོགས་སྡེ་ཚན་གྱིས་ཞིང་ཆེན་གྱི་ཐིང་དང་ཅུ་དབར་འབྲེལ་མཐུད་ཡག་པོ་བྱས་ཏེ། ཞིང་ཆེན་ཐད་གཏོགས་སྡེ་ཚན་གྱི་ཚན་པ་དེ་བས་མང་བ་མཚོ་བྱང་དུ་སློབ་སྦྱོང་བྱེད་པར་ཡོང་རྒྱུའི་སྐུལ་སློང་བྱེད་དགོས། དྲིལ་བསྒྲགས་སྡེ་ཚན་གྱིས་གསོ་སྦྱོང་འཛིན་གྲྭའི་དྲིལ་བསྒྲགས་འཕྲིན་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་མཚོ་བྱང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།

ཁུལ་ཨུའི་གཞུང་ལས་ཁང་དང་དྲིལ་བསྒྲགས་དང་། ཏང་གི་སློབ་གྲྭ། ནོར་སྲིད། སྡོད་ཁང་འཛུགས་སྐྲུན། ཆུ་བེད། ལས་ཁུངས་ལས་དོན། རྒྱལ་ཁབ་མ་འཇོག་ཀུང་སིའི་འགན་འཁུར་བློ་མཐུན། དེ་བཞིན་མདའ་བཞི་རྫོང་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་བཅས་གཞུང་དོན་སྤེལ་བའི་བྱེད་སྒོར་ཞུགས།


མཉམ་སྤྱོད།