དེ་རིང་ནི2025ལོའི་ཟླ05པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཡོངས་ཀྱི་དམངས་ཆེན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས33པ་མཚོ་སྔོན་འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་ལས་བྱེད་པའི་སློབ་གླིང་དུ་སྤེལ།

2023-04-26 14:53:50   |   343

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།   མཚོ་བྱང་སྨྱན་གསར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་ཏང་གཤིས་སློབ་གསོ་དང་ཕུགས་བསམ་དད་སེམས་ཀྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་ཆེད། ཟླ4ཚེས17ནས་ཚེས21ཉིན་བར་ཞིང་ཆེན་ཡོངས་ཀྱི་མི་དམངས་འཐུས་ཚོགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཐེངས33པ་མཚོ་སྔོན་གྱི་འབར་མདེལ་གཉིས་དང་སྲུང་སྐར་གཅིག་གི་ལས་བྱེད་སློབ་གླིང་དུ་སྤེལ།

1.jpg

སློབ་མ་རྣམས་མཚོ་སྔོན་གྱི་རྡུལ་ཕྲན་གྲོང་དྲན་གསོ་ཁང་དང་། དེ་སྔའི221བཟོ་གྲྭའི་ཡན་ལག་བཟོ་གྲྭ་དྲུག་པ་དང་ཡན་ལག་བཟོ་གྲྭ་བདུན་པར་སོང་ནས་ཚན་རྩལ་ལས་དོན་པ་རྒན་རབས་དང་གསར་བརྗེའི་སྔོན་བྱོན་པ་ཚོས་གསེར་དངུལ་ཐང་དུ་སྒེར་སེམས་མེད་པ་དང་དཀའ་སྤྱད་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་དོན་དངོས་མྱོང་ཚོར་བྱས་པ་དང་།  ཆེད་དོན་འཆད་ཁྲིད། སྒྲོག་འགྲེལ་སྙན་ཞུ། གློག་བརྙན་དང་བརྙན་འཕྲིན་སློབ་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་ནས་སློབ་མ་ཚོར་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་གཏོང་བ་དང་། ཏང་གཤིས་བློ་སྦྱོང་ལ་སློབ་གསོ་དང་ཁྲིད་སྟོན་བྱས།

2.jpg

གསོ་སྦྱོང་བྱེད་རིང་། སློབ་གླིང་གིས་ད་དུང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟུར་ཁྲིད་དང་དེ་བཞིན《དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བ》དང《མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཚོ་དང་མི་རིགས་ཡུལ་ཚོ། གྲོང་རྡལ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལས་དོན་སྲོལ་ཡིག》སོགས་མི་དམངས་འཐུས་ཚོགས་ལས་སྒོའི་འབྲེལ་ཡོད་སློབ་ཚན་གཙོ་གནད་ཐོག་བཀོད་སྒྲིག་བྱས་ནས་སློབ་མ་ཚོའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཕུན་སུམ་ཚོགས་སུ་བཏང་བ་དང་། འགན་འཁྲི་སྒྲུབ་པའི་ནུས་པ་ཆེ་རུ་བཏང་།

3.jpg

སློབ་མ་ཚོས“འབར་མདེལ”གྱི་གསར་བཏོན་བྱེད་མཁན་རྣམས་ཀྱིས་མཚོ་སྔོན་གྱི་མྱ་ངན་ཐང་དུ་ཉིན་མཚན་མེད་པར་དཀའ་སྤྱད་འབད་བརྩོན་བྱེད་པའི་ལོ་ཟླར་རྗེས་དྲན་དང་རྗེས་སུ་ཡི་རང་བྱེད་པ་དང་། མི་སེམས་འགུལ་བའི་གཏམ་རྒྱུད་དེ་དག་ལ་ཉན་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་བརྗིད་ཉམས་ལྡན་པའི་ལེའུ་དེར་ཐུན་མོང་ཐོག་དྲན་གསོ་བྱས།  ཁོ་ཚོས་བཤད་རྒྱུར། འདི་ནི་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ཤིག་དང་སེམས་ཁམས་གཙང་དག་ཐེངས་ཤིག་ཡིན་པར་བསམ། དུས་སྐབས་གསར་པའི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། “འབར་མདེལ་གཉིས་དང་སྲུང་སྐར་གཅིག”གི་སྙིང་སྟོབས་ལག་ལེན་ཡག་པོ་བྱས་ནས་ཆབ་སྲིད་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “རྒྱལ་ཁབ་ཀྱི་སྟོབས་ཆེན”ལ་བརྩེ་སེམས་འཆང་བ། འཐབ་རྩོད་ཀྱི་འཇོན་ཐང་སྦྱོང་བརྡར་བཅས་བྱས་ཏེ། ཐེངས་འདིའི་སློབ་སྦྱོང་གསོ་སྦྱོང་གི་གོ་རྟོགས་ཟབ་མོ་དེ་མི་དམངས་འཐུས་ཚོགས་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་པའི་སྒུལ་ཤུགས་སུ་བསྒྱུར་ནས་དུས་སྐབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།


མཉམ་སྤྱོད།