དེ་རིང་ནི2025ལོའི་ཟླ05པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཐེ་ཝན་ཚོང་པ་དང་ཁེ་ལས་པའི་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས།

2023-04-26 18:27:29   |   519

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མཚོ་བྱང་སྲིད་དོན།  བཤེར་འབེབས།  རིན་ཆེན་ཚེ་རིང་། 


ཟླ4ཚེས25ཉིན། ཞིང་ཆེན་སྲིད་གཞུང་ཐེ་ཝན་ལས་དོན་གཞུང་ལས་ཁང་གི་ཀྲུའུ་རིན་གཞོན་པ་དབྱིང་ཤིའུ་ཡིས་ཐེ་ཝན་ཚོང་པ6གི་སྣེ་ཁྲིད་དེ་མཚོ་བྱང་ཁུལ་དུ་ཡང་བསྐྱར་དུས་མགོའི་རྟོག་ཞིབ་གྲུབ་འབྲས་འབྲེལ་མཐུད་བྱེད་དུ་ཕེབས་པ་དང་། ནུབ་མཚོ་གྲོང་རྡལ་དུ་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་རྟོག་ཞིབ་ཚོགས་པར་མཇལ་འཕྲད་གནང་ནས་ཕྱོགས་གཉིས་པོས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བསམ་བློ་བརྗེ་རེས་བྱས།ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་དང་། ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲུའུ་ལིན། འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་བཅས་དང་། ཁུལ་བཟོ་ལས་དང་ཆ་འཕྲིན་ཅན། མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན། རང་བྱུང་ཐོན་ཁུངས། སྐྱེ་ཁམསཁོར་ཡུག   སྡོད་ཁང་འཛུགས་སྐྲུན། འགྲིམ་འགྲུལ། ཞིང་ཕྱུགས། རིག་གནས་གནས་སྐོར། ནགས་ཚལ་རྩྭ་ཐང་། ཁྲོམ་ར་ལྟ་ཞིབ་བཅས་དང་། ཁུལ་འགྲིམ་འགྲུལ་གནས་སྐོར་མཉམ་འདྲེས་མ་འཇོག་ཚད་ཡོད་ཀུང་སིའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

2.jpg

བཞུགས་མོལ་ཚོགས་འདུའི་ཐོག  ཀྲུའུ་རིན་གཞོན་པ་དབྱིང་ཤིའུ་ཡིས་ཐེངས་འདིའི་ཐེ་ཝན་གྱི་ཁེ་ལས་མཚོ་བྱང་དུ་བརྟག་ཞིབ་བྱེད་པར་ཕེབས་པའི་དམིགས་ཡུལ་གཙོ་བོ་ངོ་སྤྲོད་བྱས། ཐེ་ཝན་ཁེ་ལས་པས་ཡར་སྔོན་དུ་མཚོ་བྱང་དུ་བརྟག་ཞིབ་བྱས་པའི་རྨང་གཞིའི་ཐོག མ་འཇོག་བྱེད་རྩིས་ཡོད་པའི་རྣམ་གྲངས་ཁྲོད་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་རེ་བ་དང་མཐུན་སྦྱོར་ཐག་གཅོད་བྱེད་དགོས་པའི་གནད་དོན། གཞན་པའི་གནད་དོན་དག་སྙན་སེང་གང་ལེགས་དང་ལྷག་བསམ་ཟོལ་མེད་ངང་བསམ་བློ་བརྗེ་རེས་བྱས་ཏེ་བསྟན་དོན། མདའ་བཞི་རྫོང་དང་རྐང་ཚ་རྫོང་དུ་མ་དངུལ་བཏང་ནས་ཚད་གཞི་མཐོ་བའི་མགྲོན་ཁང་གི་རྣམ་གྲངས་བསྐྲུན་རྒྱུ་དང་། དེ་དང་མཉམ་དུ། རྐང་ཚ་རྫོང་དུ་གངས་ཤུད་ར་བ་སོགས་གངས་འཁྱག་གནས་སྐོར་སྒྲིག་བཀོད་བསྐྲུན་པ།  མ་འཇོག་སྒྱུར་བཀོད་རིམ་སྤོར་བྱེད་རྩིས་ཡོད་པའི་གངས་དཀར་རི་བོའི་མཛེས་ལྗོངས་ཁུལ་གྱི་རྣམ་གྲངས་དེ་རི་འཛེག་དང་མྱུལ་དཔྱད། ཚན་རིག་རྟོག་ཞིབ། གནས་སྐོར། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་ནུས་མང་གནས་སྐོར་གནས་མཆོག་ཅིག་ཏུ་གསར་འཛུགས་བྱེད་པ །  མཚོ་བྱང་དུ་ལག་བརྒྱུད་རླངས་འཁོར་ཉོ་ཚོང་གི་ཁྲོམ་ར་ཆེ་གྲས་འཛུགས་པར་སྔ་ནུར་གྱིས་འཆར་གཞི་བཟོ་བ། མཐོན་པོ་སྒང་འདབས་ཀྱི་བྱེ་མ་རྔ་རྡུང་དུ་ཚད་གཞི་མཐོ་བའི་རྒྱལ་ཡོངས་ཀྱི་རླངས་འཁོར་བྱེས་བགྲོད་འགྲན་ལམ་བསྐྲུན་ནས་ལུས་རྩལ་གནས་སྐོར་འགྲན་བསྡུར་འཕེལ་རྒྱས་སུ་གཏོང་བ།  གསར་བརྗེའི་རིག་གནས་དང་རྩྭ་ཐང་རིག་གནས། མཚོ་སྔོན་འཇུ་ལག་རྟ་མཆོག་སོགས་བརྗོད་བྱར་བྱས་པའི་གློག་བརྙན་བརྩམས་ཆོས་པར་ལེན་བྱ་རྒྱུའི་འཆར་གཞི་ཡོད་པ། མ་དངུལ་བཏང་ནས་ཁུ་ནུ་རིག་གནས་ཀྱི་གོང་སྨན་རྒྱལ་མོའི་མཆོད་འབུལ་བྱེད་སྒོ་དང་རོལ་དབྱངས་དུས་ཆེན། རྒྱལ་སྤྱིའི་སྙན་ངག་སོགས་དུས་ཆེན་གྱི་བྱེད་སྒོ་སྤེལ་བ། འཛུགས་སྐྲུན་བྱེད་རྩིས་ཡོད་པའི་རྣམ་གྲངས་དེ་དག་བདེ་བླག་ངང་ལག་བསྟར་བྱེད་ཆེད། མཚོ་བྱང་དུ་འབྲེལ་ཡོད་ཀུང་སི་ཞིག་འཛུགས་རྩིས་ཡོད་པ་བཅས་བསམ་བློ་བརྗེ་རེས་བྱས། མཚོ་བྱང་གིས་ས་ཆའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་དང་། དུས་མགོའི་འབྲེལ་གཏུག་མཐུན་སྦྱོར། སྲིད་ཇུས་ཞིབ་བཤེར་ཆོག་མཆན་གྱི་བརྒྱུད་རིམ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་བྱེད་པར་རེ་བ་ཆེན་པོ་ཡོད་ཟེར། བཞུགས་མོལ་བྱེད་རིང་། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ཐེ་ཝན་ཚོང་པས་བཏོན་པའི་འབྲེལ་ཡོད་དཀའ་ངལ་དང་གནད་དོན་ལ་ལན་ཧུར་ཐག་གིས་རེ་རེ་བཞིན་ལན་བཏབ། 

3.jpg

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཐེ་ཝན་ཚོང་པ་དང་ཁེ་ལས་པས་བཏོན་པའི་རྣམ་གྲངས་མ་འཇོག་གི་འདོད་བློ་དང་སྲིད་ཇུས་ཀྱི་སྔོན་དཔག་ལ་རེ་རེ་བཞིན་ལན་བརྒྱབ་པ་དང་། ཁོང་གིས་ཐེ་ཝན་ཚོང་པ་དང་ཁེ་ལས་པས་བཏོན་པའི་རྣམ་གྲངས་དེ་དག་མཚོ་བྱང་གི“243”འཕེལ་རྒྱས་ཀྱི་བཀོད་པ་གསར་པ་དང་། ལྷག་པར་དུ་མགྲོན་ཁང་འཛུགས་སྐྲུན་གྱི་རྣམ་གྲངས་དེས་ས་གནས་དེ་གའི་གནས་སྐོར་གྱི་ཐེག་ནུས་ཆེ་རུ་འགྲོ་ཐུབ་པ་དང་། མདའ་བཞི་རྫོང་སྲིད་གཞུང་དང་རྐང་ཚ་རྫོང་སྲིད་གཞུང་གིས་འབྲེལ་མཐུད་དོན་འཁྱོལ་ཧུར་ཐག་བྱེད་དགོས་ཞེས་བསྟན་པ་དང་། གངས་ཤུད་ར་བ་འཛུགས་སྐྲུན་རྣམ་གྲངས་ཀྱིས་དགུན་དུས་ཀྱི་གནས་སྐོར་ཞན་ཆ་གསབ་ནས་མཚོ་བྱང་གི་གངས་འཁྱག་གནས་སྐོར་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་ཐུབ་ངེས་ཡིན་པ་དང་། དགུན་དུས་ཀྱི་གནས་སྐོར་རྣམ་གྲངས་གཉེར་སྐྱོང་དུས་འཁོར་ཐུང་བའི་གནད་དོན་ཐག་གཅོད་བྱེད་ཆེད། ཙོང་ཉ་ཕྱིར་ལོག་དང་ཆུ་མཛོད། ཆུ་ཚན་སོགས་རྣམ་གྲངས་དང་མཉམ་འདྲེས་བྱས་ནས་ས་ཆ་ནུས་ཆེའི་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། གངས་དཀར་མཛེས་ལྗོངས་ཁུལ་ལ་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཡོད་པ་མ་ཟད། ད་དུང་ཀན་སུའུ་དང་མཚོ་སྔོན་གྱི་གནས་སྐོར་སྐོར་ལམ་གྱི་ངེས་པར་བརྒྱུད་དགོས་པའི་ལམ་ཁ་ཡིན་པས་དེའི་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་གོང་རིམ་སྡེ་ཚན་གྱིས་དོ་ཁུར་ཆེན་པོ་བྱེད་ངེས་ཡིན། གཞན་པའི་མ་འཇོག་བྱེད་རྩིས་ཡོད་པའི་རྣམ་གྲངས་དག་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། ཁྲོམ་རའི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ཡོད་པས་ཁུལ་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་སོ་སོས་མཐུན་སྦྱོར་གྱིས་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་བཟོ་བ་དང་།ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་ལས་གཉིས་ཕན་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། འདོད་མཐུན་རང་བཞིན་གྱི་མ་འཇོག་རྣམ་གྲངས་སྔ་ཙམ་སྦྲེལ་མཐུད་དང་། སྔ་ཙམ་གྲོས་མོལ། སྔ་ཙམ་གན་རྒྱ་འཇོག་པ། སྔ་ཙམ་མགོ་འཛུགས་པ་བཅས་བྱས་ནས“མཚོ་བྱང་གི་མྱུར་ཚད”གང་ལེགས་སྒོས་མངོན་པ་དང་།  “བུ་རྫི་རྣམ་པའི”ཞབས་ཞུར་བརྟེན་ནས་ཐེ་ཝན་གྱི་ཚོང་པ་དང་ཁེ་ལས་ཀྱིས་མ་འཇོག་བྱེད་པའི་བརྒྱུད་རིམ་ནང་ལྷག་པའི་དཀའ་ངལ་དང་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། མཉམ་ལས་གཉིས་ཕན་གྱི་ཐུན་མོང་ངོས་འཛིན་ཆགས་པ་བཅས་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཁེ་ལས་རྒྱ་ཆེར་གཏོང་བར་རྨང་གཞི་བརྟན་པོ་གཏོང་དགོས་པ་བསྟན།

1.jpg

ཨ་ཆུང་གིས་མཚོ་བྱང་ཁུལ་གྱི་གནས་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཁྲོད་ཀྱི་འབྲེལ་ཡོད་བྱ་དགའི་ཁ་གསབ་མ་དངུལ་གྱི་རོགས་སྐྱོར་དང་། ས་ཆ་མཁོ་སྤྲོད། ཁྲལ་བསྡུའི་གཟིགས་སྐྱོང་། གློག་ཤུགས་འགན་ལེན་སོགས་ཀྱི་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་ངོ་སྤྲོད་ཞིབ་ཕྲ་གནང་།

        ཐེ་ཝན་ཚོང་པ་དང་ཁེ་ལས་པས་མཚོ་བྱང་གི་ཡུལ་གྲུ་འདིར་ལས་གཏོད་བྱེད་པར་ཧ་ཅང་སྤྲོ་བོ་ཡོད་པ་དང་། མཚོ་བྱང་གི་ཚོང་གཉེར་ཁོར་ཡུག་དང་ཆབ་སྲིད་ཀྱི་སྐྱེ་ཁམས། ཐོན་ཁུངས་བཅས་ཀྱི་དགེ་མཚན་དང་གོ་སྐབས་དམ་འཛིན་བྱས་ཏེ། ཧུར་ཐག་གིས་མཚོ་བྱང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ནང་ཞུགས་ནས་མཉམ་ལས་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 


མཉམ་སྤྱོད།