དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-04-28 07:15:56   |   360

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • དུས་ཡུན་ཉིན8ཀྱི་ལྔ་གཅིག་གུང་གསེང་རིང་གི་ལྕགས་ལམ་སྐྱེལ་འདྲེན་དེ་ཚེས27ཉིན་བྱེད་མགོ་ཚུགས་པ་དང་། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར1.2སྐྱེལ་འདྲེན་བྱ་རྒྱུ་རེད།

  • ཚེས27ཉིན། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ད་ལོའི་རྒྱལ་ཡོངས་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་དང་།གཟེངས་བསྟོད་ལག་ཁྱེར། དེ་བཞིན་བཟོ་པའི་གདོང་ལེན་ཨང་རྟགས་བཅས་ཀྱི་འཐུས་མིར་གཟེངས་བསྟོད་བྱས་པ་དང་། མི1035ལ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་པ་རེད།

  • རྒྱལ་ཁབ་སྡོམ་རྩིས་ཅུས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས3པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར15167.4ཟིན་ཡོད།

  • གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀྱིས་སློབ་ཆེན་མཐར་ཕྱིན་སློབ་མ་ཁྲི76ལྷག་ཙམ་བསྡུས་ཡོད་པ་རེད།

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས3པའི་བར་གཞུང་ཁོངས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྡོམ་འབོར་དུས་མཚུངས་ལས6.4%འཕར་ཡོད།

  • ས་གནས་དེ་གའི་དུས་ཚོད་ཚེས26ཉིན། ཀྲུང་གོའི་མཚོ་དམག་གི་ནན་ཉིང་དམག་གྲུ་དང་ཝེ་ཧྲན་ཧོ་དམག་གྲུ་སུའུ་ཏན་དུ་བསྐྱོད་དེ། སུའུ་ཏན་དུ་ཡོད་པའི་རང་རྒྱལ་གྱི་མི་སྣ་ཕྱིར་འཐེན་བྱེད་པའི་ལས་འགན་སྒྲུབ་ཀྱི་ཡོད། ཕྱིར་འཐེན་བྱེད་མཁན་ཁག་དང་པོའི་མི་678དམག་གྲུ་དང་མཉམ་དུ་སོ་ཏི་ཨ་རབ་ཀྱི་ཅི་ཏ་(沙特吉大港)གྲུ་ཁར་བདེ་འཇགས་ངང་འབྱོར་བ་རེད།

  • ཨ་རིས་ཀྲུང་གོའི་ཁྲིམས་འཛིན་མི་སྣ་ཁྲིམས་སྦྱོར་བྱས་པར་ཕྱི་འབྲེལ་པུས་ཨ་ལན་བསློགས་ནས་ཨ་རི་ཕྱོགས་ཀྱིས་བྱེད་སྟངས་ཚང་མ་ངོ་བོའི་ཐོག་ནས་བཅའ་ཁྲིམས་དེ་མཚོན་ཆ་ཅན་དང་། ཆབ་སྲིད་ཅན་དུ་འགྱུར་བ་བྱ་རྒྱུ་ཡིན་པ་དེ་རེད། གལ་ཏེ། ཨ་རི་ཕྱོགས་ཀྱིས་རང་འདོད་ཨུ་ཚུགས་བྱས་ཚེ། ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ངེས་ཡིན་ཞེས་བཤད་པ་རེད།

2.jpg

  • ཚེས27ཉིན། ལོ23ཡིན་ཞིང་ཨ་རི་ནས་རྒྱལ་ནང་དུ་ལོག་པའི་དོམ་ཁྲ“ཡ་ཡ”ཧྲང་ཧེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ནས་ཀྲུང་གོ་ཕྱོགས་ཀྱི་ཕྱུགས་རིགས་སྨན་པ་དང་། ལས་དོན་མི་སྣའི་རོགས་རམ་འོག  བཀག་སྡོམ་ལོགས་བཀར་ཞིབ་བཤེར་གྱི་རིམས་ནད་ཁུལ་དུ་བསྐྱོད་པ་རེད།

  • ཀྲུང་གོ་སྲོག་ཆགས་གླིང་མཐུན་ཚོགས་ཀྱིས་གསལ་བཤད་བྱས་དོན། ཕུང་པོ་ཞིབ་བཤེར་བྱས་འབྲས་ལ་གཞིགས་ན། ཨ་རིར་སྡོད་པའི་དོམ་ཁྲ“ལེ་ལེ”ཤི་རྐྱེན་གཙོ་བོ་སྙིང་ནད་ཀྱི་འགྱུར་ལྡོག་ཡིན་པ་ཚོད་དཔག་བྱས་ཡོད།

སྤྱི་ཚོགས།

3.jpg

  • ལྔ་གཅིག་གུང་གསེང་རིང་། རང་རྒྱལ་བྱང་ཕྱོགས་ཀྱི་ས་ཆ་མང་པོར་གནམ་ཐང་བའི་གནམ་གཤིས་གཙོ་བོ་ཡིན་པ་དང་། ལྷོ་ཕྱོགས་སུ་གཞི་ཁྱོན་ཆེ་བའི་ཆར་པ་འབབ་རྒྱུ་དང་། ས་ཁུལ་ཁ་ཤས་སུ་རླུང་ཁམས་གཏད་རྒྱུག་གི་གནམ་གཤིས་འབྱུང་རྒྱུ་རེད།

  • རིག་གནས་གནས་སྐོར་པུས་བརྡ་ཐོ་བཏང་ནས་འཁྲབ་སྟོན་ཁྲོམ་རའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། འཁྲབ་སྟོན་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2019ལོ་ནས་ད་བར་རྒྱལ་ཡོངས་སུ་ཁ་གསབ་རང་བཞིན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཚད་མི་ཐེངས་དུང་ཕྱུར1ལྷག་ཙམ་ཟིན་ཡོད་པ་རེད།

  • ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་སུ་དམངས་གཉེར་ཁེ་ལས་ཁྲི203.9གསར་དུ་བཙུགས་ཡོད། དུས་མཚུངས་ལས10.7%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་ལྔས་ཡིག་ཆ་བཀྲམ་ནས་ས་གནས་ཁག་གིས་དྲ་རྒྱའི་ཞལ་ཆད་རླངས་འཁོར(网约车)གཅིག་སྡུད་ལས་སྟེགས་དང་མཉམ་ལས་དྲ་བའི་ཞལ་ཆད་རླངས་འཁོར་ལས་སྟེགས(合作网约车平台)ཀུང་སིར་རིན་གོང་གསལ་པོ་འགོད་པ་སོགས་ཀྱི་བླང་བྱ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

  • ཚེས27ཉིན། ཀྲེ་ཅང་ཞིང་ཆེན་ཏང་ཨུའི་དེ་སྔའི་རྒྱུན་ཨུ་ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་ཀྲོའུ་ཅང་ཡུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས་པ་དང་། ཀྲོའུ་ཅང་ཡུང་གིས་ཁྲིམས་འགལ་ངང་རྒྱུ་དངོས་བླངས་པ་དེ་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར1.93ལྷག་ཙམ་ཟིན་ཡོད།

  • ཚེས27ཉིན། བྱིས་པ་བསླུ་བྲིད་དང་གཡོ་འཚོང་བྱས་པའི་ཉེས་གསོག་ཉེས་ཅན་ཀྲང་ཝུའེ་ཕིང་དང་ཀྲོའུ་རུང་ཕིང་གཉིས་སྲོག་ཁྲིམས་བཅད་པ་རེད།

  • ཡུན་ནན་ཤིས་ཧྲོང་པན་ན་ཡིས་དུག་རྫས་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་དུག་རྫས་ཀྱི་འཁྱགས་དུག་སྤྱི་རྒྱ86གཞུང་བཞེས་བཏང་བ་རེད།

4.jpg

  • ཉེ་ཆར། སི་ཁྲོན་ཝ་ཝུའུ་རི་བོར(瓦屋山)རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་བྱ་ཁྲ་སེར་བོ་ཐོག་མར་ཤེས་རྟོགས་བྱུང་ཡོད།

སྲིད་ཇུས།

  • པེ་ཅིང་གིས་ད་ལོའི་འབྲིང་རིམ་སློབ་བསྡུའི་སྲིད་ཇུས་ཁྱབ་བསྒྲགས་བྱས་ནས་གཅིག་གྱུར་སློབ་བསྡུའི་རེ་འདུན་དེ་སྔའི8ནས12བར་མང་དུ་བཏང་ཡོད།

  • ཧེ་ནན་གྱིས་ཞིང་དང་ནགས། ཕྱུགས། ཉ་ལས་རིགས་ཀྱི་ཆེད་ལས་སློབ་ཆེན་མཐར་ཕྱིན་སློབ་མས་ཞིང་ཆེན་དེ་གར་འདེབས་འཛུགས་འབྲེལ་ཡོད་ལས་རིགས་ཀྱི་ལས་དོན་སྒྲུབ་པ་དང་། ཞབས་ཞུའི་དུས་བཀག་ངེས་ཅན་ཞིག་ལག་བསྟར་བྱེད་མཁན་ལ་སློབ་ཡོན་ཁ་གསབ་དང་སློབ་རོགས་དངུལ་བུན་ཚབ་འཇལ་བྱེད་རྒྱུ་རེད།

  • ཧྲན་ཏུང་གི་ཆ་རྐྱེན་འཛོམས་པའི་རིན་མེད་ཁྲག་འབུལ་མཁན་གྱིས“རྩ་ཆག་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པའི་ནང་། གཞུང་བཙུགས་སྨན་ཁང་གི་སྤྱིར་བཏང་སྒོ་བསྟེན་སྨན་བཅོས་ཀྱི་ཞིབ་བཤེར་གྲོན་དངུལ་སྤྲོད་མི་དགོས་པ་སོགས་ཚུད་ཡོད་པ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་། ཅི་ལིན་ཤར་རྒྱུད། ལེའོ་ཉིང་གི་དབུས་ནུབ་རྒྱུད། ཧོ་པེའི་བྱང་ཤར་རྒྱུད། ཐེན་ཅིན། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། སི་ཁྲོན་གཤོང་སའི་ལྷོ་རྒྱུད། འབྲི་ཆུའི་ལྷོ་རྒྱུད་དང་ནུབ་རྒྱུད། ཧྭ་ལྷོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང། ཧུའུ་ནན་དབུས་རྒྱུད་དང་། ཅང་ཤིས་ནུབ་རྒྱུད། ཀུའེ་ཀྲོའུ་ཤར་རྒྱུད། ཀོང་ཤིས་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་ཀྱི་རེད།

5.jpg

  • ཁྲུང་ཆིང་། 2023ལོའི་མཐོ་སློབ་དཀྱུས་མའི་ཆེད་སྦྱོང་གི་དངོས་གཞིའི་ཡིག་རྒྱུགས་ཀྱི་རེ་འདུན་རེའུ་མིག་སྐོང་བའི་དུས་ཚོད་ནི་ཟླ5ཚེས5ཉིན་ནས་ཚེས6ཉིན་གྱི་ཆུ་ཚོད10པའི་བར་ཡིན།

  • པ་ཏ་ལིང་ལྕགས་རི་རིང་པོ། ལྔ་གཅིག་གུང་གསེང་རིང་། མཚན་མོའི་ལྕགས་རི་རིང་པོ་རྒྱུན་རྣམ་ཅན་གྱི་སྒོ་མོ་འབྱེད་རྒྱུ་རེད།


མཉམ་སྤྱོད།