དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བདུན་ཅུའི་ཁུལ་སྟོན་དགའ་བས་བསུ། ཐོན་མིའི་མཛུབ་རིས་སྐྱེས་སུ་འབུལ།

2023-04-28 13:33:27   |   501

རྩོམ་སྒྲིག   རྡོ་རྗེ་བྱམས།     བཤེར་འབེབས།    རིན་ཆེན་ཚེ་རིང་།


ཟླ4པའི་ཚེས27ཉིན། རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོ་དང་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་སྐབས་འདིར། མཚོ་བྱང་ཁུལ་མདའ་བཞི་རྫོང་མདོ་ལ་སློབ་འབྲིང་དུ“བདུན་ཅུའི་ཁུལ་སྟོན་དགའ་བས་བསུ། ཐོན་མིའི་མཛུབ་རིས་སྐྱེས་སུ་འབུལ།”ཞེས་པའི་བརྗོད་དོན་སློབ་རའི་ཡིག་གཟུགས་འགྲན་སྡུར་སྐབས་བདུན་པའི་བྱེད་སྒོ་སྤེལ། 

2.jpg

17.jpg

13~1.jpg

ཡིག་གཟུགས་འགྲན་སྡུར་སྟེང་། དགེ་སློབ50ལྷག་གིས་སེམས་ཞིབ་མོས་རང་རང་གི་བྲིས་རྩལ་ཆེད་དུ་ངོམས་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་དོན་རླབས་པོ་ཆེ་འདི་ནམ་ཡང་ཉམས་པ་མེད་པར་བླ་ནས་བླ་རུ་འདེགས་ཆེད། དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་སྣ་ཚོགས་བྲིས་ནས་རྒྱལ་ཡོངས་ཡིག་གཟུགས་ཉིན་མོ་དང་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བར་བསུ་བ་བྱས།  

15.jpg

 ཐེངས་འདིའི་བྱེད་སྒོ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྗེས་ཕྱོགས་སུའང་དགེ་སློབ་ཡོངས་ཀྱིས་བོད་ཀྱི་ཡིག་གཟུགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་འོས་འགན་ཕྲག་ཏུ་བླངས་ཏེ། རྒྱུན་ལྡན་གྱི་སློབ་ཁྲིད་དང་སློབ་སྦྱོང་ཁྲོད་ཡིག་གཟུགས་སྦྱོང་བ་དང་རང་མི་རིགས་ཀྱི་ཡིག་གཟུགས་དར་སྤེལ་བྱེད་པ། དགེ་སློབ་བར་ལ་བརྩེ་དུང་ཡོད་པ་དང་།  སློབ་གྲོགས་བར་མཐུན་སྒྲིལ་ཡོད་པ།  བསམ་བློ་དང་དགའ་ཕྱོགས་ཡོད་པ།  ཁྱད་ཆོས་དང་འཇོན་ཐང་ལྡན་པའི་མི་ཞིག་བཅའ་བར་འབད་པ་བྱེད་དགོས་པའི་རེ་བ་བཏོན།  

14.jpg

4.jpg

000.jpg

མཐར། འགྲན་སྡུར་ལ་ཞུགས་པའི་དགེ་སློབ་བྲིས་པ་རྣམས་ལ་བྱ་དགའ་གནང་སྟེ་མཇུག་རྫོགས་པར་བྱས།


མཉམ་སྤྱོད།