དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་མདོ་ལ་རྫོང་གི་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཧྲུའུ་ཅི་དང་ངོ་ཐུག་ནས་བཞུགས་མོལ་བརྗེ་རེས་གནང་།

2023-04-29 21:51:29   |   301

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མཚོ་བྱང་སྨྱན་གསར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4བའི་ཚེས27ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མདོ་ལ་རྫོང་གི་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཧྲུའུ་ཅི་དང་ངོ་ཐུག་ནས་བཞུགས་མོལ་བརྗེ་རེས་གནང་ཞིང་། གཞི་རིམ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། གཞི་རིམ་ལས་བྱེད་པའི་འགན་འཁྲི་འཁུར་སེམས་དང་བྱས་རྗེས་འཇོག་པར་སྐུལ་སློང་བྱས་ཏེ། བྱ་བ་སྒྲུབ་འདོད་པ་དང་སྒྲུབ་ཕོད་པ།  སྒྲུབ་ནུས་པ་བཅས་ཀྱི་རྣམ་པ་བཟང་པོ་ཤུགས་ཆེན་པོས་བསྐྲུན་དགོས་པ་ནན་གྱིས་བསྟན། མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཧི་པིན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་།

1.jpg

བཞུགས་མོལ་གནང་སྐབས། མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་སྟོང་སོ་ཆེ་བ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀའོ་ཡུས་ཧྥེང་དང་། ཨ་རིག་ཡུལ་ཚོ་འགྲམ་ནག་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧའེ་མིང་། མུ་རི་གྲོང་རྡལ་ཇ་སག་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ལུའུ་ཅུས་སོགས་ཀྱིས་ཏང་རྩ་འཛུགས་འཛུགས་སྐྱོང་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད།  སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས།  གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་།  ལས་བྱེད་པའི་ནུས་པ་འཛུགས་སྐྱོང་སོགས་ཀྱི་ནང་དོན་ལ་དམིགས་ནས་གཏམ་བཤད་སྤེལ། ཚང་མའི་གཏམ་བཤད་ལ་ནན་ཏན་ངང་ཉན་རྗེས།  ཤ་བོ་སྐྱབས་ཀྱིས་ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱིས་སྡེ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ལོ་ལྟར་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་སྡེ་བའི་ཨུ་ལྷན་གྱི་ཀྲུའུ་རིན་ཚང་མར་ཁྱོན་ཡོངས་ལ་ཁྱབ་པའི་གསོ་སྦྱོང་བྱས་པ་དང་། ད་ལོར་སྔ་རྗེས་སུ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་དང་སྡེ་བའི་ལས་བྱེད་པར་ཏང་གི་སློབ་གྲྭར་གཅིག་སྡུད་རེས་སྐོར་སྦྱོང་བརྡར་བྱེད་པ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལས་སྒྲུབ་ལས་གཏོད་ཀྱི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་། གྲོང་གསེབ་བཅོས་སྐྱོང་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་ཕྱིན་ཡོད་ལ། དེ་དང་ཆབས་ཅིག ཁུལ་ཨུས་སེམས་ཐག་གཙང་བཅད་དང་ནུས་ཤུགས་ཆེན་པོ་བཏོན་ནས།  གཞི་རིམ་ལས་བྱེད་པར“སྡེ་བའི་ལས་བྱེད་པའི་གླ་ཆ་དང་སྡེ་བ་རིམ་པའི་འཁོར་རྒྱུག་འགྲོ་གྲོན། སྡེ་བའི་ལས་བྱེད་པ་དང་རོང་འབྲོག་པའི་ཏང་ཡོན་རྒན་པའི་འཚོ་བའི་ཁ་གསབ་དོན་འཁྱོལ། སྡེ་བ་རིམ་པའི་ཏང་ཡོན་བྱེད་སྒོ་སྤེལ་ཡུལ་འཛུགས་སྐྲུན་ཁ་གསབ། གཞུང་ཞབས་པའི་དོན་ལས་ལས་ཁུངས་ཀྱི་དཔྱད་ཞིབ་ལས་བསྡུ་བཀོད་སྤྱོད།  སྡེ་བའི(སྡེ་ཁུལ)ལས་བྱེད་པའི་བསླབ་གནས་དང་བྱང་ཚད་མཐོ་རུ་གཏོང་བ་སོགས“དོན་དངོས་དྲུག”གིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་བ་དང་སྡེ་བའི་ལས་བྱེད་པའི་འགན་ལེན་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད་པར་བཤད།

2.jpg

ཤ་བོ་སྐྱབས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ང་ཚོར་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་མི་རིགས་མཐུན་སྒྲིལ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། མཚོ་བྱང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ཐད་ལ“གཅིག་ཅན་བདུན”དང་ནོར་ལུག་གསོ་སྤེལ་གྱི“ཁྲི་སྟོང”འཆར་གཞི་བཏོན་པ་དང་། རྫོང་ནས་ཡུལ་ཚོ་དང་གྲོང་རྡལ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་བ། གནས་སྐོར་འཕེལ་རྒྱས་ཐད“123”འཐབ་ཇུས་བཏོན་པ།  ནུས་རྒྱུ་གཙང་མ་འཕེལ་རྒྱས་གཏོང་བའི་ཐད་ཞིང་ཆེན་ཡོངས་ཀྱི་སྟོང་ཝ་བྱེ་བ་རིམ་པའི་ནུས་རྒྱུ་གཙང་མའི་ཐོན་སྐྱེད་རྟེན་གཞི་གསུམ་པ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་བཏོན་ཡོད། དེ་དང་ཆབས་ཅིག་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་འཕེལ་རྒྱས་ལ་ཤུགས་སྣོན་པ་དང་ལྷག་པར་དུ་མདོ་ལ་རྫོང་གིས་དམར་དམག་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་སྔོག་འདོན་ཡག་པོ་བྱེད་དགོས།  རྫོང་དང་གྲོང་གསེབ་ཀྱིས་རང་འགུལ་ངང་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མཉམ་འདྲེས་བྱས་ཏེ་གྲོང་གསེབ་དར་སྤེལ་གྱི་འཆར་འགོད་དང་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྡེ་བ་ཚང་མའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི25ལས་མི་དམའ་བའི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས་པར་བསྟན།

3.jpg

ཤ་བོ་སྐྱབས་ཀྱིས་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅིས་འགན་ཁུར་འཁུར་སེམས་ཡོད་པའི་སྡེ་བའི་ལས་བྱེད་པ་ཞིག་བྱེད་དགོས་པ་དང་། “གང་གི་ཆེད་དུ་ཡིན་པ”བསམ་བློ་གསལ་བོ་བཏང་ནས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ལ། སྡེ་བའི་ལས་བྱེད་པ་ཡག་པོ་ཞིག་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། “གང་ཞིག་སྒྲུབ་དགོས་པ”གསལ་བོ་ཤེས་པར་བྱས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་བྱས་ཏེ། ཐོན་ལས་དར་རྒྱས་དང་གྲོང་གསེབ་དར་སྤེལ་གཏོང་ཆེད་རྨང་གཞི་ཡག་པོ་འདིང་དགོས། “གང་ཞིག་འཇོག་དགོས”པའི་གནད་དོན་ལ་བསམ་བློ་ཡག་པོ་བཏང་ནས། རྨང་གཞི་འདིང་བ་དང་ཕུགས་ཡུན་ལ་ཕན་པ། མང་ཚོགས་ལ་ཕན་པ་བཅས་ཀྱི་དོན་དངོས་མང་ཙམ་སྒྲུབ་པ་དང་། ཐོན་ལས་ལ་སྐུལ་འདེད་དང་ཡོང་འབབ་འཕར་སྣོན་ཡོང་བ།  དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་དོན་བཟང་མང་ཙམ་བསྒྲུབ་དགོས། ཆབ་སྲིད་ལ་དང་དོད་བྱེད་པའི་གྲོང་གསེབ་ཀྱི་ལས་བྱེད་པ་ཞིག་བྱེད་དགོས་པ་དང་། རྫོང་དང་ཡུལ་ཚོའི་ཏང་ཨུས་གྲོང་སྡེའི་ལས་བྱེད་པའི་ནུས་པ་དང་བྱང་ཚད་གསོ་སྦྱོང་ལ་ཤུགས་སྣོན་དགོས། གོ་སྐབས་དང་ལས་སྟེགས་མཁོ་འདོན་བྱས་ཏེ་ཁུལ་ནང་ཁུལ་དང་ཞིང་ཆེན་ཕྱིའི་སྔོན་ཐོན་ས་ཁུལ་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་བསྐྱོད་དེ། སྡེ་བའི་ལས་བྱེད་པར་སྤྱི་སྐད་སྦྱོང་དུ་འཇུག་པ་དང་བྱ་བ་དོན་གཉེར་དང་བྱ་བར་དམ་འཛིན་བྱེད་པའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། ལས་སྒྲུབ་བྱེད་ཕོད་པའི་སྡེ་བའི་ལས་བྱེད་པ་ཞིག་བྱེད་དགོས་ན། སྡེ་བ་དེ་གའི་ཐོན་ལས་འཕེལ་རྒྱས་དང་འཚམ་པའི་ལམ་བུ་གསར་བ་འཚོལ་དགོས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གོང་དུ་སྤེལ་དགོས་ཤིང་། བརྟན་ལྷིང་སྲུང་སྐྱོབ་དང་འགལ་བ་སེལ་བ་སོགས་ཀྱི་བྱ་བ་ནན་ཏན་གྱིས་ལེགས་པར་བསྒྲུབ་སྟེ། མི་དོ་དམ་ཡག་པོ་དང་དཔུང་ཁག་གི་སྣེ་ཁྲིད་ཡག་པོ། སྲིད་ཇུས་ལྟར་བྱ་བ་ནན་སྒྲུབ། གཞུང་དྲང་སྤྱོད་གཙང་བཅས་བྱེད་དགོས་པ་ནན་གྱིས་བསྟན།

4.jpg

ཤ་བོ་སྐྱབས་ཀྱིས་རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་མགོ་ཁྲིད་ལས་བྱེད་པས་རྟག་ཏུ་གཞི་རིམ་དུ་བརྟག་ཞིབ་བྱེད་པར་བསྐྱོད་དེ་གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་གི་བྱེད་སྒོ་སྤེལ་བ་དང་གཞི་རིམ་དུ་མཉམ་འདྲེས་བྱེད་པ། མང་ཚོགས་ཀྱི་དགོས་མཁོ་མང་ཙམ་ཁོང་དུ་ཆུད་པ་བཅས་བྱས་ནས་མང་ཚོགས་ཀྱི་དཀའ་གནད་སེལ་བ་དང་བྱ་བ་དངོས་མང་ཙམ་སྒྲུབ་དགོས། སྡེ་བའི་ལས་བྱེད་པའི་ཐོབ་ཐང་ལེགས་བཅོས་བྱེད་པར་སེམས་ཁུར་བྱེད་དགོས་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱིས“བཅུ་ལྡན”བཟོ་སྐྲུན་ལག་བསྟར་བྱེད་དགོས་ལ། སྡེ་བས་ཀྱང་དེ་མཚུངས་ཀྱི་བྱེད་ཐབས་ཞིབ་འཇུག་བྱས་ནས་འཛུགས་དགོས། སྡེ་བའི་ལས་བྱེད་པའི་ནོར་འཁྲུལ་ཤོར་རུང་ཡོ་བསྲང་གི་ལམ་སྲོལ་འཛུགས་དགོས། བྱ་བ་སྒྲུབ་མཁས་པའི་སྡེ་བའི་ལས་བྱེད་པར་རྒྱབ་སྐྱོར་དང་སྐུལ་སློང་བྱས་ཏེ་སྡེ་བའི་ལས་བྱེད་པར་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས་སྡེ་བའི་ལས་བྱེད་པས་ལས་གཏོད་བྱེད་པར་སྐུལ་མ་གཏོང་དགོས། གཡང་ལུང་ཡུལ་ཚོ་དང་། འབྲོང་ལུང་ཡུལ་ཚོ། བཙུན་མོ་གཞོང་གྲོང་རྡལ་ཁ་གཟེབ་ལུང་བ་སྡེ་བས་དམར་དམག་ནུབ་ལམ་དམག་དཔུང་གི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཧོང་ཕཱན་དགོན་པའི་དམག་འཐབ་དང་། གཡང་ལུང་དང་འབྲོང་ལུང་གི་མང་ཚོགས་ཀྱིས་དམར་དམག་ནུབ་ལམ་དམག་དཔུང་གངས་འཁྱག་གི་མདོ་ལ་རི་བོ་ནས་བརྒལ་རོགས་བྱས་པའི་གཏམ་རྒྱུད་ཡག་པོ་བཤད་དགོས། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་གསར་གཏོད་བྱས་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་ཆད་མེད་པར་རྒྱུན་མཐུད་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་དགོས། རྫོང་དང་ཡུལ་ཚོས་གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ལྡན་སྡེ་བ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་གཅིག་ཀྱང་མི་ལུས་པའི་ཚད་བརྒལ་ཡོང་བ་བྱེད་དགོས། ལས་གཞི་འཛུགས་སྐྲུན་ལ་གྲབས་གསོག་དང་དམ་འཛིན་ཡག་པོ་བྱས་ནས་རྫོང་དང་ཡུལ་ཚོ(གྲོང་རྡལ)སྡེ་བ་བཅས་རིམ་པ་གསུམ་གྱི་ལས་གཞི་མཛོད་འཐུས་ཚང་དུ་གཏོང་དགོས། སྡེ་བ་སོ་སོའི་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་གསོ་སྐྱོང་དང་དོ་དམ་ཡག་པོ་བྱེད་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ། ཏང་གི་དྲིན་ཚོར་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ཏེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་གནས་ཚུལ་ཤེས་པ། ཏང་གི་བཀའ་དྲིན་དྲན་པ་བཅས་བྱེད་པར་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན།

མདོ་ལ་རྫོང་དུ་ཡོད་པའི་རྫོང་རིམ་པའི་མགོ་ཁྲིད་དང་། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི། རྫོང་ཐད་གཏོགས་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།


མཉམ་སྤྱོད།