དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-04 08:43:35   |   435

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།     བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཀྲུང་གོ་ཞིང་ལས་སློབ་ཆེན་ཚན་རྩལ་སློབ་གླིང་གི་སློབ་མ་ཚོར་འཕྲིན་ལན་སྤྲིངས་ནས་ཐུགས་རེ་ཟབ་མོ་གནང་བ་དང་། ལྔ་བཞིའི་གཞོན་ནུའི་དུས་ཆེན་འཆར་ཉེའི་སྐབས་སུ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གཞོན་ནུ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས།

  • གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཉིན་ཤས་གོང་། མ་ཞའོ་ཡུན་སོགས་བློ་མཐུན30ལ་སྐབས27པའི“ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”དང་།  མཁའ་འགྲུལ་བཟོ་ལས་ཧྲེན་ཧྥེ་དབྱིབས་ཀྱི་གྲུ་ཐོག་གནམ་གྲུའི་ཞིབ་བཟོའི་ལུའོ་དབྱང་གཞོན་ནུའི་འཕྲལ་སྒྲུབ་རུ་ཁག་སོགས་གཞོན་ནུ་ཐུན་མོང19ལ་སྐབས27པའི“ཐུན་མོང་གི་ཀྲུང་གོ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སྤྲོད་རྒྱུའི་གཏན་འབེབས་བྱས།

  • 2022ལོའི་ཟླ12པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྱོན་སྡོམ་ཁྲི7358.3དང་། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཁྲི409.3ཡོད།

1.jpg

  • ཟླ4ཚེས29ཉིན་ནས་ཟླ5ཚེས3ཉིན་བར། རྒྱལ་ཡོངས་ཀྱི་ལྕགས་ལམ་དང་། གཞུང་ལམ། ཆུ་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི27019སྐྱེལ་འདྲེན་བྱ་རྒྱུ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི5403.8སྐྱེལ་འདྲེན་བྱ་རྒྱུ་རེད། དེ2022ལོའི་དུས་མཚུངས་ལས་ཉིན་རེར་ཆ་སྙོམས་ཀྱི162.9%འཕར་རྒྱུ་རེད།

  • རིག་གནས་གནས་སྐོར་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི“ལྔ་གཅིག”ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་གནས་སྐོར་དུ་འགྲོ་མཁན་ཁྱོན་སྡོམ་མི་ཐེངས་དུང་ཕྱུར2.74ཟིན་པ་དང་། དུས་མཚུངས་ལས70.83%འཕར་ཡོད།

  • བཟོ་འཕྲིན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། དུས་ཚིགས་དང་པོའི་གློག་འཕྲིན་ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར4252ཟིན་པ་དང་། དུས་མཚུངས་ལས7.7%འཕར་ཡོད།

  • དངུལ་ཁང་འགན་བཅོལ་ལྟ་སྐུལ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཟླ3པའི་ཟླ་མཇུག་བར། དངུལ་ཁང་ལས་རིགས་ཀྱི་ཀུན་ཕན་རྣམ་པའི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་ཁྲི25.9ཟིན་པ་དང་། དུས་མཚུངས་ལས25.8%འཕར་ཡོད།

2.jpg

  • ཀྲུང་གོའི་མཚོ་དམག་གི་ནན་ཉིང་དམག་གྲུ་དང་ཝེ་ཧྲན་ཧོ་དམག་གྲུས་སུའུ་ཏན་དུ་ཡོད་པའི་ཀྲུང་གོའི་མི་སྣ་ཕྱིར་འཐེན་བྱེད་པའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཧོང་ཧེ(红海)ནས་ཐོན་ཏེ་མཚོ་འགྲུལ་སྲུང་སྐྱེལ་གྱི་ལས་འགན་མུ་མཐུད་དུ་སྒྲུབ་རྒྱུ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས3ཉིན་སུའུ་ཏན་གྱི་སྨན་པའི་བཟོ་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ནས་སུའུ་ཏན་གྱི་དྲག་ཆས་གདོང་ཐུག་ཚུན་ཏུ་མི་སེར448རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད་པ་རེད།

སྤྱི་ཚོགས།

3.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་སྔོན་པོའི་སྔོན་བརྡ་བཏང་བ་དང་། དེ་རིང་། ཧུའུ་པེའི་དབུས་ཤར་རྒྱུད་དང་ཧུའུ་ནན་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་ཀྱི་རེད། 

  • རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས་ཉིན་ཤས་གོང་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2022ལོར་རང་རྒྱལ་གྱི་གྲངས་འཛིན་དཔེ་ཀློག་སྤྱོད་མཁན(数字阅读用户)དུང་ཕྱུར5.3ཟིན་ཡོད།

  • ཀྲུང་གོ་ཁྲོམ་འགྲེམས་ཀུང་སིའི་མཐུན་ཚོགས(中国上市公司协会)ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ4པའི་ཟླ་མཇུག་བར། མངའ་ཁོངས་ནང་གི་ཁྲོམ་ཞུགས་ཀུང་སིར་ཁྱོན་སྡོམ་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི71.53ཟིན་པ་དང་། དུས་མཚུངས་ལས7.2%འཕར་ཡོད།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་འབྲི་ཆུའི་མ་ལམ་གྲུ་ཁས(长江干流港口)དོས་སྒམ་འདོན་འཇུག་བྱེད་ཚད་ཚད་ལྡན་སྒམ་ཁྲི575.9ཟིན་པ་དང་། དུས་མཚུངས་ལས8.1%འཕར་ཡོད།

  • སྒྲོན་སྟེགས་ཆེད་ལས་པར་གཞིའི་དུས་ཐོག་གྲངས་གཞིར(灯塔专业版实时数据)གཞིགས་ན། ཟླ5ཚེས3ཉིན་གྱི་དུས་ཚོད19:42སྟེང་། 2023ལོའི་ལྔ་གཅིག་གློག་བརྙན་གི་སྤ་སེ་བཙོངས་ཚད་སྒོར་དུང་ཕྱུར15ལས་བརྒལ་ཡོད་པ་རེད།

4.jpg

  • ཚེས3ཉིན། ATP1000མ་ཏེ་རིའི(马德里)རྩེ་གྲ་འགྲན་བསྡུར་གྱི་སྐྱེས་པའི་རྐྱང་པའི་རེས་སྐོར་བཞི་པའི་འགྲན་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཀྲང་ཀྲི་ཀྲེན་གྱིས་བསྡུར་གྲངས2-1གི་ཐོག་ནས་ཨ་རིའི་བདམས་ཐོན་པ་ཧྥུ་ལི་ཚི་ལས་རྣམ་པར་རྒྱལ་ནས་ཀྲུང་གོའི་སྐྱེས་པའི་ཝང་ཆིའུ་སྤོ་ལོའི་ལོ་རྒྱུས་བཏོད་པ་རེད།

  • ཚེས3ཉིན་གྱི་ཆུ་ཚོད13པར། ཡུན་ནན་ལུང་དབྱང(云南隆阳)དུ་ས་ཡོམ་རིམ་པ5.2བརྒྱབ་ནས་མི10ལ་རྨས་སྐྱོན་ཆུང་ངུ་ཕོག་ཡོད་པ་རེད།

  • རྒྱལ་ཁབ་ལྕགས་ལམ་མཚོ་བོད་ཚོགས་པ་ཀུང་སིས་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་བོད་ལྕགས་ལམ་ཟི་ལིང་ནས་གོར་མོ་བར་ད་ལོ་རིམ་སྤོར་ཡོངས་འགྲུབ་བྱེད་རྒྱུ་དང་།  འགྲོ་སྐྱོད་དུས་ཚོད་ཆུ་ཚོད2ཙམ་ཐུང་དུ་འགྲོ་རྒྱུ་རེད།

5.gif

  • སི་ཁྲོན་ཙི་ཀུང(四川自贡)གི་སྨན་པ་དབྱི་ཆིང་ཁྲོན་གླང་ཆེན་འགྱིང་རིར་གནས་སྐོར་དུ་སྐྱོད་སྐབས། མགོ་ཡོམ་འཁོར་ནས་སར་འགྱེད་པའི་གནས་སྐོར་བ་ཞིག་དང་འཕྲད།  ཁོང་གིས་གློ་སྙིང་སླར་གསོའི་མྱུར་སྐྱོར་བྱས་པ་དང་། ནད་པ་རི་གཤམ་དུ་བསྐྱལ་ནས་མཛེས་ལྗོངས་ཁུལ་གྱི་སྨན་པ་དང་རྩིས་སྤྲོད་བྱས་རྗེས་གཞི་ནས་ཁ་བྲལ་བ་རེད།

སྲིད་ཇུས།

  • ཧྲན་ཏུང་གིས་སློབ་གྲྭ་འབྲིང་ཆུང་ལ་སློབ་གྲྭ་རེ་རེ་བཞིན་ངལ་རྩོལ་སློབ་གསོའི་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་ནས་གཟའ་འཁོར་རེར་ངལ་རྩོལ་སློབ་ཚན་གཅིག་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  • ཀོང་ཤིས་ཀྱིས་རྫོང་མན་གྱི་གཞི་རིམ་ཚན་པར་ལས་ཞུགས་བྱེད་པར་སྐྱོད་མཁན་གྱི་སློབ་ཆེན་མཐར་ཕྱིན་སློབ་མར་གཏན་འབེབས་ལྟར་སློབ་ཡོན་ཁ་གསབ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

  • ཧྲང་ཧའེ་ཡིས་དཔྱད་ཞིབ་ལོ་འཁོར་རེར(考核年度)ལམ་ཐག་སྤྱི་ལེ་ཁྲི2ལས་བརྒལ་བའི་འབར་རྫས་གློག་རྫས(燃料电池)ཀྱི་ཟོག་འདྲེན་རླངས་འཁོར་དང་། ཚོང་ལས་ཀྱི་སྐྱེལ་འདྲེན་རླངས་འཁོར་ལ་གཉེར་སྐྱོང་བྱ་དགའ་སྤྲོད་རྒྱུ་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

6.jpg

  • དེ་རིང་གི་གནམ་གཤིས། ཤིན་ཅང་གི་ཐེན་ཧྲན་ས་ཁུལ་དང་། བོད་ལྗོངས། མཚོ་སྔོན་སོགས་ས་ཁུལ་མང་ཆེ་བར་ཁངས་ཆུང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་ཀྱི་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ནང་སོག་གི་དབུས་རྒྱུད། ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་ཀྱི་རེད། དེའི་ནང་། ཧྲན་ཏུང་གི་དབུས་རྒྱུད་དང་ལྷོ་རྒྱུད། ཨན་ཧུའེ་བྱང་རྒྱུད་དང་ལྷོ་ནུབ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་ཀྱི་རེད།

  • ཚུར་བསྡུ། པིན་ཁྲིས(奔驰)དེ་རིང་ནས་བཟུང2019ལོའི་ཟླ6ཚེས19ཉིན་ནས2023ལོའི་ཟླ1ཚེས16ཉིན་བར་གྱི་ནང་འདྲེན་བྱས་པའི་རླངས་འཁོར་ཁག་གཅིགGLE   SUVདངGLS  SUVཚུར་བསྡུ་བྱེད་རྒྱ་ཆེ་རུ་གཏོང་རྒྱུད་རེད། ཁྱོན་སྡོམ་རླངས་འཁོར40317ཟིན་ཡོད།

  • རྒྱུགས་སྤྲོད། 2023ལོའི་རྒྱལ་ཡོངས་ཀྱི་རྩིས་གཉེར་ཆེད་ལས་ལག་རྩལ་ཐོབ་ཐང་རྒྱུགས་ལེན(དམའ་རིམ་)དེ་ཚེས13ནས17ཉིན་བར་ལེན་རྒྱུ་རེད།


མཉམ་སྤྱོད།