དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་མཚོ་བོད་ལྕགས་ལམ་ཐོག་ཐོག་མར་གཏོང་རྒྱུ་རེད།

2023-05-04 09:10:14   |   336

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   ཟི་ལིང་དགོང་མོའི་ཚགས་པར།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


མཚོ་བོད་ལྕགས་ལམ་ཐོག་སླར་ཡང་གཏམ་བཟང་གྲགས་པ་སྟེ“བསྐྱར་དར་རྟགས་ཅན”གྱི་ཤུགས་འགྲེམས་མེ་འཁོར་མཚོ་བོད་ལྕགས་ལམ་ཐོག་ཐོག་མར་གཏོང་རྒྱུ་རེད། ཉེ་ཆར་གསར་འགོད་པས་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་བོད་ལྕགས་ལམ་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་དུས་མཚམས་གསར་པར་སླེབས་པ་དང་། སྔོན་དཔག་བྱས་ན་ཟི་ལིང་ནས་གོར་མོ་བར་གྱི་ལྕགས་ལམ་རིམ་སྤོར་ལས་དོན་དེ་ད་ལོ་ཡོངས་འགྲུབ་བྱེད་རྒྱུ་རེད། ལམ་ཐིག་དེའི་སྤྱི་ལེ829.251ཡི་འགྲོ་སྐྱོད་དུས་ཚོད5.2ནང་ཚུན་དུ་ཐུང་དུ་འགྲོ་རྒྱུ་དང་། ཆེས་ཐུང་ན་དུས་ཚོད4.8ཡིན། དེ་ད་ལྟའི་ཆེས་མགྱོགས་ཤོས་ཀྱི་མེ་འཁོར་གྱི་དུས་ཚོད6.8ལས་དུས་ཚོད2ཀྱིས་ཐུང་དུ་འགྲོ་རྒྱུ་རེད།  


མཉམ་སྤྱོད།