དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-06 08:10:35   |   366

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས5ཉིན། ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོར་གཙོ་སྐྱོང་གནང་ནས་བསྟན་དོན།  དངོས་ཚན་དཔལ་འབྱོར་འདེགས་སྐྱོར་དུ་བྱེད་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ་དང་། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་།

1.jpg

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་གཅིག”ངལ་གསོའི་རིང་། རྒྱལ་ཡོངས་ལྕགས་ལམ་གྱིས་འགྲུལ་པ་མི་ཐེངས་དུང་ཕྱུར1.33སྐྱེལ་འདྲེན་བྱས་པ་དང་། 2019ལོའི་དུས་མཚུངས་ལས་མི་ཐེངས་ཁྲི2794མང་དུ་ཕྱིན་ཡོད་པ་རེད།

  • ནོར་སྲིད་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་དབྱང་ནོར་སྲིད་ཀྱིས2023ལོར་སྒོར་དུང་ཕྱུར1560བཀོད་སྒྲིག་བྱས་ནས་ས་གནས་ཀྱིས་མཁར་གྲོང་འོས་འགན་སློབ་གསོའི་སློབ་མའི་སློབ་ཡོན་ཙག་ཙིག་རྩ་ཆག་གཏོང་བ་དང་། སློབ་དེབ་རིན་མེད་ངང་མཁོ་འདོན་བྱེད་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་རྟོག་འཇལ་གྲངས་གཞི་ལས་མངོན་པར་གཞིགས་ན། ཚེས4ཉིན་བར། ད་ལོ་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་དུང་ཕྱུར400ཟིན་པ་དང་། 2019ལོ་དང་བསྡུར་ན་གྲངས་འབོར་དུང་ཕྱུར400དེ་ཉིན་གྲངས128ཀྱིས་སྔ་སྣུར་དུ་ཡོངས་འགྲུབ་བྱས་པ་རེད།

2.png

  • ཚེས5ཉིན་གྱི་དུས་ཚོད15:26སྟེང་། མཁའ་གྲུ་ཨང་ལྔ་པའི་ཟོག་འདྲེན་འཕུར་གྲུ་བར་སྣང་ས་ཚིགས་ཀྱི་སྡེབ་སྒྲིག་གཟུགས(空间站组合体)ནས་བདེ་བླག་ངང་ཕྱིར་འཐེན་བྱས་ཏེ་རང་ཚུགས་འཕུར་སྐྱོད་ཀྱི་དུས་མཚམས(独立飞行阶段)སུ་སླེབས་པ་རེད།

  • ཚེས5ཉིན། རང་རྒྱལ་གྱིས་རང་བརྟེན་ཉིང་རྡུལ་གློག་གི་རབས་གསུམ་པའི་ལག་རྩལ་ཧྭ་ལུང་ཨང་དང་པོའི་གོ་ལ་ཧྲིལ་པོའི་དཔེ་སྟོན་ལས་གྲྭ་ཐོག་མ་སྟེ། ཧྥུའུ་ཆིང་ཉིང་རྡུལ་གློག(福清核电)གི་འཕྲུལ་ཚན་ལྔ་པ་དང་དྲུག་པ་དངོས་སུ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད།

  • ཀྲུང་གོ་དང་ལོ་སི་ཕྱོགས་གཉིས་པོས་གྲོས་ཐག་བཅད་པ་བརྒྱུད། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱིས་ཟླ5པར་རུ་དཔུང་མངགས་ནས་ལོ་སིའི་མི་དམངས་དམག་དང་མཉམ་དུ“མཛའ་གྲོགས་ཀྱི་ཕུབ-2023”ཞེས་པའི་མཉམ་འབྲེལ་ནང་སྦྱོང་བྱ་རྒྱུ་རེད།

  • ཚེས5ཉིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་པྲོག་གསར་རིམས་ནད་དེས“རྒྱལ་སྤྱིས་དོ་ཁུར་བྱེད་པའི་ཐོལ་བྱུང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན”གྲུབ་མི་ཐུབ་ཞེས་ཁྱབ་བསྒྲགས་བྱས་པ་རེད།

3.jpg

  • ཚེས5ཉིན། 2023ལོའི་ཨེ་ཤེ་ཡའི་ལྗིད་འདེགས་ལེགས་སྐྱེས་འགྲན་བསྡུར་གྱི་བུད་མེད་ཀྱི་སྤྱི་རྒྱ49རིམ་པའི་ཚོགས་ཆུངAཡི་མཐའ་བསྡུར་ནང་། ཀྲུང་གོའི་བདམས་ཐོན་པ་ཅང་ཧུའེ་ཧྭ་ཡིས་ལག་འགྱོག་དང་(抓举)། གཏད་འགྱོག(挺举)། སྤྱིའི་གྲུབ་འབྲས་བཅས་ཀྱི་གསེར་གྱི་རྟགས་མ་གསུམ་བླངས་པ་རེད།

སྤྱི་ཚོགས།

4.png

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་བརྡ་སྔོན་པོ་དང་རླུང་ཁམས་ཆེན་མོའི་གཏད་རྒྱུག་གནམ་གཤིས་ཀྱི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས། དེ་རིང་། ཧུའུ་ནན་ལྷོ་རྒྱུད་དང་ནུབ་རྒྱུད། ཅང་ཤིས་ལྷོ་ནུབ་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ8-10རླུང་ཆེན་ནམ་སེར་བའི་གནམ་གཤིས་འབྱུང་རྒྱུ་རེད།

  • ཉེ་ཆར།  ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་ན་ནིང་དྲ་ཐོག་ནས་ཕྱི་འཚོང་བྱེད་པའི་བྱིས་པའི་གྱོན་ཆས་སྤུས་ཚད་རྒྱལ་ཁབ་ཀྱི་ལྟ་སྐུལ་འཐེན་བཤེར་བྱས་འབྲས་བརྡ་ཁྱབ་བཏང་། ཐོན་རྫས་ཁག68ཚད་གཞི་ལོངས་མེད་པ་ཤེས་རྟོགས་བྱུང་ཡོད།

  • ཚེས5ཉིན། སྐབས133པའི་ཀོང་ཀྲོའུ་ཚོང་འདུས(广交会)བདེ་བླག་ངང་མཇུག་འགྲིལ་བ་དང་། རིམ་རྩིས་བྱས་ན་འགྲེམས་ཁང་དུ་ཡོང་མཁན་མི་ཐེངས་ཁྲི290ལས་བརྒལ་བ་དང་ཡུལ་དངོས་ནས་ཕྱིར་གཏོང་ཚོང་འགྲིག་ཚད(出口成交)ཨ་སྒོར་དུང་ཕྱུར216.9ཟིན་ཡོད།

  • ལུའོ་ཆེ་གེ་མོས་ཁྲེང་ཏུའུ་དོམ་ཁྲ་གསོ་སྤེལ་ཞིབ་འཇུག་རྟེན་གཞིའི་ཏུའུ་ཅང་ཡན་རི་སྐྱེས་གསོ་སྤེལ་ཞིབ་འཇུག་ལྟེ་གནས་སུ་ལྟ་སྐོར་བྱེད་སྐབས། དོམ་ཁྲའི་ཕྱི་རོལ་གྱི་བྱེད་སྒོ་སྤེལ་ཡུལ་དུ་མ་རྨོས་ལོ་ཏོག་འཕངས་པས་ཚེ་གང་བོར་ལྟ་སྐོར་བྱེད་མི་ཆོག་པའི་ཐག་བཅད།

  • ཚེས4ཉིན། ཧང་ཀྲོའུ་ཤིས་ཧུའུ་མཚེའུ་ཆུ་ཁོངས་དོ་དམ་ཁྲུའུ་ཡིས་བསྟན་དོན། ཞིབ་བཤེར་བྱས་པ་བརྒྱུད། དྲ་ཐོག་བརྙན་ལམ“ལག་ཐོགས་ཁ་པར་ཤིས་ཧུའུ་མཚེའུ་རུ་ལྷུང་བ་དང་། ཆུ་ནས་འདོན་མཁན་གྱིས་ལེན་དངུལ་མཐོ་པོ་སྤྲོད་དགོས་པའི་བླང་བྱ་བཏོན་པ”ཅེས་པ་དེ་རང་སྒྲིག་རང་འཁྲབ་ཀྱི་ཚོང་ལས་ཁྱབ་གདལ་གཏོང་ཆེད་ཀྱི་བྱ་སྤྱོད་ཅིག་ཡིན་པ་དང་། འབྲེལ་ཡོད་ཁྲིམས་འཛིན་སྡེ་ཚན་དེར་བརྟག་ཞིབ་བྱེད་པའི་ནང་ཞུགས་ཡོད།

5.jpg

  • ཀོང་ཏུང་ཙི་ཅིན་པའེ་ཤིས(广东紫金白溪)ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་སྔོ་ཚལ་ཚན་པའི་རྩི་ཤིང་གི་སྐྱེ་དངོས་རིགས་གསར་པ་ཞིག་རྙེད་པ་དང་། མིང་ལ་ཆུ་ཁུངས་ཅེན་ཚལ་ཞེས་བཏགས།

6.jpg

  • ཚེས2ཉིན། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་གསར་བརྗེའི་རྨས་སྐྱོན་གཟི་བརྗིད་དམག་མི་ཀའོ་ཅིན་ཝུན་སྐུ་གཤེགས་པ་རེད། ཁོང་གིས་ཧྲང་ཀན་ལིང(上甘岭)དུ་ཉིན43རིང་དམར་འཛིང་བྱས་ནས་དམིགས་བསལ་གྱི་བྱས་རྗེས་ཐེངས་གཅིག་དང་རིམ་པ་དང་པོའི་བྱས་རྗེས་ཐེངས་གཅིག་བཞག་མྱོང་།

7.jpg

  • ཚེས4ཉིན། “ཏུན་ཧོང་གི་བུ་མོ་”ཧྥན་ཅིན་ཧྲི་ཡིས་མི་དམངས་ཤོག་སྒོར་ཁྲི་ཆིག་སྟོང་ཞལ་འདེབས་སུ་ཕུལ་བ་དང་། ཧྥན་ཅིན་ཧྲི་སློབ་གསོའི་ཐེབས་རྩ་བཙུགས་ཏེ་པེ་ཅིན་སློབ་ཆེན་གྱི་ཏུན་ཧོང་རིག་པའི་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་པར་བཀོལ།

སྲིད་ཇུས།

  • ཧྲེན་ཀྲེན་གྱིས་སྲོལ་ཡིག་ལ་གྲོས་འཆམ་བྱུང་ནས་ཁྲོམ་གཞུང་གཞུང་ལས་ཁང་གིས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་། བཀོད་སྒྲིག་ལུགས་མཐུན། ལྟ་སྐུལ་དོ་དམ་གོ་རིམ་ལྡན་པ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་ཚོང་པ་ཉི་ཚེ་བའི(摊贩)གཉེར་སྐྱོང་བྱེད་ས་དབྱེ་འབྱེད་བྱས་ཆོག

  • ཧྲན་ཤིས་ཐའེ་ཡོན(山西太原)གྱིས་གཏན་འབེབས་གསར་པ་ལག་བསྟར་བྱས་ཏེ། སློབ་གྲྭའི་བརྙས་བཅོས་དང་གཏུམ་སྤྱོད་སྔོན་འགོག་དང་ཐག་གཅོད་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་། འཐུས་སྒོ་ཚང་དུ་བཏང་ནས་སློབ་མའི་རོགས་སྐྱོར་ཁ་པར་དང་འབྲེལ་གཏུག་བྱེད་མཁན་འཛུགས་དགོས་པའི་བླང་བྱ་བཏོན་ཡོད།

  • ཧེ་ལུང་ཅང་ཧར་པིན་གྱིས་སྲིད་ཇུས་གསར་པ་བཏོན་ནས་ཧར་པིན་གྱི་ཁེ་ལས་སུ་ལས་གཉེར་བྱེད་པའམ། དེ་བཞིན་གྲོང་ཁྱེར་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་བྱ་གཞག་ཚན་པས་གསར་དུ་ནང་འདྲེན་བྱས་པའི་འབུམ་རམས་པའི་མཐར་ཕྱིན་སློབ་མ་མི་རེར་ཟླ་རེར་འཚོ་བའི་ཁ་གསབ་སྒོར3000དང་། བསྟུད་མར་ལོ་གསུམ་ལ་སྤྲོད་པ་དང་། མི་རེར་གཞིས་ཆགས་གྲོན་དངུལ་སྒོར་ཁྲི10སྤྲོད་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། ཀུའེ་ཀྲོའུ་ཡི་ཤར་རྒྱུད་དང་། ཧུའུ་ནན་གྱི་དབུས་ལྷོ་རྒྱུད། ཅང་ཤིས་ཀྱི་དབུས་རྒྱུད། ཀྲེ་ཅང་ལྷོ་རྒྱུད། ཧྥུའུ་ཅན་གྱི་བྱང་རྒྱུད་བཅས་དང་དེ་བཞིན་སི་ཁྲོན་བྱང་ཤར་རྒྱུད་དང་། ཁྲུང་ཆིང་གི་ས་ཆ་མང་ཆེ་བ། ཧྲན་ཤིས(陕西)ཀྱི་ཤར་ལྷོའི་རྒྱུད་དང་བྱང་རྒྱུད། ཧྲན་ཤིས(山西)ཀྱི་དབུས་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་པ་དང་། དེའི་ནང་། ཅང་ཤིས་དབུས་རྒྱུད་དང་ཧྥུའུ་ཅན་གྱི་ནུབ་བྱང་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་ཀྱི་རེད།

8.jpg

  • པེ་ཅིང་། འོས་འགན་སློབ་གསོའི་སློབ་ཞུགས་ཞབས་ཞུའི་ལས་སྟེགས་ཤར་གཏོང་ཐུབ་པ་དང་། སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་སློབ་ཞུགས་ཆ་འཕྲིན་འཚོལ་བསྡུ་ཚེས5ཉིན་ནས་མགོ་ཚུགས་ཡོད།

  • ཀུའེ་ཀྲོའུ། ཀུའེ་དབྱང་མཱ་ལ་སུང་འགྲན་བསྡུར་དེ་ཟླ6ཚེས10ཉིན་ཀུའེ་དབྱང་ཀོན་ཧྲན་མཚེའུ་ཁུལ་དུ་གཉེར་རྒྱུ་དང་། ཟླ5ཚེས4ནས12ཉིན་བར་དྲ་ཐོག་ནས་མིང་ཐོ་འགོད་ཆོག་གི་ཡོད་པ་རེད།


མཉམ་སྤྱོད།