དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་དམངས་སྲིད་ཐིང་གིས་མཚོ་བྱང་དུ་བརྗོད་དོན་སློབ་གསོ་སྤེལ།

2023-05-06 08:48:53   |   3941

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མཚོ་བྱང་སྨྱན་གསར།    བཤེར་འབེབས།  རིན་ཆེན་ཚེ་རིང་།


1.jpg

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་སྤེལ་ཆེད། ཟླ5བའི་ཚེས4ཉིན། ཞིང་ཆེན་དམངས་སྲིད་ཐིང་གི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་མ་ཡོངས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་བསྐྱོད་དེ་ཡུལ་དངོས་ནས་སློབ་སྦྱོང་བྱས་ཏེ་གསར་བརྗེའི་སྙིང་སྟོབས་དང་ལེན་དང་ཉམས་ཞིབ། རྒྱུན་འཛིན་བཅས་བྱས།  

2.jpg

སློབ་མ་ཚོ་སྔ་རྗེས་སུ་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་། འཕུར་མདའ་རྐྱང་བཀོལ་མཁའ་དམག་སྒར་གཞི་བཅུ་གཉིས་པའི་གནའ་ཤུལ་བཅས་སུ་བསྐྱོད་དེ། འགྲེལ་བཤད་པའི་ཁྲིད་སྟོན་འོག་གསར་བརྗེའི་གཏམ་རྒྱུད་རེ་རེ་དང་། རྩ་ཆེ་བའི་པར་རིས་རེ་རེ། ལོ་རྒྱུས་རིག་དངོས་རེ་རེ་བཅས་བརྒྱུད་ནས་སྤྲོ་སེམས་རབ་ཏུ་འཁོལ་ཏེ་གསར་བརྗེའི་ལོ་ཟླར་ཕྱིར་དྲན་བྱས་ཤིང་། གསར་བརྗེའི་སྔོན་བྱོན་པ་ཚོས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་བླ་ན་མེད་པའི་བསམ་ཚུལ་དངོས་ཚོར་ཐུབ་པར་བྱས་ལ། མེས་རྒྱལ་ལ་དགའ་ཞེན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན། མཉམ་ལས་ཤུགས་ཆེན་དང་ཡང་རྩེར་འཛེག་ཕོད་པ་བཅས་ཀྱི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ལ་ཉམས་ཞིབ་ཟབ་མོ་བྱས།

3.jpg

སློབ་མ་ཚོས་གསར་བརྗེའི་ཉམས་ཞིབ་ས་ཚིགས་སུ་ཡུལ་དངོས་ནས་སློབ་སྦྱོང་བྱས་རྗེས། མཚོ་བྱང་ཁུལ་གྱི་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་སུ་བསྐྱོད་ནས་ཁམས་གསོ་ལྟེ་གནས་ཀྱི་ནད་ཁང་དང་སྨན་ལུམས་ལྟེ་གནས། ཞིབ་བཤེར་བརྟག་དཔྱད་སོགས་ཀྱི་ཚན་ཁག་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས།

4.jpg

ཚང་མས་གཅིག་མཐུན་ངང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྲོག་ཤིང་དུ་འཛིན་རྒྱུ་རྒྱུན་འཁྱོངས་ལྷོད་མེད་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ། གསར་བརྗེའི་གཞི་རྒྱུ་སྔར་བས་རྒྱུན་འཛིན་བྱ་རྒྱུ། ཐོག་མའི་བསམ་འདུན་བརྟན་སྲུང་བྱ་རྒྱུ། “དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་གཙོ་བ། བྱས་རྗེས་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོར་ཆུད་དགོས་ལ། དགོངས་པ་སློབ་ནས་ཐོས་པ་བཙལ་རྒྱུ་རྒྱུན་འཁྱོངས་དང་ཤེས་པ་དང་ཡིད་ཆེས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ། “དམངས་སྲིད་དམངས་ཆེད་དང་དམངས་སྲིད་དམངས་གཅེས”ཀྱི་གཟི་བརྗིད་ལས་འགན་སྔར་བས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པའི་ཁྲོད་ལེགས་སྐྱེས་གསར་བ་དབུལ་རྒྱུ་ཡིན་པར་བཤད།


མཉམ་སྤྱོད།