དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཧྲན་ཏུང་ཞིང་ཆེན་འཕེལ་བཅོས་ཨུ་ལྷན་རྐང་ཚ་རྫོང་དུ་ཕེབས་ཏེ་མཚོ་སྔོན་རོགས་སྐྱོར་གྱི་ལས་དོན་ལ་བརྟག་ཞིབ་གནང་།

2023-05-09 16:29:53   |   279

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ5ཚེས7ཉིན། ཧྲན་ཏུང་ཞིང་ཆེན་འཕེལ་བཅོས་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཁྲེན་ཧུང་ཧུའུ་ཡིས་རུ་ཁག་གི་སྣེ་ཁྲིད་དེ་རྐང་ཚ་རུ་ཧྲན་ཏུང་གིས་མཚོ་སྔོན་དུ་རོགས་སྐྱོར་བྱེད་པའི་ལས་དོན་ལ་བརྟག་ཞིབ་གནང་ལ། “ལོ་ལྔ་ཚན་བཅུ་བཞི་བའི”ཚུན་གྱི་མཚོ་སྔོན་རོགས་སྐྱོར་གྲུབ་འབྲས་ལ་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་དུས་འབྲིང་གི་དཔྱད་དཔོག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས།  མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲིས་ཕེབས་རོགས་བྱས།   

图片1.png

 བློ་མཐུན་ཁྲེན་ཧུང་ཧུའུ་དང་བཅས་པ་སྔ་རྗེས་སུ་དཔལ་དགེ་གྲོང་རྡལ་དཀོན་ལོ་ཞོལ་མ་སྡེ་བའི་སྡེ་བ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་གཅིག་སྡུད་རང་བཞིན་གྱི་གསོ་ཚགས་རྟེན་གཞི་དང་།    རྐང་ཚ་རྫོང་ཞང་གྲོང་བཅའ་སྡོད་ལམ་ལུགས་མི་རིགས་སློབ་གྲྭ། རྐང་ཚ་རྫོང་མི་དམངས་སྨན་ཁང་སོགས་ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་རྣམ་གྲངས་ལ་བཅས་སུ་བསྐྱོད་ནས་བརྟག་ཞིབ་བྱས། མཚོ་སྔོན་རོགས་སྐྱོར་གྱི་སློབ་གསོ་བ་དང་སྨན་དོན་ཤེས་ལྡན་མི་སྣར་བསམ་བློ་བརྗེ་རེས་བྱས་ཏེ། རྣམ་གྲངས་འཛུགས་སྐྲུན་དང་དེ་བེད་སྤྱོད་བྱས་ཚུལ་ལ་རྒྱུས་ལོན་བྱས། དེའི་རྗེས་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་དང་མཚོ་སྔོན་པོའི་ཁེ་རམ་ཐང་དུ་སློབ་སྦྱོང་དང་རྟོག་ཞིབ་བྱས། བློ་མཐུན་ཁྲེན་ཧུང་ཧུའུ་ཡིས་ལེའོ་ཁྲེང་དང་རྐང་ཚའི་ས་གནས་གཉིས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་བའི་དགོངས་དོན་བཅས་གཏིང་ཟབ་སྒོས་ལག་བསྟར་དོན་འཁྱོལ་བྱས་ཏེ་མཚོ་སྔོན་ལས་དོན་ལེགས་ཕྱོགས་སུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས། ལེའོ་ཁྲེང་གྲོང་ཁྱེར་གྱིས་ཐོན་ལས་དང་ཤེས་ལྡན་མི་སྣ། སློབ་གསོ། སྨན་བཅོས་སོགས་ཁྱབ་ཁོངས་ལ་དམིགས་ཏེ། མུ་མཐུད་དུ་རྣམ་གྲངས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་གྱི་བྱེད་ཤུགས་ཆེ་རུ་བཏང་ནས་རྐང་ཚ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། ཁོང་གིས་ལེའོ་ཁྲེང་དང་རྐང་ཚ་ས་ཁུལ་གཉིས་ཀྱི་ཉམས་མྱོང་ལེགས་པོ་ཕྱོགས་སྡོམ་བྱས་ནས་མུ་མཐུད་དུ་དར་སྤེལ་གཏོང་རྒྱུ་དང་། ཁ་གཏད་རོགས་སྐྱོར་གྱི་ལས་འགན་མུ་མཐུད་དུ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། འཐབ་ཇུས་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱིས་བོད་མཁར་རྐང་ཚའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན། 

图片2.png

མཚོ་སྔོན་རོགས་སྐྱོར་གྱི་ཤེས་ལྡན་མི་སྣའི་གླེང་མོལ་ཁྲོད། ཁོང་གིས་འདས་ཟིན་པའི་ལོ་གཉིས་ལྷག་གི་རིང་ལ། ཧྲན་ཏུང་ཞིང་ཆེན་གྱི་སྐོར་ཁག་བཞི་བ་དང་ལྔ་བའི་མཚོ་སྔོན་རོགས་སྐྱོར་གྱི་ཤེས་ལྡན་མི་སྣས་མཚོ་སྔོན་རོགས་སྐྱོར་ཐད་ཀྱི་ལས་འགན་བློ་ལ་བརྟན་པོར་བཟུང་ནས། མཉམ་དུ་འབད་འབུངས་ཧུར་བརྩོན་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཚུལ་བསྟན། ཁོང་གིས་མཚོ་སྔོན་རོགས་སྐྱོར་གྱི་ཤེས་ལྡན་མི་སྣས“ལོ་ལྔ་ཚན་བཅུ་བཞི་བའི”དུས་ཚོད་ལྷག་མ་དམ་འཛིན་བྱས་ནས། “དབྱང་དབུགས་དཀོན་རུང་སྙིང་སྟོབས་འཛོམས་པ་དང་། དཀའ་ངལ་ལ་མི་འཛེམ་པ། ས་བབ་མཐོན་པོར་མི་སྐྲག་པ”བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་རང་འགུལ་ངང་ལས་དོན་དེ་མཚོ་སྔོན་རོགས་སྐྱོར་གྱི་སྤྱིའི་འཆར་འགོད་ནང་བཅུག་ནས། བརྩེ་སེམས་གཞི་རིམ་གྱི་རོང་འབྲོག་མང་ཚོགས་ཁྲོད་ཁྱབ་པ་བྱེད་པ་དང་། སྤྱོད་ཚུལ་ཏན་ཏིག་ངང་ལས་དོན་དངོས་སྒྲུབ་ཀྱི་ཁྲོད་བཅུག་སྟེ། རྐང་ཚའི་རིགས་སོ་སོའི་མང་ཚོགས་དང་འཆམ་མཐུན་མཉམ་གནས་དང་ལག་གདང་མཉམ་སྦྲེལ་གྱིས་མཚོ་སྔོན་གྱི་རོགས་སྐྱོར་ལས་དོན་ལ་གྲུབ་འབྲས་གསར་བ་འཇོག་དགོས། 


མཉམ་སྤྱོད།