དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-09 16:35:50   |   193

སྒྲིག་སྒྱུར། ཀླུ་མོ་མཚོ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས།   རིན་ཆེན་ཚེ་རིང་།      


  • 8ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཛམ་གླིང་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པའི་མཐུན་འབྲེལ་ཚོགས་ཆེན་སྐབས་བཅུ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་བྱས་ནས་ཚང་མར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། འཛམ་གླིང་ས་གནས་ཁག་གི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་། 

༡.jpg

  • ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་དེ་ཟླ5ཚེས18ནས་ཚེས19ཉིན་བར་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་དུ་འཚོག་རྒྱུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་རེད། 

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཧ་སག་སི་ཐན་གྱི་ཙུང་ཐུང་ཐུའོ་ཁ་ཡེ་ཧྥུ་དང་ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཧྥུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལ་ཧོ་མོང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཧྥུ་བཅས་ཀྱིས་ཟླ5ཚེས16ནས20ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། 

2.jpg

ཉིན་ཤས་གོང་ཀྲུང་དབྱང་དྲིལ་སྒྲོག་པུ་སོགས་སྡེ་ཁག་བཅུ་བཞིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་ནས། 2023ལོའི་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་བཀོད་སྒྲིག་བྱས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་རྐྱེན་སྲོལ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་པྲོག་གསར་ནད་དུག་གི་སྡོང་པོ་གཙོ་བོ་དེXBBརིམ་པའི་སྡོང་རྐང་གཞན་དུ་གྱུར་ཞིང་། ནད་གཞི་ཕོག་ཤུགས་ལ་འགྱུར་ལྡོག་མངོན་གསལ་བྱུང་མེད། 

སྡོད་ཁང་འཛུགས་སྐྲུན་པུ་དང་ཚོང་ར་རྟོག་དམ་སྤྱི་ཁྱབ་ཅུས་ཀྱིས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་ནས་ས་ཁང་བདག་ཁོངས་ཀྱི་བར་ཁེ་བའི་ཞབས་ཞུ་ཚད་ལྡན་དུ་གཏོང་བ་དང་། བར་ཁེ་སྒྲིག་ཚན་གྱིས་རིན་གོང་མཉམ་བསྲེས་དང་གྲོན་དངུལ་བསྡམས་ནས་བསྡུ་མི་ཆོག

རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་བདེ་བླག་ངང་འཕེན་གཏོང་བྱས་པའི་ཚོད་ལྟའི་འཇིག་རྟེན་འཕུར་སྐྱོད་འཕྲུལ་ཆས་བསྐྱར་ཟློས་བེད་སྤྱོད་བྱེད་ཆོག་པ་དང་། འཁོར་ལམ་ཐོག་འཕུར་སྐྱོད་ཉིན276བྱས་རྗེས་ཚེས8ཉིན་སྐམ་སར་ཕྱིར་ལོག་སྟེ་གཏན་འཁེལ་ལྟར་སར་བབས། 

སྤྱི་ཚོགས།

3.jpg

གཟའ་འཁོར་འདིའི་ནང་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་གནམ་གཤིས་དྭངས་ཤིང་དྲོད་ཚད་ཅུང་འཕར་རྒྱུ་རེད། ནུབ་རྒྱུད་ས་ཁུལ་དུ་ཆར་ཆུ་འབབ་ཚད་མང་དུ་འགྲོ་བ་དང་དྲོད་ཚད་རྒྱུན་མཐུད་ངང་དམའ་བས་གྱོན་གོས་དང་དྲོད་སྲུང་འོས་འཚམ་བྱེད་དགོས་ཀྱི་ཡོད། 

རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྲུང་ལུགས་གསོ་རིག་གི་ཁམས་གསོ་འཕྲོད་སྦྱོར་ཞབས་ཞུ་མཁོ་འདོན་བྱེད་མཁན་སྒྲིག་ཚན་དང་མི་སྣས་སྨན་བཅོས་བྱེད་སྒོ་སྤེལ་མི་ཆོག་པ་ཁ་གསལ་བྱས། 

ཚེས8ཉིན་ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས2023ལོའི་དུས་ཚིགས་དང་པོའི་རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་རྩ་འཛུགས་ཀྱིས་འཛད་སྤྱོད་པའི་ཞུ་གཏུག་བདག་སྤྲོད་བྱེད་ཚད་ཁྲི30ལྷག་ཟིན་ཞིང་། དེ་དུས་མཚུངས་ལས6.59%འཕར་ཡོད། 

ཚེས8ཉིན། རྐྱལ་མཆོང་འཛམ་གླིང་བུམ་པའི་འགྲན་བསྡུར་མོང་ཐེ་ལི་ཨེར་ས་ཚིགས་ཀྱི་སྐྱེས་མའི་སྨི་10ཡི་མཆོང་སྟེགས་ཀྱི་རྟིང་རྩོད་འགྲན་བསྡུར་ཁྲོད། ཀྲུང་གོའི་བདམས་མི་ཆོན་ཧུང་ཁྲན(全红婵)དང་ཁྲེན་ཡུས་ཞི(陈芋汐)ཡིས་ཨང་དང་པོ་དང་ཨང་གཉིས་པ་བླངས་འདུག། 

ཚེས8ཉིན། རྐྱལ་མཆོང་འཛམ་གླིང་བུམ་པའི་འགྲན་བསྡུར་མོང་ཐེ་ལི་ཨེར་ས་ཚིགས་ཀྱི་སྐྱེས་པའི་སྨི་10ཡི་མཆོང་སྟེགས་ཀྱི་རྟིང་རྩོད་འགྲན་བསྡུར་ཁྲོད། ཀྲུང་གོའི་བདམས་མི་དབྱང་ཧའོ་ཡིས་ཨང་དང་པོ་བླངས་འདུག། 

རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་མི་སྣས་འབྲས་སྐྲན་གནད་སྨིན་བཤེར་འཇལ་དང་སྨན་བཅོས་བྱེད་ཐུབ་པའི་ནཱ་སྨི་རིལ་རྡུལ་ཞིག་གསར་སྤེལ་བྱས་ཤིང། འབྲས་སྐྲན་བཤེར་འཇལ་གྱིས་སྨན་རྫས་ཚད་ལས་བརྒལ་བར་སྤྱད་པའི་ཞོར་སྐྱོན་མངོན་གསལ་གྱིས་ཇེ་དམའ་རུ་གཏོང་ཐུབ། 

སྲིད་ཇུས།

ལེའོ་ཉིང་གིས་ཡིག་ཆ་བཀྲམ་ནས། ལག་བསྟར་བྱས་པའི་སྤྱིའི་གྲོན་དངུལ་གྱི་ཚད་གཞི་དེ1%ཡི་དུས་མཚམས་རང་བཞིན་གྱི་ལས་ཤོར་གུན་སྐྱོབ་གྲོན་དངུལ་གྱི་སྲིད་ཇུས་དེ2025ལོའི་ཟླ4པའི་ཟླ་མཇུག་བར་རྒྱུན་མཐུད་ལག་བསྟར་བྱ་རྒྱུ་རེད། 

ཀུའེ་ཀྲོའུ་ཡིས་སྤྱི་གསོག་མ་དངུལ་གྱི་སྲིད་ཇུས་ལེགས་སྒྲིག་བྱས་ནས། ཟུང་སྤྲོད་ལས་བཟོའི་ཁྱིམ་ཚང་གིས་སྡོད་ཁང་ཐོག་མ་ཉོས་པའི་དངུལ་བུན་གྲངས་འབོར་མཐོ་ཤོས་སྒོར་ཁྲི60ནས་སྒོར་ཁྲི70བར་མཐོ་རུ་བཏང་ཡོད།

 ཧུའུ་པེས་གཏན་འབེབས་གསར་པ་བཏོན་ནས། གློག་སྒུལ་ལྕགས་རྟ་གཏོང་ན་ལོ་བཅུ་གཉིས་མན་གྱི་ན་སོ་དར་ལ་མ་བབས་པའི་མི་གཅིག་ལས་ཁྲིད་མི་ཆོག

འཚོ་བའི་དྲན་སྐུལ།

4.jpg

དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་ཤར་རྒྱུད་དང་བྱང་རྒྱུད། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའི་བར་ཡོད་པའི་ནང་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་དུ་ཁངས་ཆེན་འབབ་པ་དང་། ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་སི་ཁྲོན་གཤོང་སའི་བྱང་རྒྱུད། ཀུའེ་ཀྲོའུ་ཤར་རྒྱུད། ཧུའུ་ནན་ནུབ་རྒྱུད། ཡུན་ནན་ལྷོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད། ཀོང་ཞིའི་ཤར་ལྷོའི་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། 

ཀོང་ཏུང་དུ་བྱ་གཞག་ཚན་པས2023ལོར་སློབ་ཆེན་སློབ་ཐོན་སློབ་མ་གཅིག་སྡུད་ཐོག་ཡོངས་བསྒྲགས་ངང་བསྡུ་བའི་ཡིག་རྒྱུགས་དེ་ཟླ5ཚེས21ཉིན་སྤེལ་རྒྱུ་རེད། 


མཉམ་སྤྱོད།