དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-10 09:16:08   |   479

སྒྲིག་སྒྱུར། སངས་རྒྱས་སྐྱིད།  ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  •     ཚེས8ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རུ་ཝང་ཏའི(卢旺达)དྲག་ཆར་གྱི་གནོད་འཚེ་ཕོག་པའི་ཐད་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མེ་ལ་འཚམས་འདྲིའི་གློག་འཕྲིན་བཏང་།

1.jpg

  • རྒྱལ་ཁབ་འབྲུ་རིགས་ཅུ་དང་དངོས་ཟོག་གྲབས་གསོག་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཞི་པའི་ཟླ་མཇུག་བར2022ལོའི་སྟོན་འབྲུའི་ཉོ་སྒྲུབ་ཁྱོན་ཡོངས་ནས་མཇུག་སྒྲིལ་བ་དང་། རིམ་རྩིས་བྱས་པ་ལྟར་ན། ཐོན་ཁུངས་གཙོ་བོ་ནས་འབྲུ་རིགས་ཏུན་ཁྲི9857ཉོ་སྒྲུབ་བྱས་པ་དང་། ཉེ་བའི་ལོ་གསུམ་གྱི་ཆུ་ཚད་མཐོ་ཤོས་སུ་སླེབས་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཚེས9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི13.32ཟིན་པ་དེ་དུས་མཚུངས་ལས5.8%འཕར་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པའི་གཞི་གྲངས་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར1674བྱས་པ་དེ་དུས་མཚུངས་ལས6.3%འཕར་ཡོད།

  • ཚེས9ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། 2022ལོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་སྡེ་ཚན་གྱི་ལས་ཞུགས་མི་སྣའི་ཆ་སྙོམས་གླ་ཕོགས་ཇེ་མཐོར་འགྲོ་བ་རྒྱུན་འཁྱོངས་ཐུབ་ཡོད།

  • སྐྱེ་ཁམས་ཁོར་ཡུག་པུ་སོགས་སྡེ་ཁག་ལྔས་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་པ་ལྟར་ན། ཟླ7པའི་ཚེས1ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཀྲུང་གོའི་དུས་རིམ་དྲུག་པའི་འབུད་གཏོང་ཚད་གཞི་ལས་དུས་རིམ6bཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་རེད།

  • ཚོང་དོན་པུས་སྤྱི་བསྒྲགས་སྤེལ་བ་ལྟར་ན། 2023ལོའི་ཟླ5པའི་ཚེས10ཉིན་ནས་བཟུང་། འཇར་པན་དང་ཨ་རི། ཡོ་རོབ་མནའ་འབྲེལ་བཅས་ནས་ཐོན་པའི་ལུའུ་ཏིང་འགྱིག་ལ་མུ་མཐུད་དུ་ཕྱགས་འཚོང་འགོག་པའི་ཁྲལ་བསྡུ་རྒྱུའི་གཏན་འབེབས་བྱས་པ་དང་། ལག་བསྟར་དུས་ཡུན་ལོ་ལྔ་ཡིན།

སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་མཉམ་འབྲེལ་ཐོག་སྔོན་ཟོན་བཏང་བ་ལྟར་ན། དེ་རིང་། ཀོང་ཞིའི་བྱང་རྒྱུད་དང་ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་བྱེ་བྲག་ཏུ་ཆུ་ལོག་གི་གནོད་འཚེ་ཐོན་ཉེན་འདུག

  • ཚེས9ཉིན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གཞི་གྲངས་ཁྱབ་བསྒྲགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁང་པ་ཉོ་ཚོང་གན་རྒྱའི་རིགས་ཀྱི་དམངས་དོན་གཏུག་བཤེར་ལྟ་སྐུལ་གྱོད་གཞི800ལྷག་ཙམ་བསྒྲུབས།

  • སྤྱི་བདེ་པུས་ཚེས9ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ན་ནིང་ཟླ9པ་ནས་ཆེད་དོན་བྱེད་སྒོ་སྤེལ་ཚུན་སྤྱི་བདེ་ལས་ཁུངས་ཀྱིས་གནའ་བོའི་ཤིང་སྡོང་གྲགས་ཅན་རྐང530ཚུར་ལེན་དང་སྐྱོབ་ཐབས་བྱས།

  • ཟླ་བཞི་པའི་ཟླ་མཇུག་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་བྱང་ཤར་དར་རྒྱས་ཀྱི་དངུལ་བུན་སྒོར་དུང་ཕྱུར4000ཙམ་བཏང་ཡོད།

    3.jpg

  • ས་གནས་དེ་གའི་ཚེས8ཉིན། 2023ལོའི་ལའོ་ལུན་སིའི(劳伦斯)བྱ་དགའ་སྤྲོད་པའི་མཛད་སྒོ་ཕ་རི་སིར་འཚོགས་པ་དང་ཀྲུང་གོའི་རང་མོས་རྣམ་པའི་གངས་ཤུད་ལུས་རྩལ་པ་ཀུའུ་ཨའེ་ལིང(谷爱凌)ལ་ལོ་འཁོར་གྱི་ཆེས་མཐོའི་ལུས་རྩལ་པའི་བྱ་དགའ་ཐོབ།

  • 4.jpg

  • ད་ལོ། ཧྲའན་ཞི་ཁྲང་ཆིང་རང་བྱུང་སྲུང་སྐྱོང་ཁུལ་དུ་རི་སྐྱེས་དོམ་ཁྲ་འགུལ་སྐྱོད་བྱེད་པའི་གཟུགས་བརྙན་ཡང་ཡང་པར་ལེན་བྱས་ཡོད།

སྲིད་ཇུས།

  • ཅང་སུའུ་ཡིས་གཏན་འབེབས་གསལ་པོ་བྱས་དོན། ཆ་རྐྱེན་འཛོམས་པའི་ཞིང་ཆེན་རིམ་པའི་བྱ་གཞག་སྡེ་ཚན་གྱི་ལས་དོན་མི་སྣའི་གཞུང་ལས་ཁང་གི་ཁང་མིག་རྒྱ་ཁྱོན་ཆེ་བ་སོགས་ཀྱི་རྣམ་པ་ཡིན་དགོས་པ་དང་། གཞུང་ལས་ཁང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་དགོས།

  • ཧུའུ་པེས་དབུལ་ལོག་སྔོན་འགོག་གི་བཤེར་འཇལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ད་ལོའི་ཡོང་འབབ་སྒོར7600ལས་དམའ་བའི་དབུལ་སྒྲོལ་མི་འབོར་གཙོ་གནད་བཤེར་འཇལ་གྱི་ཁྱབ་ཁོངས་ནང་འཇུག་རྒྱུ་རེད།

  • ཞིན་ཅང་གིས་འགྲན་བསྡུར་དང་འགྲན་བསྡུར་ལས་ཐོན་པའི་འབྲས་བུ་དེ་སློབ་གྲྭ་ཆུང་འབྲིང་གི་སློབ་བསྡུའི་གཞི་འཛིན་སར་བརྩི་མི་རུང་ཞེས་ཁ་གསལ་བཏོན་ཡོད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་བྱང་རྒྱུད་དང་ཤར་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ལྷོ་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་མཚོ་སྔོན་གྱི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་ཅིག་ཏུ་ཁངས་ཆེན་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཀུའེ་ཀྲོའུ་ཡི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་པ་དང་། དེའི་ནང་ཧུའུ་ནན་གྱི་དབུས་ནུབ་རྒྱུད་དང་ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།

    5.jpg


མཉམ་སྤྱོད།