དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཡོ་མེ་སློབ་གྲོགས་ཚོགས་པའི་ཚོགས་གཙོ་གཞོན་པ་ཡན་ཨའོ་ཧྲོང་འཁོར་དང་བཅས་པ་མཚོ་བྱང་ལ་བརྟག་ཞིབ་གནང་བར་ཕེབས།

2023-05-10 14:56:38   |   245

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།  


    ཟླ5ཚེས8ཉིན་ཡོ་མེ་སློབ་གྲོགས་ཚོགས་པའི་ཚོགས་གཙོ་གཞོན་པ(ཀྲུང་གོའི་ཕྱི་འགྲིམ་མི་སྣའི་མཐུན་འབྲེལ་ཚོགས་པ)དང་། པེ་ཅིང་གྲོང་ཁྱེར་ཡོ་མེ་སློབ་གྲོགས་ཚོགས་པའི་ཚོགས་གཙོ། པེ་ཅིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡན་ཨའོ་ཧྲོང(闫傲霜)དང་བཅས་པ་མཚོ་བྱང་ཁུལ་རྐང་ཚ་རྫོང་ཁེ་རམ་ཐང་ཁོར་ཡུག་སྲུང་སྐྱོང་ཁུལ་དང་། མདའ་བཞི་རྫོང་ནུབ་མཚོ་གྲོང་རྡལ་གྱི་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་བཅས་སུ་བརྟག་ཞིབ་གནང་བར་ཕེབས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་གཞོན་པ་ཉིང་ཧའེ་ཡིང་། ཁུའི་ཨུའི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་མགོན་པོ་ཚེ་བརྟན། ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ཝང་ཞིན་ཧུའེ་སོགས་ཀྱིས་སོ་སོར་བརྟག་ཞིབ་གནང་རོགས་བྱས།

༡.jpg

རྐང་ཚ་རྫོང་ཁེ་རམ་ཐང་ཁོར་ཡུག་སྲུང་སྐྱོང་ཁུལ་དུ་བརྟག་ཞིབ་ཚོ་ཆུང་དང་བཅས་པས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་དང་། མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ཡུལ་དངོས་གཟིགས་ཞིབ་གནང་། མཚོ་སྔོན་གྱི་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་བརྟག་ཞིབ་ཚོ་ཆུང་དང་བཅས་པས་རང་རྒྱལ་གྱི“མདེལ་གཉིས་སྐར་གཅིག”གི་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ལ་རྒྱུས་ལོན་ཟབ་མོ་བྱས་པ་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་རྣམས་དང་རྒྱ་ཆེའི་ཕྱི་འགྲིམ་ཕྱིར་ལོག་ཚན་རིག་ཞིབ་འཇུག་མི་སྣའི་དཀའ་སྤྱད་འབད་འཐབ་དང་། གཞན་ཕན་གྱི་བསམ་བློ། ཕྱི་འགྲིམ་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་སྙིང་སྟོབས་ལ་སློབ་སྦྱོང་བྱས། 

༢.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། ཚོགས་གཙོ་གཞོན་པ་ཡན་ཨའོ་ཧྲོང་དང་བཅས་པ་མཚོ་བྱང་དུ་ཕེབས་ནས་བརྟག་ཞིབ་མཛུབ་ཁྲིད་གནང་བ་དེ་ནི་མཚོ་བྱང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་ཞིག་ཡིན་ལ། དེ་ནི“མདེལ་གཉིས་ སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སྐྲུན་པ། ཕུགས་བསམ་དད་སེམས་ཀྱི་སློབ་གསོ་གསོ་སྦྱོང་བྱེད་པ་བཅས་ལ་རྒྱབ་སྐྱོར་ཆེ་ཤོས་ཤིག་ཀྱང་ཡིན། ཡོ་མེ་སློབ་གྲོགས་ཚོགས་པས་མཚོ་བྱང་གིས“མདེལ་གཉིས་སྐར་གཅིག”གི་བྱ་གཞག་ལ་ལེགས་སྐྱེས་ཕུལ་བའི་ཕྱི་འགྲིམ་ཕྱིར་ལོག་ཚན་རིག་ཞིབ་འཇུག་མི་སྣའི་ཡིད་འགུལ་ཐེབས་པའི་མཛད་པ་སྔོག་འདོན་བྱེད་པ་དང་། མཚོ་བྱང་སྙིང་སྟོབས་ཀྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད་པ་མ་ཟད། ཡོ་མེ་སློབ་གྲོགས་ཚོགས་པས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྒོ་བྱང་བཀལ་ནས་ཕུགས་འདུན་དད་སེམས་སློབ་གསོའི་རྟེན་གཞི་འཛུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད།

༣.jpg

ཡན་ཨའོ་ཧྲོང་གིས་མཚོ་བྱང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་འབྲས་བུ་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། རྡུལ་ཕྲན་མཁར་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་ཁུངས་དང་། ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་དགྱེ་བའི་གནས་དང་། རྒྱ་ཆེ་བའི་ཕྱི་འགྲིམ་ཕྱིར་ལོག་ཚན་རྩལ་ཞིབ་འཇུག་མི་སྣའི་སྙིང་སྟོབས་ཀྱི་མཐོ་སའང་ཡིན་ཞེས་གསུངས། དེ་བས་རེ་བ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་། ཚན་རིག་པའི་སྙིང་སྟོབས། ཕྱི་འགྲིམ་ཕྱིར་ལོག་ཚན་རྩལ་ཞིབ་འཇུག་མི་སྣའི་སྙིང་སྟོབས་བཅས་ཀྱིས་སྣེ་ཁྲིད་དེ། མཚོ་བྱང་དང་། ཡོ་མེ་སློབ་གྲོགས་ཚོགས་པའི་བར་གླེང་མོལ་གཏིང་ཟབ་དང་མཉམ་འབྲེལ་བྱེད་པའི་ཟམ་ཆེན་འཛུགས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་འབྲེལ་འདྲིས་དང་འགྲོ་འོང་ཤུགས་སྣོན་བྱེད་པ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་རྒན་རབས་རྣམས་དང་ཕྱི་འགྲིམ་ཕྱིར་ལོག་ཚན་རིག་ཞིབ་འཇུག་མི་སྣའི་དཀའ་སྤྱད་འབད་འཐབ་དང་འོད་སྟོང་འབར་བའི་གཤིས་རྒྱུད་དར་རྒྱས་གོང་འཕེལ་གཏོང་དགོས་ཞེས་གསུངས། 


མཉམ་སྤྱོད།