དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-11 09:02:46   |   333

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཚེས10ཉིན་ཞི་ཅིན་ཕིང་གིས་ཧོ་པེ་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་གནང་བ་དང་། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་སྐབས། ཡིད་ཆེས་བརྟན་པོ་དང་བརྟན་ཤུགས་རྒྱུན་འཁྱོངས། ཏན་ཏན་ཏིག་ཏིག ལས་ལ་མཁས་ཤིང་ལེགས་པར་སྒྲུབ་པ་བཅས་ཀྱི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

1.jpg

  • ཚེས10ཉིན་མཁའ་གྲུ་ཨང་དྲུག་པ་རྟགས་ཅན་གྱི་ཟོག་འདྲེན་འཕུར་གྲུ་བླུགས་པའི་རྒྱང་སྐྱོད་ཨང་བདུན་པའི་རྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེ་རང་རྒྱལ་གྱི་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་མེ་སྦར་ནས་འཕེན་གཏོང་བྱས་པ་ལེགས་པར་གྲུབ།

  • ལྷོ་ནུབ་གྲོ་ཁུལ་ནི་དབྱར་འབྲུ་སྨིན་སྔ་ཤོས་ཀྱི་གྲོ་ཁུལ་ཞིག་ཡིན་ལ། མིག་སྔར་ལྷོ་ནུབ་ཀྱི་གྲོ་ཁུལ་དུ་གཞི་ཁྱོན་ཆེན་པོས་བརྔ་བསྡུ་བྱེད་བཞིན་ཡོད།

  • ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། 2023ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མུ་མཐུད་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་དུས་མཚུངས་ལས8.7%འཕར་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་བསྟན་དོན། ལས་འཛོལ་ཚབས་ཆེན་གྱི་བྱུར་རྐྱེན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་མི་འདང་བའི་སྐོར་ལ་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན་ཟེར། 

2.jpg

  • ཉེ་ཆར་ཤོག་སྒྲིག74པའི་ལུའེ་ག་གེ་མོ་ཞིག་གི་ཁོངས་གཏོགས་སྒྱོགས་དམག་ཡན་ལག་རུ་ཁག་གིས་ས་ཆ་ཆ་མེད་ཅིག་ཏུ་བརྒྱུད་རིམ་ཧྲིལ་པོ་དང་རྒྱུ་རྐྱེན་ཧྲིལ་པོ་འཛོམས་པའི་མདེའུ་དངོས་འཕེན་པའི་དཔྱད་ཞིབ་བྱས།

  • ཚེས9ཉིན་ཉིའུ་གཡོད་དུ་སྡོད་པའི་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་ཨ་རིས་ཕྱིར་སློག་བྱས་པའི་རང་རྒྱལ་གྱི་རྒྱལ་རབས་བྱང་མ་ནས་ཐང་རྒྱལ་རབས་བར་གྱི་རྡོ་ཁྲི2རྩིས་ལེན་བྱས། རྒྱལ་ཁབ་རིག་དངོས་ཅུས་རིག་དངོས་སྐྱེལ་འདྲེན་ལས་དོན་བཀོད་སྒྲིག་བྱས།

  • ས་གནས་དེ་གའི་ཚེས9ཉིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། སུའུ་ཏན་གྱི་གདོང་ཐུག་ཁྲོད་མི604རྐྱེན་ལམ་དུ་ཤོར་བ་དང་མི5000ལྷག་ཙམ་ལ་རྨས་སྐྱོན་ཕོག དེའི་ནང་མི་སེར་དང་དྲག་ཆས་མི་སྣ་ཚུད་ཡོད་ཅེས་ཟེར།

སྤྱི་ཚོགས།

  • ཉིན་འགའི་སྔོན་ལ་སློབ་གསོ་པུས་བསྟན་དོན། ལག་ཁྱེར་ཁ་པར་གྱི་གཡོ་ལེན་འགོག་པ་ནི་ད་ལོའི་མཐོ་རྒྱུགས་བདེ་འཇགས་ཀྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་ཡིན་ཟེར།

3.jpg

  • ཚེས10ཉིན་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་། གཞི་ཁྱོན་ཆེ་ཤོས། སྐྱེན་ཚད་ཆེ་ཤོས་བཅས་ཀྱི་ཀ་མའི་འཕྲོ་འོད་འཚོལ་ཞིབ་སྒྲིག་ཆས་ཏེ། ས་བབ་མཐོ་བའི་འཇིག་རྟེན་འཕྲོ་ཐིག་བཤེར་འཇལ་ས་ཚིགསLHAASOརྒྱལ་ཁབ་ཀྱིས་ཞིབ་བཤེར་རྩིས་ལེན་བྱས།

  • ཀྲུང་གོའི་གཞས་གདངས་མཁས་ཅན་མཐུན་ཚོགས་ཀྱིས་ཧྥེང་ཀུང་ཀྲུང་གོ་གཞས་གདངས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐབས་དགུ་བར་བདམས། ཀྲུང་གོ་པར་ལེན་མཁས་ཅན་མཐུན་ཚོགས་ཀྱིས་ལི་ཀོ་ཀྲུང་གོའི་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐབས་བཅུ་པར་བདམས།

  • ཧྥུ་ཅན་ལུང་ཡན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། འབྲུབ་འགོག་སྐོར་ཞིབ་བྱེད་སྐབས་འབྲེལ་བ་ཆད་པའི་ལས་བྱེད་པ་གསུམ་རྙེད་པ་དང་། དེ་དག་ལ་ཚེ་སྲོག་གི་ལུས་རྟགས་མེད།

  • ཉེ་ཆར་ཕྱི་རྒྱལ་དུ་བྲོས་ནས་ལོ་བདུན་སོང་བའི“འཛིན་བཟུང་བཀའ་རྒྱ་དམར་པོ་བཏང་བའི་མི་སྣ”དང་ལྐོག་རྔན་སྤྲད་པའི་ཉེས་གསོག་དོགས་གཞི་ཅན་མའེ་ཁའེ་ཁྲང་རྒྱལ་ནང་དུ་ལོག་ནས་རང་ཉེས་ངོས་ལེན་ཞུས།

4.jpg

  • ཉེ་ཆར་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲོག་ཆགས་རིམ་པ་དང་པོའི་ཆུ་བྱ་ནག་པོ་སླར་ཡང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཡུག་ཁུལ་དུ་མངོན་བྱུང་།

5.gif

  • སི་ཁྲོན་ལུའུ་ཀྲོའུ་རུ་ས་ཡོམ་བརྒྱབ་པའི་སྐད་ཅིག་མ་དེར་བུ་བཅོལ་ཁང་གི་དགེ་རྒན་ཚོ་སློབ་ཁང་ཕྱོགས་སུ་སྐྱོད་དེ་ཕྲུ་གུ་ཚོ་ཁྲིད་དེ་ཁ་བྲལ། བུ་བཅོལ་ཁང་གི་དགེ་རྒན་མང་པོ་ཞིག་ནི་དེ་སྔ་བུན་ཁྲོན་ས་ཡོམ་བརྒྱུད་མྱོང་བའི“ལོ་རབས90པའི་རྗེས”དང“2000ལོའི་རྗེས”ཀྱི་མི་རབས་ཡིན།

སྲིད་ཇུས།

  • ཁྲུང་ཆིང་གིས་ལས་ཤོར་གུན་སྐྱོབ་ཀྱི་གྲོན་ཚད་དུས་མཚམས་རང་བཞིན་གྱིས་དམའ་རུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་པ་དེ་ཟླ20རིང་རྒྱུན་མཐུད་བྱ་རྒྱུ་ཁ་གསལ་བཏོན།

  • ཉིང་ཞ་ཡིས་བཟའ་ཟླ་གཉིས་ཀ་ཉིང་ཞ་ནས་ཡིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡིན་པ་དང་། 2023ལོའི་ཟླ1ཚེས1ཉིན་གྱི་ཆུ་ཚོད་བཅུ་གཉིས་ཀྱི་རྗེས་སུ་སྲིད་ཇུས་ལྟར་ཕྲུ་གུ་གཉིས་པ་དང་གསུམ་པ་སྐྱེས་པ་མ་ཟད་ཉིང་ཞ་རུ་གཞིས་ཆགས་པའི་རིགས་ལ་ཕྲུ་གུ་གསོ་བའི་ཁ་གསབ་དངུལ་རེ་ཞུ་བྱེད་ཆོག་པའི་གཏན་འབེབས་བྱས།

  • ཧུའུ་ནན་གྱིས་དྲ་ཐོག་ཚོང་དོན་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་ཚད་གཞི་དང་མཐུན་པའི་དྲ་ཐོག་སྡེབ་ཚོང་སིལ་འཚོང་ཁེ་ལས་ལ་ཐེངས་གཅིག་ལ་བྱ་དགའ་མཐོ་ཤོས་སྒོར་ཁྲི100སྤྲད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་དབུས་བྱང་རྒྱུད་དང་། མཚོ་སྔོན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་ཤར་རྒྱུད་སོགས་སུ་ཁངས་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་པ་དང་། བོད་ལྗོངས་ཀྱི་ཤར་རྒྱུད་དང་སི་ཁྲོན་གྱི་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ཤར་ལྷོའི་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། འབྲི་ཆུའི་ལྷོ་རྒྱུད་དང་ཧྭ་ནན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་ཀོང་ཞིའི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཀོང་ཏུང་གི་ལྷོ་ནུབ་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་དབུས་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།

6.jpg


མཉམ་སྤྱོད།