དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་མཚོ་བྱང་དུ་སླེབས་ནས་ཏང་གཤིས་སློབ་གསོ་དང་ལེན་བྱས།

2023-05-11 15:24:29   |   341

སྒྲིག་སྒྱུར། མཁའ་འགྲོ་མཚོ། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ5ཚེས8ཉིན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་གཞོན་པ་ཏུང་ཧྥུ་ཧའེ་ཡིས་ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭའི་སློབ་མ30ཡི་སྣེ་ཁྲིད་དེ་མཚོ་བྱང་དུ་ཕེབས། སྔ་རྗེས་སུ་དུས་རབས་ཀྱི་མིག་དཔེ་སྐལ་བཟང་དྲན་གསོ་ཁང་དང་། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་། མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་། མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་བཅས་སུ་ཕེབས་ནས་ཏང་གཤིས་སློབ་གསོ་དང་ལེན་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་དཔེ་ཀློག་འཛིན་གྲྭའི་མི་སྣར་ཐུགས་འཕྲད་གནང་།

༡.jpg

 དུས་རབས་ཀྱི་མིག་དཔེ་སྐལ་བཟང་དྲན་གསོ་ཁང་དུ་ཚང་མས་འགྲེལ་བཤད་ལ་ཉན་པ་དང་དཔྱད་ཡིག་ལ་བལྟས་ཏེ། སྐལ་བཟང་གིས་བློ་གཅིག་སེམས་གཅིག་གིས་དམངས་དོན་སྒྲུབ་པ་དང་ཡོད་ཚད་བློས་གཏོང་ཕོད་པའི་མཛད་པ་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ། གུང་ཁྲན་ཏང་མིའི་འོད་སྟོང་འཕྲོ་བའི་མཛད་པ་ལ་རྗེས་དྲན་བྱས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་ཚང་མས་གཟབ་ནན་གྱིས་འགྲེལ་བཤད་དང་བརྗོད་དོན་སྒྲོག་སྦྱང་སྙན་ཞུ་ལ་ཉན་པ་དང་། བཤམས་སྟོན་ལ་ཞིབ་ཏུ་བལྟས་ཏེ། སྤྱིར་བཏང་མ་ཡིན་པའི་ལོ་ཟླར་བསྐྱར་དྲན་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་བྱས་ལ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་ཤེས་རྟོགས་དང་། “མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་བློས་གཏོང་ཕོད་པ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན། མཐུན་སྦྱོར་ཤུགས་ཆེན་དང་རི་འཛེག་ཕོད་པ”ཡི“མདེལ་གཉིས་དང་སྐར་གཅིག”གི་སྙིང་སྟོབས་ལ་རྒྱུས་ལོན་ཟབ་མོ་བྱས།

༢.jpg

ཤ་བོ་སྐྱབས་ཀྱིས་དཔེ་ཀློག་འཛིན་གྲྭའི་མི་སྣ་དང་མཉམ་དུ་མཚོ་བྱང་ཁུལ་མི་རིགས་རྟེན་མཛོད་ཁང་ལ་གཟིགས་སྐོར་བྱེད་སྐབས་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་དང་། ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས། གཏིང་ཟབ་པའི་གསར་བརྗེའི་རིག་གནས་ཀྱི་ནང་དོན་དག་ངོ་སྤྲོད་ཟབ་མོ་གནང་པ་དང་། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་ཡིས་མུ་མཐུད་དུ་མཚོ་བྱང་དབར་གྱི་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་པའི་རེ་བ་བཏོན་ལ། མཚོ་བྱང་ཁུལ་གྱི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་འཛུགས་སྐྲུན་དང་། མཚོ་བྱང་ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སློབ་གསོ་ལག་ལེན་ཁང་འཛུགས་སྐྲུན། “སེ་འབྲུའི་ཁྱིམ་གཞིས”འཛུགས་སྐྲུན། དེ་བཞིན་མི་རིགས་ཁག་གི་སྤེལ་རེས་དང་འགྲོ་འོང་མཉམ་འདྲེས་ཀྱི“འགུལ་སྤྱོད་ཁག་བཅུའི་”ལག་བསྟར་བྱེད་ཕྱོགས་སྐོར་ལ་རྒྱབ་སྐྱོར་ཤུགས་ཆེན་དང་མཛུབ་སྟོན་གནང་དགོས་པའི་རེ་བ་བཏོན། 

༣.jpg

ཏུང་ཧྥུ་ཧའེ་འཁོར་དང་བཅས་པས་བསྟན་དོན། མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་མི་རིགས་མཐུན་སྒྲིལ་གསར་འཛུགས་ལས་དོན་བརྟན་ཞིང་བརླིང་། གནས་འདི་ནི“མདེལ་གཉིས་སྐར་གཅིག”གི་རླབས་ཆེན་སྙིང་སྟོབས་ཀྱི་འབྱུང་གནས་ཡིན་ལ། རྒྱལ་ཡོངས་བོད་ཁུལ་ཞིང་ཆེན་ཡོངས་ཀྱི“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་སྒོའི་དཔེ་སྟོན་ཁུལ”ཐོག་མ་ཡིན་པས། རང་ཞིང་ཆེན་གྱི་སྙིང་སྟོབས་ཀྱི་མཐོ་ས་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་གྱུར་ཡོད། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུ་ཡིས་མུ་མཐུད་དུ་མཚོ་བྱང་དྲིལ་སྒྲོག་དང་འོས་སྦྱོར་ཤུགས་ཆེན་བྱས་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་པུ་ཡི་ལས་བྱེད་མི་སྣ་དང་ཁོངས་མི་མཚོ་བྱང་དུ་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པར་ཡོང་བར་སྣེ་ཁྲིད་བྱས་ཏེ། གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་བླ་སྲོག་སྐྲུན་པ་དང་མི་སྣ་སྐྱེད་སྲིང་བྱས་ཏེ། མི་རིགས་ཁག་གི་སྤེལ་རེས་དང་འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཐུན་མོང་དང་མཐུན་སྒྲིལ། འབད་འཐབ་ཅན་གྱི་ལྟེ་མཐུན་སྒོར་དབྱིབས་ལེགས་པར་འབྲི་དགོས། 

ཁུལ་ཨུའི་རྒྱུན་ཨུ་དང་དྲིལ་སྒྲོག་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་དང་། ཁུལ་ཨུའི་རྒྱུན་ཨུ་དང་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་ཕེབས་རོགས་གནང་།


མཉམ་སྤྱོད།