དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-12 08:33:41   |   332

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།                        


 གསར་འགྱུར་གལ་ཆེན།

微信图片_20230512083524.jpg

  • ཚེས11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་དུ། སྔ་རྗེས་སུ་ཧོང་ཧྭ་གྲོང་ཁྱེར(黄骅市)གྱི་གྲོང་རྡལ་རྙིང་པའི་ཞན་ཀྲོང(仙庄)ཁུལ་གྱི་བུལ་གཤིས་དྲག་པའི་རི་མའི་ཞིང་ས་དང་ཧོང་ཧྭ་གྲུ་ཁའི་རྡོ་སོལ་གྲུ་ཁ་ཁུལ་དུ་རྟོག་ཞིབ་གནང་བ་དང་། ས་གནས་དེ་གའི་སྐམ་གྲོ་འདེབས་འཛུགས་ཀྱི་ཁྱབ་གདལ་དང་དེའི་ཐོན་ལས་ཅན། གྲུ་ཁའི་ཐོན་སྐྱེད་གཉེར་སྐྱོང་དང་འཕེལ་རྒྱས་འཆར་འགོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་མཚོ་དམག་ཆུར་འཛུལ་དམག་གྲུའི་དཔུང་སྡེའི་དམག་གྲུ་རུ་ཁག་ཅིག་གི་དཔོན་དམག་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་།

  • ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་ཀོ(ཅིན)(刚果)ལ་དྲག་ཆར་གྱི་གནོད་འཚེ་ཕོག་པའི་ཐད་ཁོང་ཀོ(ཅིན)ཡི་ཙུང་ཐུང་ཆི་སའེ་ཁེ་ཏི(齐赛克迪)ལ་འཚམས་འདྲིའི་གློག་འཕྲིན་བཏང་།

微信图片_20230512083532.jpg

  • ཚེས11ཉིན། ཐེན་ཀྲོའུ་ཨང་རྟགས་དྲུག་པའི་ཟོག་འདྲེན་འཕུར་གྲུ་དང་བར་སྣང་ས་ཚིགས་ཀྱི་མཉམ་སྒྲིག་ཕུང་པོ་འབྲེལ་མཐུད་ལེགས་གྲུབ་བྱུང་།

  • ཉེ་ཆར། སློབ་གསོ་པུ་སོགས་སྡེ་ཚན་བཅུ་བདུན་གྱིས་མཉམ་འབྲེལ་སྒོས་འགུལ་སྐྱོར་འཆར་གཞི་པར་འགྲེམས་བྱས་ནས། མཐོ་རིམ་སློབ་གྲྭ་དཀྱུས་མས་སེམས་ཁམས་བདེ་ཐང་གི་ངེས་སྦྱོང་སློབ་ཚན་བཀོད་སྒྲིག་བྱེད་དགོས་པ་དང་། རྩ་དོན་ཐོག་སློབ་སྐར2བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

  • རྒྱལ་ཁབ་གནས་སྤོར་ཡུལ་མི་དོ་དམ་ཅུ་ཡིས་ཚེས15ཉིན་ནས་བཟུང་འགག་སྒོའི་མྱུར་མགྱོགས་འགག་སྒྲོལ་ཕྱོགས་ཡོངས་ནས་སླར་གསོ་བྱས་པ་ཁྱབ་བསྒྲགས་བྱས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་གནས་ཚུལ་ལྟར་ན། 2022ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་སྨན་གཡོག་གི་སྡོམ་འབོར་ས་ཡ5དང་འབུམ2ལས་བརྒལ་ཡོད།

  • ཚོང་དོན་པུས་བསྟན་དོན། ད་ལོའི་དུས་ཚིགས་དང་པོའི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ21གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་དང་བསྡུར་ན6.6%འཕར།

  • ཚེས11ཉིན། ཀྲུང་གོ་དང་ཨེ་ཁ་ཏོར(厄瓜多尔)བར་རང་མོས་ཚོང་དོན་གྲོས་ཆོད་ཀྱི་མིང་རྟགས་བཀོད།

微信图片_20230512083538.jpg

  • ཕྱི་འབྲེལ་པུས11ཉིན་བསྟན་དོན། རྒྱལ་ཁབ་བདུན་གྱི་ཚོགས་པས་ཀྲུང་གོར་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་དགོས་པའི་བླང་བྱ་བཏོན་མོད། འོན་ཀྱང་ཁོ་ཚོ་ཉིད་ནི་ཏག་ཏག་རྒྱལ་སྤྱིའི་སྒྲིག་སྲོལ་ལ་འགལ་བ་དང་། སྒྲིག་སྲོལ་ལ་གཏོར་བརླག་གཏོང་བའི་འཐུས་མི་རེད།

སྤྱི་ཚོགས།

  • ཧྭ་ནན་ས་ཁུལ་དུ་དྲག་ཆར་བབས་པའི་བརྒྱུད་རིམ་ལ་དམིགས་ནས། ཚེས11ཉིན་རྒྱལ་ཁབ་ཞོད་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཞོད་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་ཁ་གཏད་བྱེད་འགོ་ཚུགས།

  • རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའི་གཞི་གྲངས་ལྟར་ན། ད་ལོའི་ཟླ་བཞི་པར་རྒྱལ་ཡོངས་སུ་གསར་དུ་སྒྲུབ་པའི་ཁྲལ་ འབྲེལ་གཉེར་སྐྱོང་བྱེད་པོ་ས་ཡ1དང་འབུམ4ཁྲི8ཙམ་ཡིན་པ་དང་། དུས་མཚུངས་དང་བསྡུར་ན28.8%འཕར།

  • ཀྲུང་གོའི་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱིས་ཚེས11ཉིན་ཡོངས་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ཟླ་བཞི་པར་རང་རྒྱལ་གྱི་རླངས་འཁོར་ཐོན་ཚད་དང་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་སོ་སོར76.8%དང་82.7%འཕར་ཡོད།

  • ཚེས11ཉིན། ཀྲེ་ཅང་ཞིང་ཆེན་ཉིང་པོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ཁྲིམས་ར་འཚོགས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་དེ་སྔའི་རྒྱུན་ཨུ་དང་། སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་ཧྲེན་ཏེ་ཡུང(沈德咏)གིས་ལྐོག་རྔན་བླངས་པའི་གྱོད་གཞིར་ཞིབ་གཅོད་བྱས།

  • ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་དེ་སྔའི་ཧྲི་ཀྲང་གཞོན་པ་ཞུང་ཞུའེ(熊雪)ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པར། མིག་སྔར། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་། ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  • ཚེས11ཉིན། ཁྲུང་ཆིང་གི་གཅེན་གཅུང་གཉིས་མར་ལྷུང་ནས་ཤི་བའི་གྱོད་གཞིའི་འདྲི་གཅོད་གཉིས་པའི་ཡོངས་བསྒྲགས་ བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཀྲང་པོ་དང་ཡེ་ཁྲེང་ཁྲེན་གཉིས་ལ་སྔར་གྱི་སྲོག་ཁྲིམས་གཅོད་རྒྱུ་རྒྱུན་འཁྱོངས་བྱས།

微信图片_20230512083544.jpg

  • ཚེས11ཉིན། རྒྱལ་ནང་གི་དཔྱང་འགེལ་རྣམ་པའི་མཁའ་ཐོག་ལྕགས་ལམ་མེ་འཁོར་ཐོག་མ་དེ་ཧུའུ་པེའི་ཝུའུ་ཧན་དུ་ཚོད་ལྟའི་ངང་གཏོང་འགོ་ཚུགས།

  • ཚེས11ཉིན། 2023ལོའི་ཨེ་ཤེ་ཡའི་བུམ་པའི་མཇུག་མཐའི་དུས་མཚམས་ཀྱི་ཚོགས་ཆུང་ཁག་བགོས་ཀྱིས་རྒྱན་བླངས་པའི་འབྲས་བུ་ཐོན་པ་དང་། ཀྲུང་གོའི་རུ་ཁག་དང་ཁ་ཐར།()卡塔尔ཐ་ཇིག་སི་ཐན།(塔吉克斯坦)ལེ་པ་ནོན(黎巴嫩)བཅས་དང་ཚོགས་ཆུང་གཅིག་ཡིན།

微信图片_20230512083551.jpg

  • ཧོ་ནན་ལུའོ་དབྱང་གི་ལོ6ཡིན་པའི་བྱིས་པ་ཞིག་གིས་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་མ་ཀྲི་དབྱང(马志洋)ཐེ་ཚོམ་མེད་པར་ཆུ་ནང་དུ་མཆོངས་ནས་ཕྲུ་གུ་དེ་བདེ་བླག་ངང་བསྐྱབས།

སྲིད་ཇུས།

  • ཨན་ཧུའེ(安徽)ཡིས་བརྡ་སྦྱོར་བཏང་ནས། སློབ་ཆུང་གི་སློབ་ཞུགས་ལོ་ཚད་རྩ་དོན་ཐོག་ཟླ8ཚེས31ཉིན་བར་ལོ6ཧྲིལ་བོ་ཡིན་དགོས་པ་དང་། སློབ་གྲྭར་སློབ་གནས་ལྷག་མ་ཡོད་པའི་གནས་ཚུལ་འོག་ཏུ་ཆ་རྐྱེན་འོས་འཚམ་ངང་ལྷོད་ཆོག

  • ཅང་སུའུ(江苏)ཡིས་བྱེད་ཐབས་པར་འགྲེམས་བྱས་ནས། ས་གནས་ཁག་གིས་རྒྱལ་ཁབ་ཀྱི་རིམ་པ་གསུམ་པ་དང་དེའི་ཕྱིར་གཏོང་ཚད་གཞིའི་མན་གྱི་བུད་སྣུམ(柴油)ཟོག་འདྲེན་རླངས་འཁོར་འདོར་མཁན་ལ་བྱ་དགའི་ཁ་གསབ་མ་དངུལ་སྟེར་རྒྱུ།

  • ཧུའུ་པེ(湖北)ཡིས་ཇུས་གཞི་པར་འགྲེམས་བྱས་ནས། ཆ་རྐྱེན་དང་འཚམ་པའི་མི་སྒེར་གྱི་ལས་གཏོད་མཁན་གྱི་ལས་གཏོད་ཁག་ཐེག་དངུལ་བུན་གཏོང་ཚད་སྒོར་འབུམ2ནས་སྒོར་འབུམ3དུ་མཐོ་རུ་གཏོང་རྒྱུ།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཡུན་ནན་གྱི་ལྷོ་རྒྱུད། ཧྭ་ལྷོའི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ནས་ཆར་ཆེན་འབབ་པ་དང་། དེའི་ནང་ཀོང་ཏུང་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད་དང་། ཧའེ་ནན་གླིང་ཕྲན་གྱི་ཤར་རྒྱུད། ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་ཆེན་དང་དྲག་ཆར་འབབ་རྒྱུ་རེད།

微信图片_20230512083557.jpg

  • པེ་ཅིང་། 2023ལོའི་སྐར་བསགས་གཞིས་ཆགས་རེ་ཞུའི་ལས་དོན་དེ་ཚེས12ཉིན་གྱི་ཆུ་ཚོད20སྟེང་མཚམས་འཇོག་རྒྱུ།

  • ཧྲང་ཧའེ། ཚེས15ཉིན་ནས་ཚེས21ཉིན་བར། གློག་ཤུགས་གཉེར་ཚོང་ཞབས་ཞུའི་མ་ལག་རིམ་སྤོར་བྱེད་རྒྱུ་ཡིན་པ་དང་། དེའི་རིང་གློག་རིན་སྤྲོད་པ་དང་དྲ་ཐོག་ཐབས་ལམ་གྱི་གློག་སྤྱོད་ལས་སྒོ་སྒྲུབ་པ་སོགས་ཀྱི་ཞབས་ཞུའི་ལས་དོན་གནས་སྐབས་སུ་མཚམས་འཇོག་བྱེད་རྒྱུ།


མཉམ་སྤྱོད།