དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་ལྷན་གྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་བཅས་པ་རྐང་ཚར་ཕེབས་ནས་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་སྐབས་བརྒྱད་པའི་གྲ་སྒྲིག་ལས་དོན་ལ་བརྟག་ཞིབ་དང་མཛུབ་སྟོན་གནང་།

2023-05-12 09:01:48   |   478

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མི་དམངས་སྲིད་གཞུང་དང་རིག་གནས་གནས་སྐོར་ཅུ། བཤེར་འབེབས། རིན་ཆེན་ཚེ་རིང་།  


ཟླ5བའི་ཚེས8ཉིན། ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་བཅས་པ་རྐང་ཚ་་རུ2023ལོའི་་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྐབས་བརྒྱད་པ་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་བརྟག་ཞིབ་དང་མཛུབ་སྟོན་གནང་བར་ཕེབས། ཁོང་གིས་གསུངས་དོན། ཕྱོགས་ཡོངས་ནས་སྟབས་བདེ་དང་བདེ་འཇགས། ངོ་མཚར་ལྡན་པའི་སྒོ་ནས་འགྲན་སྡུར་སྤེལ་དགོས་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། ཚད་མཐའི་རིགས་ལམ་ཇེ་གསལ་དུ་གཏོང་བ་དང་ལས་དོན་སྒྲིག་སྲོལ་ཇེ་ཞིབ་ཏུ་བཟོས་ནས། སྟོབས་ཤུགས་གཅིག་སྒྲིལ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཐེངས་འདིའི་མདའ་འཕེན་འགྲན་སྡུར་དེ་ཁྱད་ཆོས་འབུར་དུ་ཐོན་པ་དང་ནང་དོན་ཕུན་སུམ་ཚོགས་པའི་ངང་ནས་སྤེལ་དགོས་ཚུལ་བསྟན། 

微信图片_20230512092247.jpg

བརྟག་ཞིབ་ཚོ་ཆུང་དང་བཅས་པས་འགྲན་སྡུར་གྲ་སྒྲིག་བྱས་ཚུལ་གྱི་སྙན་ཞུར་ཉན་པ་མ་ཟད། སྔ་རྗེས་སུ་རྫོང་རྟ་རྒྱུག་ཐང་དང་རྫོང་མི་རིགས་སློབ་འབྲིང་གི་ཡུལ་དངོས་སུ་ཕྱིན་ཏེ་འགྲན་སྡུར་ལ་གྲ་སྒྲིག་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་གནང་། 

微信图片_20230512092253.jpg

མགོན་པོ་བཀྲ་ཤིས་ཀྱིས་རྐང་ཚ་རྫོང་གི་འགྲན་སྡུར་གྲ་སྒྲིག་ལས་དོན་ཁས་ལེན་གང་ལེགས་གནང་ལ། བླང་བྱ་བཏོན་པ་ནི། གཅིག་ནས་ངོས་འཛིན་མཐོ་རུ་བཏང་སྟེ་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས། ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སྐབས་བརྒྱད་པ་ནི་དུས་རབས་ཀྱི་ཁྱད་ཆོས་དང་མི་རིགས་ཀྱི་ཁྱད་ཆོས། ས་གནས་ཀྱི་ཁྱད་ཆོས་བཅས་མངོན་དགོས་ལ། ལོ་རྒྱུས་རིག་གནས་དང་མི་རིགས་ཀྱི་སྲོལ་རྒྱུན། མདའ་འཕེན་ལག་རྩལ་བཅས་རྒྱུན་འཛིན་བྱེད་པའི་གཞི་རྟེན་གལ་ཆེན་དང་ཐབས་ལམ་ནུས་ལྡན་ཞིག་ཡིན་པས་རྐང་ཚས་ཆབ་སྲིད་ཀྱི་མཐོ་ཚད་ནས་འགྲན་སྡུར་ལེགས་པོར་སྤེལ་དགོས། གཉིས་ནས་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་འགན་སྲུང་ནུས་ཤུགས་ཇེ་ཆེར་གཏོང་དགོས།རྐང་ཚ་རྫོང་གིས་འགྲན་སྡུར་དང་ཕྱིར་སྐྱོད། ཞག་སྡོད། ཟས་རིགས། འགྲན་ཞུགས་བཅས་ཀྱི་བྱེད་སྒོ་རེ་རེ་དང་ལམ་མཚམས་རེ་རེ། ལས་གནས་རེ་རེ་བཅས་ནས་མགོ་བཙུགས་ཏེ།ནུས་ཤུགས་ཡོད་རྒུས་འགྲན་ཞུགས་ལུས་རྩལ་པའི་ཞབས་ཞུའི་ལས་དོན་སྣ་ཚོགས་ལ་འགན་སྲུང་ཡག་པོ་བྱེད་དགོས། གཙོ་བོ་མདའ་འཕེན་ལུས་རྩལ་པ་དང་ཤན་འབྱེད་པ། རྩལ་འཁྲིད་པ་གདན་འདྲེན་ཞུ་བའི་ལས་དོན་ལེགས་པོ་བསྒྲུབས་ནས། འགྲན་སྡུར་བྱེད་ས་དང་འགྲན་སྡུར་ཡོ་བྱད་གྲ་སྒྲིག མཁོ་སྒྲུབ་ཀྱི་ཞབས་ཞུ་སོགས་ལ་འགན་སྲུང་བྱེད་དགོས། གསུམ་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ་བདེ་འཇགས་འགན་སྲུང་བྱེད་དགོས། འགྲན་སྡུར་བྱེད་སྒོའི་ཁྲོད་ཐོན་པའི་གནས་ཚུལ་གསར་བ་དང་གནད་དོན་གསར་བ། འགྲན་རྩོད་གསར་བ་བཅས་ཁོང་དུ་ཆུད་དེ་འགྲན་སྡུར་ཁྲོད་ཀྱི་ཉེན་ཁ་འགོག་སྲུང་གི་ཇུས་གཞི་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། འཁྲབ་སྦྱོང་དང་འགྲན་སྡུར་གྱི་མགོ་མཇུག་བར་གསུམ་གྱི་ཉེན་ཁ་ཚོད་འཛིན་ལ་ཤུགས་སྣོན་བྱས་ནས། འགྲན་སྡུར་སྤེལ་བ་དང་འགྲན་སྡུར་ལ་ཞུགས་པའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན། 

微信图片_20230512092301.jpg

ཡིག་སྒྱུར།  རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། 


མཉམ་སྤྱོད།