དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་བསྡུས་ནས། མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལ་ཚབས་ཆེན་འགལ་བའི་གནད་དོན་དཔེ་གཞིར་བྱས་ཏེ་དག་ཐེར་བཀོད་སྒྲིག་བྱས།

2023-05-12 09:50:39   |   333

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་ཨུའི་གཞུང་ལས་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ5བའི་ཚེས9ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་རྒྱས་འཛོམས་ཚོགས་འདུ་གཙོ་སྐྱོང་གནང་ནས། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་དེ་དཔེ་གཞིར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་དག་ཐེར་བཅོས་སྐྱོང་བྱེད་པའི་བཀོད་སྒྲིག་ཚོགས་འདུ་དང《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་གིས〈མགོ་ཁྲིད་ལས་བྱེད་པ6གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་དེ་དཔེ་གཞིར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་བཅོས་སྒྲིག་ཇུས་གཞི〉པར་འགྲེམས་བྱས་པའི་སྐོར་གྱི་བརྡ་ཐོ》ཡི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཁུལ་ཡོངས་ཀྱིས་དཔེ་གཞིར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྒྲིག་བྱ་བ་གཏིང་ཟབ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་དང་། མཚོ་བྱང་ཁུལ་གྱི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས། 

ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་གི་ཁོངས་མི་དང་། ཁུལ་དམངས་ཆེན་དང་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རྫོང་བཞིའི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་དང་མཉམ་དུ་སེམས་ངོ་བསྟན་ནས་ཁ་བརྡ་བྱས་པ་དང་།  མགོ་ཁྲིད་ལས་བྱེད་པ6གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་ནས་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་པ་དང་འབྲེལ་ཡོངས་བསྒྲགས་ཁྱབ་བརྡ་བཏང་བ་དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་སྒོས་མངོན་ཡོད་པ་དང་། ཏང་ཀྲུང་དབྱང་གི་སྤྱོད་ཚུལ་བཟང་པོ་དང་སྒྲིག་ཁྲིམས་ནན་མོ། རུལ་སུངས་ལ་ངོ་རྒོལ་བྱེད་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པའི་རྣམ་འགྱུར་གསལ་བོ་གང་ལེགས་སྒོས་མཚོན་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་གི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ། ཞིང་ཆེན་ཏང་ཨུའི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བཅས་བྱས་ཏེ“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་དགོས་པར་བསྟན།

ཤ་བོ་སྐྱབས་ཀྱིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཧྲུའུ་ཅི་ཁྲེན་ཀང་གི་བླ་སྲོག་དྲི་བ་དྲུག་ལ་བསྡུར་བ་ནན་ཏན་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཡུན་རིང་ནུས་ལྡན་གྱི་སྒྲིག་ལམ་དང་ཚད་གཞི་བརྟན་པོ་ཞིག་ཡིན་པར་སྔར་བས་རིག་པ་དྭངས་གསལ་གྱིས་ངོས་འཛིན་བྱེད་དགོས་ལ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དང་བསྟུན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་རང་ཞིང་ཆེན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་ལ་བརྩི་སྲུང་ནན་མོ་བྱེད་དགོས། ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། རྒྱུན་ཆད་མེད་པར་སྤྱོད་ཚུལ་ལེགས་སྐྱོང་གཏིང་ཟབ་ཏུ་སྐྱོད་པ་དང་རྒྱུན་དུ་བཅོས་སྐྱོང་བྱེད་པའི་ཕུགས་ཕན་ལ་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་མགོ་ཁྲིད་ལས་བྱེད་པ6གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ཚབས་ཆེན་འགལ་བའི་གནད་དོན་དེ་དཔེ་གཞིར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་དག་ཐེར་བཅོས་སྐྱོང་གི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས། སྤྱོད་ཚུལ་གནད་དོན་གྱི་ཆབ་སྲིད་ཀྱི་གནོད་འཚེར་ངོས་འཛིན་གསལ་བོ་བྱས་ཏེ་དཔེ་གཞི་དཔྱད་གཞིར་འཛིན་པ་དང་། རང་ཟོན་རང་བརྟག་བཅས་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཐོག་ནས་སྤྱོད་ཚུལ་ལེགས་སྐྱོང་ཁོང་དུ་ཆུད་པ་དང་སྤྱོད་ཚུལ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་དགོས། “གལ་ཆེན་གསུམ་དང་འབོར་ཆེན་གཅིག”དང“ཐད་ཀར་ལས་བགོས་མི་བྱེད་པ་ལྔ”སོགས་ཀྱི་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་འགལ་གྱིས་ཟ་འཐུང་རྒྱུན་མཐུད་བཅོས་སྐྱོང་བྱེད་པ། དབང་ཆར་ལྟ་སྐུལ་དང་གནད་འགག་ཉུང་ཤས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དཔེ་གཞིར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། དཔེ་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། གྱོད་གཞིར་བརྟེན་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆེད་དོན་སློབ་གསོ་བཅོས་སྒྲིག་བྱ་རྒྱུ་རྒྱུན་མཐུད་ངང་ཕན་འབྲས་ཐོན་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་བའི་བླང་བྱ་སོ་སོ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་སྤྱོད་ཚུལ་འགྱུར་ལྡོག་གཏོང་རྒྱུ་དེ་བྱ་བའི་ཕན་འབྲས་ཐོག་མཚོན་པ་དང་མང་ཚོགས་ཀྱི་ཁས་ལེན་ཐོག་མངོན་པར་བྱེད་དགོས་པ་ནན་གྱིས་བསྟན།

ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་། ཁུལ་དམངས་ཆེན་དང་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། རྫོང་བཞིའི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་གཏན་འབེབས་ཐོག་གཅིག་གྱུར་མཐའ་གཅིག་ཏུ་ཡོང་བར་བྱེད་དགོས་པ་དང་། ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུ་བཅས་ཀྱི་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་དད་སེམས་བརྟན་པོ་རྒྱུན་འཁྱོངས་བྱས་ནས་ཡིན་མིན་ཆེན་པོའི་མདུན་དུ་རྐང་པ་བརྟན་པོ་ཚུགས་པ་དང་། ལམ་ཕྱོགས་དང་རྩ་དོན་གྱི་མདུན་དུ་ལངས་ཕྱོགས་བརྟན་པོ་ཡོད་པ། ཁེ་ཕན་བསླུ་བྲིད་ཀྱི་མདུན་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་དང་དཔེ་གཞི་དཔྱད་གཞིར་འཛིན་པ། དཔེ་གཞིར་བརྟེན་ནས་སྒྲིག་ཁྲིམས་གསལ་བོར་སྲུང་བ། དཔེ་གཞིར་བརྟེན་ནས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལངས་ཕྱོགས་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་དགོས་ལ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་སྤེལ་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་བླང་བྱ་སོ་སོ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ཞེས་མགྲིན་གཅིག་ཏུ་བཤད།

ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྡེ་ཁག་སོ་སོ། མང་ཚོགས་ཚོགས་པ་སོ་སོ། རྫོང་བཞིའི་གཙོ་འགན་འཁུར་མཁན་བློ་མཐུན་བཅས་ཚོགས་འདུར་ཞུགས།

ཚེ་བརྟན་ལྷ་མོས་བསྒྱུར།


མཉམ་སྤྱོད།