དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2023-05-15 09:14:59   |   308

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི7.67ཟིན་པ་དེ་དུས་མཚུངས་ལས10.6%འཕར་ཡོད།

  • དུས་ཚིགས་དང་པོར་རྒྱལ་ཡོངས་སུ་དམངས་གཉེར་ཁེ་ལས་ཁྲི203.9གསར་དུ་བཙུགས་པ་དེ་དུས་མཚུངས་ལས10.7%འཕར་ཡོད།

  • དངུལ་ཁང་གུན་སྐྱོབ་རྟོག་དམ་ཨུ་ལྷན་གྱི་བསྡོམས་རྩིས་གསར་ཤོས་ལས་མངོན་པ་ལྟར་ན། ཟླ་བཞི་པའི་ཟླ་མཇུག་བར་དངུལ་ཁང་ཆེ་གྲས་དྲུག་གི་འབྲུ་རིགས་གཙོ་གནད་ཁྱབ་ཁོངས་ཀྱི་དངུལ་བུན་ལྷག་གྲངས25%ལྷག་འཕར་ཡོད།

  • རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས2023ལོའི་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཡག་ཤོས་ཡོངས་བསྒྲགས་བྱས་པ་དང་ཁྱིམ་ཚང1000བདམས་ཐོན་བྱུང་།

    1.jpg

  • ལྷོ་རྒྱུད་འཐབ་ཁུལ་མཁའ་དམག་མཁའ་སྐྱོད་དམག་དཔུང་གི་ལུའེ(旅)ག་གེ་མོ་ཞིག་གིས་ཉིན་ཤས་བསྟུད་མར་དམའ་དབྱིངས་ཐོལ་འགོག་དང་། མཁའ་འཐབ་འགོག་རྒོལ་སོགས་དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱས།

  • འབར་མར་བཅའ་སྡོད་བྱས་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་མའོ་ཝ་ཏི་རུ་བཀག་ཡོད་པའི་ཀྲུང་གོའི་སྤྱི་དམངས་མང་པོ་བསྐྱབས་པ་དང་། རྒྱ་ཆེའི་ཀྲུང་གོའི་སྤྱི་དམངས་ལ་དྲ་རྒྱའི་གླ་ཕོགས་མཐོ་བའི་གདན་ཞུའི་ཆ་འཕྲིན་ལ་ཡིད་ཆེས་མི་རུང་བའི་དྲན་སྐུལ་བྱས།

  • ཚེས13ཉིན། ཀོ་བའི་དཀྲུག་གྲུའི་འཛམ་གླིང་བུམ་པའི་ཧང་གྷ་རི་ས་ཚིགས་ཀྱི་འགྲན་སྡུར་ཁྲོད། ཀྲུང་གོའི་འགྲན་ཞུགས་མི་སྣ་ཞུས་ཧྲི་ཞའོ་དང་སུན་མོང་ཡཱ་གཉིས་ཀྱིས་བུད་མེད་ཀྱི་མི་གཉིས་གྲུ་དཀྲུག་གི་སྨི500ཅན་གྱི་ཨང་དང་པོ་བླངས།

  • ཚེས13ཉིན། མདའ་འཕེན་འཛམ་གླིང་བུམ་པའི་པཱ་ཁུའུ་ས་ཚིགས་བུད་མེད་ཀྱི་སྨི25ཅན་གྱི་ལུས་རྩལ་དཀྲུམ་མདའི་རྟིང་རྩོད་འགྲན་སྡུར་ཁྲོད་ཀྲུང་གོའི་འགྲན་ཞུགས་པ་ཧྥེང་སི་ཞོན་གྱིས་ཨང་དང་པོ་བླངས།

སྤྱི་ཚོགས།

  • དེ་རིང་སྔ་དྲོ། ཧོང་ཧའེ་བྱང་རྒྱུད་མཚོ་ཁོངས་དང་། ལིའོ་ཏུང་ཕྱེད་གླིང་གི་འགྲམ་ངོགས་ཀྱི་མཚོ་ཁོངས་སུ་མཐོང་ཚད་སྤྱི་ལེ1ཡང་མ་ཟིན་པའི་སྨུག་པ་ཆེན་པོ་འཐིབས།

  • ལྷོ་ཆུ་བྱང་འདྲེན་ལས་ཤར་རྒྱུད་དང་དབུས་རྒྱུད་ཀྱི་དུས་ཐེངས་དང་པོའི་ལས་གྲྭའི་མིག་སྔར་གྱི་བྱང་ཕྱོགས་སུ་ཆུ་འདྲེན་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར620ལས་བརྒལ་ཡོད།

  • ཚེས13ཉིན། ཧྲན་ཞིའི་ཞིན་རྫོང་དུ་ཉེས་དོན་གྱོད་གཞི་ཚབས་ཆེན་ཞིག་བྱུང་། མི7རྐྱེན་ལམ་དུ་ཤོར་ལ་མི11ལ་རྨས་སྐྱོན་ཕོག ཉེས་གསོག་དོགས་ཅན་ཀུའོ་ལེང་ཆེ་གེ་མོ་འཛིན་བཟུང་བྱས།

  • ཁྲུང་ཆིང་ཉེན་རྟོག་ཕྱོགས་ཀྱིས་ཉིན་འགའི་སྔོན་ལ་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར60ཟིན་པའི་ཡིད་རྟོན་བྱང་བུ་ཁྲིམས་འགལ་གྱིས་སྒོར་བརྗེ་བྱེད་པའི་ཚོགས་པ་ཞིག་མེད་པར་བཟོས་པ་དང་། ཉེས་གསོག་དོགས་ཅན20འཛིན་བཟུང་བྱས།

    2.jpg

  • ཡུན་ནན་ཧོང་ལེན་རི་བོར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཏེ། སྣ་སྒོར་དབྱིབས་ཅན་གྱི་ད་བྱིད་གཟུགས་ཆེན་མཐོང་། 

  • ཝུའེ་ཧྥང་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་པ་སྟེ།  ཚེས16ཉིན་གྱི་ཆུ་ཚོད6པ་ནས་ཆུ་ཚོད18པའི་བར་པའོ་ཧའེ་ཝུའེ་ཧྥང་གྲུ་ཁའི་མཚོ་ཁོངས་ཁག་གཅིག་ཏུ་མེ་མདའ་དངོས་རྒྱག་རྒྱུ་ཡིན་པ་དང་། མཚོ་གྲུ་སྐྱོད་མི་ཆོག

    3.jpg

  • ཧྲན་ཞིའི་ཧུང་ཏུང་དུ་ཐང་རྒྱལ་རབས་ཀྱི་གོང་མའི་བཀའ་ཡིག་རྡོ་རིང་རྙེད།

    4.jpg

  • ལོ་བརྒྱ་ལ་སླེབས་པའི་འཇར་འགོག་དམག་འཁྲུག་གི་དམག་མི་རྒན་པ་ཧོ་ཞན་ཞོན་གྱིས་སྒོར་ཁྲི60ཞལ་འདེབས་ཕུལ་ནས་སློབ་སྐྱོར་ཐེབས་རྩ་བཙུགས་པ་དང་། ཕ་ཡུལ་གྱི་སྤྱོད་ཡོན་གཉིས་ལྡན་གྱི་དཀའ་ངལ་ཡོད་པའི་སློབ་མར་རོགས་སྐྱོར་བྱ་རྒྱུར་སྤྱད།

སྲིད་ཇུས།

  • ཡུན་ནན་གྱིས་ཆ་རྐྱེན་དང་འཚམ་པའི་མཐོ་སློབ་མཐར་ཕྱིན་སློབ་མར་མི་སྒེར་གྱི་ལས་གཏོད་ཁག་ཐེག་དངུལ་བུན་བཏང་བ་དང་། དངུལ་བུན་གཏོང་ཚད་མཐོ་ཤོས་སྒོར་ཁྲི20ཟིན་ཡོད།

  • ཧྥུ་ཅན་གྱིས་སྡོད་ཁུལ་གཞིས་ཁུལ་ནང་གི་བགྲོད་ལམ་དང་། རྒན་པའི་བྱེད་སྒོ་སྤེལ་ཡུལ། སྡོད་ཁང་གི་སྤྱི་པའི་བར་མཐོངས་བཅས་ལ་རྒན་པས་ངོས་འཛིན་བྱེད་བདེ་བའི་མཚོན་རྟགས་ཁྲིད་སྟོན་མ་ལག་འཛུག་དགོས་པ་ཁ་གསལ་བཏོན།

  • ཀོང་ཞིས་སྲིད་ཇུས་བཏོན་ནས་ཁེ་ལས་དང་བྱ་གཞག་སྡེ་ཚན་གྱི་ལས་ཞུགས་པ་གསར་པ་དང་། ལོ35མན་གྱི་འབུམ་རམས་པའི་སློབ་གནས་ལྡན་པའི་ན་གཞོན་འཇོན་མིར་མི་རེར་སྒོར་ཁྲི10ཡི་ཚད་གཞི་ལྟར་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་སྤྲོད་རྒྱུ་རེད།

འཚོ་བའི་དྲན་སྐུལ།

  • དེ་རིང་གི་གནམ་གཤིས། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། ཡུན་ནན་གྱི་དབུས་ནུབ་རྒྱུད། སི་ཁྲོན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེ་དག་ལས་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཡུན་ནན་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་འབབ་རྒྱུ་རེད།

5.jpg


མཉམ་སྤྱོད།