དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སྐབས་དང་པོས་མཚོ་བྱང་ཁུལ་དུ་ཏང་གཤིས་སློབ་གསོའི་བྱེད་སྒོ་སྤེལ།

2023-05-15 10:00:00   |   252

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་གསར་བརྗེའི་རྗེས་ཤུལ་འཚོལ་བ། གསར་བརྗེའི་སྙིང་སྟོབས་དར་སྤེལ། མདུན་སྐྱོད་ཀྱི་སྟོབས་ཤུགས་སྐུལ་སློང་བཅས་བྱ་ཆེད། ཟླ5བའི་ཚེས12ཉིན། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་སྐབས་དང་པོའི་སློབ་མ90ལྷག་མཚོ་བྱང་ཁུལ་དུ་ཡོང་ནས་ཏང་གཤིས་སློབ་གསོའི་བྱེད་སྒོ་སྤེལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་དང་། ཁུལ་དཔོན་གཞོན་པ་ཧ་ཝུན་ཞུག་གིས་ཕེབས་རོགས་གནང་།

༡.jpg

༢.jpg

མཚོ་སྔོན་གྱི་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་དུ་དཔེ་ཀློག་འཛིན་གྲྭའི་སློབ་མས《མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ནམ་ཡང་འོད་དུ་འཚེར་བའི》སྒྲོག་འགྲེལ་སྙན་ཞུར་ཉན་པ་དང་། “མདེལ་གཉིས་ཀྱི་བྱས་རྗེས”དང་ཚན་ཞིབ་མི་སྣ། ལག་རྩལ་བཟོ་བ། ལས་བྱེད་ལས་བཟོ་བཅས་དང་མི་དམངས་བཅིངས་འགྲོལ་དམག་གིས་གསེར་དངུལ་ཐང་དུ་ཀྲུང་ཧྭའི་རྡུལ་ཕྲན་མིང་བྱང་བཟོས་པའི་མི་སེམས་འགུལ་བའི་རླབས་ཆེན་བྱས་རྗེས་ཟབ་མོ་ཉམས་ལེན་བྱས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འགྲེལ་བཤད་པའི་སྣེ་ཁྲིད་འོག་སོ་སོར་འགྲེམ་ཁང་ལྔ་ལ་ལྟ་སྐོར་བྱས་པ་དང་། དེའི་རྗེས་འབར་བཀད་ཚོད་ལྟ་ཁང་གི་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ལ་ཉན་ནས་གསོན་ཉམས་ལྡན་པའི་རྣམ་པ་མྱོང་རོལ་བྱས་ཤིང་། སྣང་ཚུལ་བསྐྱར་མངོན་གྱི་བྱེད་ཐབས་ལ་བརྟེན་ནས་རང་རྒྱལ་གྱི་རྡུལ་ཕྲན་མཚོན་ཆ་ཞིབ་བཟོ་བྱེད་པའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་དང་རྒྱ་ཆེའི་ཚན་ཞིབ་ལས་སྒྲུབ་པས་དཀའ་སྤྱད་འབད་བརྩོན་བྱས་པར་སྔར་བས་རྒྱུས་ལོན་ཐུབ་པ་དང་། འབྱོར་མེད་གྲལ་རིམ་གྱི་གསར་བརྗེའི་རྒན་རབས་པ་ཚོའི་དཔའ་ཉམས་དང་མིག་རྒྱང་རིང་ཞིང་དགོངས་པ་ཟབ་མོ་ཚོར་ཐུབ་པ། མདེལ་གཉིས་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་མི་སྣས་ཤ་ཁྲག་གི་ལུས་པོར་བརྟེན་ནས་མེས་རྒྱལ་ལ་དགའ་ཞེན་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན། མཐུན་སྦྱོར་ཤུགས་ཆེན་དང་ཡང་རྩེར་འཛེག་ཕོད་པ་བཅས་ཀྱི་སྙིང་སྟོབས་གསལ་བཤད་དངོས་སུ་མྱོང་ཚོར་ཟབ་མོ་བྱུང་ཡོད།

༣.jpg

༤.jpg

སློབ་མ་ཚོས“མདེལ་གཉིས”ཀྱི་བྱ་གཞག་གི་གསར་འབྱེད་པ་ཚོས་མཚོ་སྔོན་གྱི་མྱ་ངན་ཐང་དུ་འཚོ་བཞེས་གནང་ཞིང་། ཉིན་མཚན་མེད་པར་འབད་འཐབ་བྱེད་པ། དཀའ་སྤྱད་ཀྱིས་ཞིབ་འཇུག་ལ་འབད་པ་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལོ་ཟླར་དྲན་གསོ་ཞུས་པ་དང་། མཉམ་དུ་ཀུན་གྱིས་ཤེས་རྟོགས་མི་ཐུབ་པའི་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེར་ཉན་པ། སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་གི་བརྗིད་ཉམས་ལྡན་པའི་ལེ་ཚན་དེ་མཉམ་དུ་ཕྱིར་དྲན་བྱེད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད། ཐེངས་འདིའི་ཏང་གཤིས་སློབ་གསོའི་བྱེད་སྒོ་ནི་རྩ་ཆེ་ལ་ཐོབ་དཀའ་བའི་སློབ་སྦྱོང་གི་གོ་སྐབས་ཤིག་ཡིན། ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་དམིགས་ཚད་ལས་འགན་གཏན་ཁེལ་དམ་པོར་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་དང་། བརྟག་དཔྱད་ཞིབ་འཇུག་ནུས་ལྡན། འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན། ཞིབ་བཤེར་དག་ཐེར་དངོས་འབྲེལ་བྱེད་པ། སྒྲིག་སྲོལ་དང་ལམ་ལུགས་སྤྱོད་གོ་ཆོད་པ་བཅས་བྱེད་ཐུབ་དགོས། བརྗོད་དོན་སློབ་གསོའི་ཕན་འབྲས་དངོས་ལ་བརྟེན་ནས་ཐིང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྟོབས་ཆེར་འགྲོ་བ་དང་། བསམ་བློར་གསོན་ཤུགས་ལྡན་པ། ལས་དོན་ཏན་ཏིག་སྒྲུབ་པ། སྒྲིག་ཁྲིམས་ནན་མོ་དང་སྤྱོད་ཚུལ་ཡག་པོ་ཡོང་བར་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་བརྗོད་དོན་སློབ་གསོ་མདུན་དུ་སྐྱོད་པ་དང་མིག་དཔེ་སྟོན་པར་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱ་བའི་སྣེ་ཁྲིད་པ་བྱེད་དགོས།                                                          

                                                                                                                                                                                                                             ཡིག་སྒྱུར། ཚེ་བརྟན་ལྷ་མོ།


མཉམ་སྤྱོད།