དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱིས་ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན།

2023-05-15 10:16:32   |   244

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉིང་རྡུལ་མཚོན་ཆ་དང་པོ་ཞིབ་འཇུག་གསར་སྤེལ་རྟེན་གཞིའི(མཚོ་སྔོན་གྱི221རྟེན་གཞི)གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་བྱ་བར་སྐུལ་འདེད་གཏོང་ཆེད།ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་དུ་བཞུགས་མོལ་ཚོགས་འདུར་ཕེབས་ནས་མཉམ་ལས་མཉམ་སྐྲུན་གྱི་ལས་དོན་ལ་ཤུགས་སྣོན་པའི་ཐད་བསམ་བློ་བརྗེ་རེས་གནང་བ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོས་ཕེབས་རོགས་བྱས། ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཧང་དབྱི་ཧུང་བཞུགས་མོལ་ཚོགས་འདུར་ཞུགས་པ་དང་འབྲེལ་ཚོགས་འདུར་གཙོ་སྐྱོང་གནང་ལ། ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཡོན་ཀྲང་གཞོན་པ་ཧོ་ཡིང་པོ། ཆབ་སྲིད་པུའུ་ཡི་ཀྲུའུ་རེན་གཞོན་པའམ་ཏང་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་ཝང་ཡ་བཅས་བཞུགས་མོལ་ཚོགས་འདུར་ཞུགས།

ཤ་བོ་སྐྱབས་ཀྱིས་ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བཅས་ཀྱི་བྱེད་སྟངས་དང་ཕན་འབྲས་ངོ་སྤྲོད་བྱས་པ་དང་མཚོ་བྱང་ཁུལ་གྱི་དགོས་མཁོའི་ཐད་རེ་ཞུ་བཏོན་ལ། ལྷག་བསམ་ཟོལ་མེད་ངང་ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གི་མགོ་ཁྲིད་མཚོ་བྱང་ཁུལ་གྱི་སྲིད་དབང་བཙུགས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་གདན་ཞུ་བྱས་ཤིང་། མ་འོངས་པར་ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གི་སྒེར་སེམས་མེད་པའི་རྒྱབ་སྐྱོར་དང་རོགས་རམ་འོག རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ལ་གྲུབ་འབྲས་གསར་བ་ཐོབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཧང་དབྱི་ཧུང་གིས། ཀྲུང་གོ་བཟོ་སྐྲུན་དངོས་ལུགས་ཞིབ་འཇུག་གླིང་གིས་སྔར་བཞིན་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྟེན་གཞིའི་གནའ་ཤུལ་དེར་ལོ་རྒྱུས་ཀྱི་དཔྱད་གཞིའི་དངོས་པོ་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ནས་རྩ་བ་འཚོལ་བ་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་གསར་བརྗེའི་ཞིབ་འཇུག་གསོ་སྦྱོང་སོགས་ཀྱི་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་བ་དང་། སློབ་གླིང་དང་མཚོ་བྱང་ས་ཁུལ་གཉིས་ཀྱིས་མཉམ་སྐྲུན་གྲོས་མཐུན་བཞག་སྟེ། མཚོ་བྱང་ཁུལ་གྱི་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་དང་བེད་སྤྱོད་འཛུགས་སྐྲུན་བྱ་བར་རོགས་རམ་བཅས་བྱ་རྒྱུ་ཡིན་ཞེས་བཤད།

མིག་སྔར། གྲོས་མཐུན་བྱུང་བ་ཁག་ཅིག་དོན་འཁྱོལ་བྱེད་བཞིན་ཡོད།                                    

 ཡིག་སྒྱུར། ཕག་མོ་ཚེ་བརྟན།


མཉམ་སྤྱོད།