དེ་རིང་ནི2025ལོའི་ཟླ07པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་ནུབ་མཚོ་གྲོང་རྡལ་གྱི་ཉེ་འཁོར་གྱི་ནུས་ཆུང་བེད་མེད་རྒྱུ་ནོར་དང་མཇུག་རུལ་ལས་གྲྭའི་གནས་ཚུལ་ལ་བརྟག་ཞིབ་བྱས་པ།

2023-05-15 15:17:37   |   305

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཀྲང་ཧྲིང་ཡོན་སྔ་རྗེས་སུ་ནུབ་མཚོ་གྲོང་རྡལ་གྱི་གཞུང་ལམ་ལས་གྲྭའི་རུ་ཁག་སྔོན་མ་དང་། བདེ་སྐྱིད་ཐང་གི་འབྲོག་པའི་སྡེ་གསར། སྟོང་སྐོར་དང་ཟི་ལིང་རྒྱུད་ཀྱི་རིམ་པ་དང་པོའི་གཞུང་ལམ་གྱི་ནུབ་མཚོ་གྲོང་རྡལ་གྱི་འཛུལ་སྒོའི་བྱང་ངོས་དང་། བྷོ་ཊའི་ལྗོངས་རི་སྐེད་མགྲོན་ཁང་སོགས་སུ་བསྐྱོད་དེ་ཕན་ནུས་ཆུང་ཞིང་བེད་མེད་དུ་གྱུར་བའི་རྒྱུ་དངོས་དང་བཟོ་སྐྲུན་མཇུག་རུལ་ཅན་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་། སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཚོ་ཅི་ཆིང་དང་དྲུང་ཡིག་ཆེན་མོ་ཀྲུའུ་ལིན། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུ་དང་བཟོ་འཕྲིན་ཅུ། མདའ་བཞི་རྫོང་གི་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་སོ་སོར་ཕེབས་རོགས་གནང་།

༡.png

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན།  ཕན་ནུས་ཆུང་ཞིང་བེད་མེད་དུ་གྱུར་བའི་རྒྱུ་དངོས་གཙང་སེལ་དང་སྤྱོད་སྒོ་ཡོད་པར་བྱེད་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་པ་ཡིན་ཏེ། ཆ་ཚང་ལ་ཡང་དག་པ། ཕྱོགས་ཡོངས་ནས་འཕེལ་རྒྱས་གསར་བའི་དགོངས་དོན་མཐའ་འཁྱོངས་དང་། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན། དེ་ལས་གཞན། ས་ཆའི་བར་སྟོང་གི་བཀག་རྒྱ་གཏོར་བ་དང་ས་ཆའི་ཐོན་ཁུངས་གྲོན་ཆུང་བྱེད་པ། ཕྱོགས་བསྡུས་བེད་སྤྱོད་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན། དེ་བས་ཕན་ནུས་ཆུང་ཞིང་བེད་མེད་དུ་གྱུར་བའི་རྒྱུ་དངོས་དང་བཟོ་སྐྲུན་མཇུག་རུལ་ཅན་གཙང་སེལ་དང་སྤྱོད་ནུས་མཐོ་རུ་གཏོང་དགོས།

༢.jpg

ཀྲང་ཧྲིང་ཡོན་གྱིས་བླང་བྱ་བཏོན་པ་ལྟར་ན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ཕན་ནུས་ཆུང་ཞིང་བེད་མེད་དུ་གྱུར་བའི་ཐོན་ཁུངས་དང་བཟོ་སྐྲུན་མཇུག་རུལ་ཅན་གྱི་སྤྱོད་སྒོ་མཐོ་རུ་གཏོང་བ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནས་ཚུལ་ཧྲིལ་བོའི་ཁྲོད་བཞག་སྟེ་ཇུས་འགོད་བྱ་དགོས་ལ། རང་འགུལ་སྒོས་བྱ་སྤྱོད་སྔོན་ཐོན་བྱེད་པ་དང་། སྡེ་ཁག་བར་གྱི་མཉམ་འགུལ་ལ་ཤུགས་སྣོན་བྱས་ཏེ། ཚན་རིག་དང་མཐུན་པའི་བཀོད་སྒྲིག་ཐབས་ཇུས་གཏན་འབེབས་བྱེད་དགོས། ནུབ་མཚོ་གྲོང་རྡལ་གྱི་གཞུང་ལམ་གྱི་ལས་གྲྭ་སྔོན་མའི་རྒྱུ་དངོས་བེད་མེད་དུ་གྱུར་བའི་གནད་དོན་དེ་ཁུལ་དཔོན་གཞོན་པ་ཚོ་ཅི་ཆིང་གིས་འགན་འཁུར་དགོས་པ་དང་། ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་མགོ་འཛིན་བྱས་ཏེ་འབྲེལ་ཡོད་སྡེ་ཁག་གིས་དབྱེ་ཞིབ་དང་ཞིབ་འཇུག་བྱེད་རོགས་བྱེད་དགོས་པ་དང་། མྱུར་དུ་ཐག་གཅོད་བྱེད་ཐབས་སྐོར་གྱི་གྲོས་འཆར་འདོན་དགོས། བདེ་སྐྱིད་ཐང་གི་འབྲོག་པའི་སྡེ་གསར་དང་། སྟོང་སྐོར་དང་ཟི་ལིང་རྒྱུད་ཀྱི་རིམ་པ་དང་པོའི་གཞུང་ལམ་གྱི་ནུབ་མཚོ་གྲོང་རྡལ་གྱི་འཛུལ་སྒོའི་བྱང་ངོས་ཀྱི་གནད་དོན་སྐོར་ལ་མདའ་བཞི་རྫོང་སྲིད་གཞུང་གིས་མྱུར་དུ་འབྲེལ་ཡོད་ཇུས་གཞི་དང་འཆར་བཀོད་འབྲི་དགོས་པ་དང་། ཁུལ་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ་ཞིབ་འཇུག་བྱ་དགོས། བྷོ་ཊའི་ལྗོངས་རི་སྐེད་མགྲོན་ཁང་གི་བཟོ་སྐྲུན་མཇུག་རུལ་བའི་གནད་དོན་སྐོར་ལ་མདའ་བཞི་རྫོང་སྲིད་གཞུང་གིས་མྱུར་དུ་ཁེ་ལས་ཀྱི་འགན་འཛིན་པར་འབྲེལ་བ་བྱས་ཏེ། འབྲེལ་ཡོད་གནད་དོན་མཐུན་སྦྱོར་བྱ་དགོས་པ་དང་། ངེས་གཏན་གྱི་དུས་ཚོད་ནང་རྣམ་གྲངས་ལེགས་འགྲུབ་ཡོང་ཐབས་བྱ་དགོས།

༣.jpg


མཉམ་སྤྱོད།